མད་ཐྰ་ལེའུ་གཉིས་པ།

ཤར་ལས་གནམ་གྱི་སྐར་མ་ལྟ་མཁན་གྱི་མི་ཡ་ཡེ་ཤུ་ལ་མཇལ་འོངས་པ།
1 ཡེ་ཤུ་༼རོ་མ་པའི་རྒྱལ་ཁབ་གྱི་༽ཡ་ཧུ་དྰ་མངའ་སྡེའི་བེད་ལེ་ཧེམ་སྨྲ་མཁན་གྱི་ཡུལ་གྲུ་ལ་སྐྱེ་ཟིན། འོའི་དུས་ཚོད་ལ་༼འོ་མངའ་སྡེའི་རྒྱལ་ས་ཡེ་རུ་སྰ་ལེམ་སྨྲ་མཁན་དེ་ལ་༽ཧེ་རོ་དྰ་སྨྲ་མཁན་གྱི་རྒྱལ་པོ་ཡོད་མཁན། ༼ཁོ་རོ་མ་པའི་གོང་མ་ཀེ་སར་གྱི་དབང་གི་འོག་ལ་སྡོད་དགོས་འོ་ཡོད་མཁན།༽ དེ་ནས་ཡེ་ཤུ་སྐྱེས་སྐྱེས་པ་ལ་(སྐྱེས་ཏེ་འགབ་ལས་)ཤར་ལས་གནམ་གྱི་སྐར་མ་ཡ་ཅི་ཅི་བྱེད་ཀོ་ནུག་སྨྲས་ཏེ་ལྟ་མཁན་གྱི་མི་ཡ་ཡེ་རུ་སྰ་ལེམ་ལ་སླེབ་འོང་ཟིན། 2 ཡེ་རུ་སྰ་ལེམ་ལ་སླེབ་འོངས་ཏེ་ཁོང་གིས་མི་ཡ་ལ། འདི་ཐེངས་དེ་རང་སྐྱེས་པའི་ཡ་ཧུ་དྰ་པ་ཡ་གི་རྒྱལ་པོ་ག་ན་བསྡད་དེ་ཡོད་པ། ཤར་ལ་སྐར་མ་གཅིག་ཐོན་པ་མཐོང་བས་ཡ་ཧུ་དྰ་པ་ཡ་གི་རྒྱལ་པོ་སྐྱེས་ཏེ་ཡོད་སྨྲས་ཏེ་(ཡ་ཧུ་དྰ་པ་ཡ་གི་རྒྱལ་པོ་སྐྱེ་བ་)ངེད་ཀྱིས་རྒྱུས་འབྱོར་ཟིན། འོ་རྒྱལ་པོ་ལ་མཇལ་ཅེས་སྨྲས་ཏེ་འདི་ལ་སླེབ་འོང་ཟིན། སྨྲས་ཏེ།།
3 འདི་སྐད་ཆ་ཐོས་ཏེ་རྒྱལ་པོ་ཧེ་རོ་དྰ་ཕྲ་དོག་གིས་ཚ་གི་ཚི་གི་བྱེད་ཟིན། འདི་སྐད་ཆ་རྒྱུས་འབྱོར་འབྱོར་བ་ལ་(རྒྱུས་འབྱོར་ཏེ་འགབ་ལས་)ཡེ་རུ་སྰ་ལེམ་གྱི་མི་ཡ་ཡང་ཚ་གི་ཚི་གི་བྱེད་ཟིན། 4 དེ་ནས་རྒྱལ་པོ་ཧེ་རོ་དྰས་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་མོ་༼མཆོད་དཔོན་ཆེན་མོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་ལ་སྐད་བརྒྱབ་སྟེ། དབང་སྐུར་ཐོབ་པ་སྨྲ་མཁན་གྱི་རྒྱལ་པོའི་སྐྱེ་མཁན་གྱི་ས་ཆ་ག་ན་ཡིན་པ། སྨྲས་ཏེ། 5 དེ་ནས་ཁོང་གིས་ཧེ་རོ་དྰ་ལ། ཡ་ཧུ་དྰ་མངའ་སྡེའི་བེད་ལེ་ཧེམ་སྨྲ་མཁན་གྱི་ཡུལ་གྲུ་ལ། ཅི་ལས་སྨྲ་ན་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས་འདིའི་དོན་དག་ལ་འདི་ཅོག་འདྲ་བྲིས་བཞག་ཡོད་པ།
6 ཡ་ཧུ་དྰའི་ཡུལ་གྲུ་ཡ་གི་དཀྱིལ་ལ་བེད་ལེ་ཧེམ་ཡུལ་གྲུ་དེ་ཆད་མ་ཡིན་རང་མིན་པ།།
ཅི་ལས་སྨྲ་ན་བེད་ལེ་ཧེམ་ལས་འགོ་པ་གཅིག་སྐྱེ་ཅེས་ནུག །
བ་གླང་རྫིས་བ་གླང་ལ་འཚོ་མཁན་ཅོག་འདྲ་ཁོས་ཀྱིས་ངའི་འབངས་མི་ཟེར་ཡིས་ར་ཨལ་ལ་འཚོ་ཅེས་ནུག །
སྨྲས་ཏེ་ཨལ་ལོ་ཧིམ་གྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་བཞག་ཡོད་པ། སྨྲས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་མོ་༼མཆོད་དཔོན་ཆེན་མོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་གིས་སྨྲ་ཟིན། 7 འོ་འདྲ་སྨྲ་མཁན་གྱི་དུས་ཚོད་ལ་རྒྱལ་པོ་ཧེ་རོ་དྰས་ཤར་ལས་འོངས་པའི་གནམ་གྱི་སྐར་མ་ལྟ་མཁན་གྱི་མི་ཡ་ལ་མིས་མི་ཐོས་མཁན་གྱི་ས་ཆ་ལ་ཁྱེར་ཏེ། (ཁྲིད་དེ།) འོ་སྐར་མ་ནམ་ཐོན་པ། ང་ལ་རྟག་རྟག་ཤོད་ཏོང་། སྨྲས་ཏེ། 8 དེ་ནས་སྐད་ཆ་རྒྱུས་འབྱོར་ཏེ་རྒྱལ་པོ་ཧེ་རོ་དྰས། སོང་། འོ་བུ་ཚའི་སྐད་ཆ་གང་པོ་རང་དྲིས་ཏེ་ང་ལ་བཤད་ཤོག  དེ་ནས་ང་ཡང་མཇལ་འགྲོ་མཁན། སྨྲས་ཏེ་སྐར་མ་ལྟ་མཁན་གྱི་མི་ཡ་ལ་བེད་ལེ་ཧེམ་ལ་གཏོང་རྫོང་ཟིན། 9 དེ་ནས་ཁོང་གིས་རྒྱལ་པོའི་བཀའ་ལ་ཉན་ཏེ་བེད་ལེ་ཧེམ་ལ་ཕར་འགྲོ་ཟིན།།
འགྲོ་བ་དང་(འགྲོ་འགྲོ་བ་སྒང་ལ་)ཤར་ལ་ཐོན་པའི་སྐར་མ་དེ་གཉིས་པར་ཡང་མཐོང་ཟིན། འོ་སྐར་མ་གདོང་གདོང་ལམ་ཞུགས་ཏེ་(འོ་སྐར་མ་ཁོང་གི་སྔོན་ལ་འགུལ་ཏེ་)སྲས་པོ་ཁྱེའུའི་ཡོད་ས་ཐད་ཀའི་ཐོག་ལ་རང་སླེབས་ཏེ་སྒུག་ཟིན། 10 འདི་མཐོང་སྟེ་ཁོང་འཇིགས་པོར་དགེ་བ་ལང་ཟིན། 11 དེ་ནས་འོ་ཁྱིམ་ལ་སླེབས་ཏེ་ནང་ལ་ཞུགས་ཏེ་ལྟ་བ་དང་ནི་(ལྟ་མཁན་སྒང་ལ་ནི་)བུ་ཚ་ཁྱེའུ་ལ་ཨ་མ་མིར་ཡམ་མཉམ་པོ་མཐོང་ཟིན། ཁོང་པུས་མོ་བཙུགས་ཏེ་བུ་ཚ་ཁྱེའུ་ལ་མཇལ་ཟིན། དེ་ནས་ཁོང་གིས་ཁྱེར་བའི་སྒམ་ཆུང་ཁ་ཕྱེ་སྟེ་བུ་ཚ་ཁྱེའུ་ལ་གསེར། ཤུག་པ་དང་སྤོས་དཀར་མཇལ་རྟེན་འབུལ་ཟིན།། ༼སྤོས་དཀར་སྨྲ་མཁན་དེ། རིན་གུས་པོ་འོང་མཁན། མེ་ལ་འཇུག་མཁན་གང་ལ་(མེ་ལ་འཇུག་པ་དང་)དྲི་མ་ཞིམ་པོ་ཁ་མཁན།༽
12 ཨལ་ལོ་ཧིམ་གྱིས་སྐར་མ་ལྟ་མཁན་གྱི་མི་ཡ་ལ་རྨི་ལམ་ལ། ཧེ་རོ་དྰའི་རྩར་ལ་ལོག་སྟེ་མ་འགྲོ་སྨྲས་པས། ཁོང་ལམ་གཞན་པ་ལས་བྱས་ཏེ་རང་གི་ལུང་པ་ལ་ལོག་འགྲོ་ཟིན།།
མི་སེར་རྒྱལ་ཁབ་ལ་བྲོས་པ།
13 སྐར་མ་ལྟ་མཁན་གྱི་མི་ཡ་ཕྱིན་ཕྱིན་པ་ལ་(ཕྱིན་ཏེ་འགབ་ལས་)ཡོ་སེབ་ཀྱིས་རྨི་ལམ་ལ་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་ལ་མཐོང་ཟིན། འོ་ལོན་སྐྱེལ་མཁན་གྱིས་ཁོ་ལ། ལང་དོང་། (ལོངས་དང་།) ཨ་མ་དང་བུ་ཚ་ཁྱེའུ་གཉིས་ཀ་ལ་ཁྱེར་ཏེ་ད་ལྟ་མི་སེར་རྒྱལ་ཁབ་ལ་སོང་། ངས་ཀྱིས་ཤོག་མ་སྨྲས་ཐུག་འོ་ལ་སྡོད་ཏོང་། ཁྱེད་ཀྱི་བུ་ཚ་ཁྱེའུ་ལ་ཧེ་རོ་དྰས་གསོད་ཅེས་འཚོལ་གོ་ནུག  སྨྲས་ཏེ། 14 དེ་ནས་ཡོ་སེབ་ལངས་ཏེ་ཨ་མ་དང་བུ་ཚ་ཁྱེའུ་གཉིས་ཀ་ལ་ཁྱེར་ཏེ་དགོང་མོ་རང་བེད་ལེ་ཧེམ་ལས་ཐོན་ཏེ་མི་སེར་རྒྱལ་ཁབ་ལ་འགྲོ་ཟིན། 15 ཧེ་རོ་དྰ་མ་ཤི་ཐུག་ཁོང་མི་སེར་ལ་སྡོད་ཟིན། འོ་འདྲ་བྱས་ཏེ་ཡ་ཝྰེས་རང་ལས་སྐད་ཆ་ཤོད་མཁན་ལ་སྨྲ་བཅུག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ། (སྐད་ཆ་ཤོད་མཁན་ལམ་ལས་ཡ་ཝྰེས་སྨྲས་པའི་སྐད་ཆ་འདི་ཅོག་འདྲ་བྱས་ཏེ་དོན་དག་འགྲུབ་ཟིན།) ངས་ཀྱིས་རང་གི་བུ་ལ་མི་སེར་ལས་སྐད་རྒྱབ་ཟིན།།
རྒྱལ་པོ་ཧེ་རོ་དྰའི་ཞེ་སྡང་།
16 དེ་ནས་སྐར་མ་ལྟ་མཁན་གྱི་མི་ཡ་གིས་ཁོ་ལ་གཡོ་སྒྱུ་བྱས་པའི་སྐད་ཆ་ཧེ་རོ་དྰས་རྒྱུས་འབྱོར་ཟིན། ཁོ་ནི་ཞེ་སྡང་གིས་མིག་རང་མ་མཐོང་། འོ་བུ་ཚ་ནམ་སྐྱེས་པ་སྨྲས་ཏེ་ཁོས་ཀྱིས་སྐར་མ་ལྟ་མཁན་གྱི་མི་ཡ་ལ་དྲིས་ཏེ་དྲན་པ་སོས་ཏེ་ཡོད་མཁན། འོའི་དུས་ཚོད་དྲན་པ་སོས་ཏེ་བེད་ལེ་ཧེམ་དང་འོའི་རྩར་ཟུར་གྱི་ཡུལ་ཡ་ལ་ཡོད་མཁན་གྱི་ལོ་གཉིས་དང་འོ་ཡིན་འཇུག་མར་འདབས་ཀྱི་བུ་བུ་ཚ་གང་པོ་ལ་རང་གསོད་འཇུག་ཟིན། 17 འོའི་དུས་ཚོད་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡེ་རེམ་ཡས་མངོན་ཤེས་བཤད་དེ་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།
18 རྰ་མལ་སྨྲ་མཁན་གྱི་ཡུལ་གྲུ་ལ་སྐད་ཆེན་མོ་ཞིག་བཏོན་ཏེ་མྱ་ངན་བྱེད་མཁན་ཐོས་འོ་ནུག །
རྰ་ཧེལ་རང་གི་བུ་ཚ་ཡ་གི་དོན་དག་ལ་ངུས་སྡོད་ཀོ་ནུག །
བུ་ཚ་གང་པོ་མོ་ལས་ཕྲོགས་པ་སོང་བས་
སུས་ཀྱང་མོའི་སེམས་འཛིན་འཇུག་མི་ཁུག་པས།།
སྨྲས་ཏེ་ཡེ་རེམ་ཡས་སྨྲས་བཞག་སྟེ་ཡོད་མཁན།།
མི་སེར་ལས་ནྰ་ཙ་རེལ་སྨྲ་མཁན་གྱི་ཡུལ་གྲུ་ལ་ལོག་འོངས་པ།
19 ཧེ་རོ་དྰ་ཤི་ཤི་བ་ལ་(ཧེ་རོ་དྰ་ཤི་སྟེ་འགབ་ལས་)ཡ་ཝྰེའི་ལོན་སྐྱེལ་མཁན་གྱིས་མི་སེར་ལ་ཡོ་སེབ་ཀྱི་རྨི་ལམ་ལ་འོངས་ཏེ། 20 ལང་དོང་། ད་ཨ་མ་དང་བུ་གཉིས་ཀ་ལ་ཁྱེར་ཏེ་ཡིས་ར་ཨལ་ལུང་པ་ལ་ལོག་སོང་། བུ་ལ་གསོད་ཅེས་འཚོལ་མཁན་གྱི་མི་འཆི་ཟིན་ཟིན། སྨྲས་ཏེ། 21 དེ་ནས་ཡོ་སེབ་ཀྱིས་ཨ་མ་དང་བུ་ལ་ཁྱེར་ཏེ་ཡིས་ར་ཨལ་ལུང་པ་ལ་ལོག་འགྲོ་ཟིན།།
22 ཡིན་ནས་ཧེ་རོ་དྰའི་བུ་ཨར་ཀེ་ལྰ་ནི་ཡ་ཧུ་དྰ་མངའ་སྡེའི་རྒྱལ་པོ་ཕྱིན་ནུག་སྨྲ་མཁན་ཐོས་ཏེ་ཡོ་སེབ་འོ་ལ་འགྲོ་ཅེས་ལ་འཇིགས་ཟིན། དེ་ནས་གཉིས་པར་ཡོ་སེབ་ཀྱི་རྨི་ལམ་ལ་ཨལ་ལོ་ཧིམ་གྱིས་བཀའ་སྟེར་ཟིན། འོ་བཀའ་ལ་ཉན་ཏེ་ཡོ་སེབ་ག་ལིལ་སྨྲ་མཁན་གྱི་ས་གནས་ལ་འགྲོ་ཟིན། 23 འོ་ལ་ནྰ་ཙ་རེལ་སྨྲ་མཁན་གྱི་ཡུལ་གྲུ་ལ་ཕྱིན་ཏེ་སྡོད་ཟིན། འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས། ཁོ་ལ་ནྰ་ཙ་རེལ་བ་སྨྲ་ཅེས་ནུག  སྨྲས་ཏེ་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།། །།