༡ མི་ཡ་ས་གཞི་ལ་འཕེལ་ཅེས་འགོ་འཙུགས་ཏེ་བུ་མོ་ཡ་ཁོང་ལ་སྐྱེ་ཟིན། ༢ ཨལ་ལོ་ཧིམ་གྱི་བུ་ཡ་གིས་༼རེ་འགའི་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱིས་ངོ་ལོག་བྱས་ཏེ་ཡོད་མཁན། ཁོང་གིས་༽མིའི་བུ་མོ་ཡ་ལ་༼ཀྰ་ཡན་གྱི་བུ་རྒྱུད་ཀྱི་བུ་མོ་ཡ་ལ་༽མཛེས་པོ་མཐོང་ཟིན། དེ་ནས་རང་གིས་འདམས་པའི་བུ་མོ་དེ་ལ་ཆུང་མ་ལེན་ཟིན། ༣ དེ་ནས་ཡ་ཝྰེས། ངའི་རྣམ་པར་དག་པའི་ཐུགས་ཀྱིས་མིའི་ནང་ལ་རྟག་པར་ཞལ་ཆེ་མི་གཅོད་མཁན། ཅི་ལས་སྨྲ་ན་མི་ནི་ཟུར་ཆག་པ་ཡོད། (སེམས་པ་ནག་པོ་ཡོད། ། རྒྱུ་མ་ནག་པོ་ཡོད།) ཁོང་ལ་ད་རུང་ལོ་བརྒྱ་དང་ཉི་ཤུ་འོང་ཅེས་ཡོད། ༼བརྒྱ་དང་ཁལ་གཅིག་འོང་ཅེས་ཡོད། ། ཁལ་དྲུག་འོང་ཅེས་ཡོད།༽ སྨྲས་ཏེ། ༤ འོའི་དུས་ཚོད་དང་འོའི་རྗེས་ལ་(འོའི་འགབ་ལས་)ས་གཞི་ལ་དབང་ཤུགས་ཆེན་པོའི་མི་ཡ་ཡོད་མཁན། ཨལ་ལོ་ཧིམ་གྱི་བུ་ཡ་མིའི་བུ་མོ་ཡ་མཉམ་པོ་ལུས་འབྲེལ་བྱས་ཏེ་འགབ་ལས་(ལུས་འབྲེལ་བྱས་བྱས་པ་ལ་) ཁོང་ལས་སྐྱེས་པའི་བུ་ཚ་ཡ་ནི་སྔ་མའི་དུས་ཚོད་ལ་དཔའ་བོ་དང་སྐད་གྲགས་ཆགས་པའི་མི་ཡ་ཡིན་མཁན།
༥ དེ་ནས་ས་གཞི་ལ་མིའི་སྐྱོན་ཡོད་པའི་སེམས་ཆེན་མོ་ཡོད་པ་ཡ་ཝྰེས་མཐོང་ཟིན། སེམས་ཀྱི་ནང་ལ་གྲོས་བྱས་པའི་བསམ་བློ་གང་པོ་ནམ་བྱེད་ན་ཡང་སྐྱོན་ཡོད་པ་ཡ་ཝྰེས་མཐོང་ཟིན། ༦ ཡ་ཝྰེས་ས་གཞི་ལ་བཟོས་པའི་མི་ཡ་ལ་མཐོང་སྟེ་འགྱོད་པ་སྐྱེ་ཟིན། ཡ་ཝྰེའི་བསམ་བློའི་ནང་ལ་སེམས་འཁྲུག་ཟིན། ཁོའི་སེམས་ནད་ཟིན། ༧ དེ་ནས་ཡ་ཝྰེས། ངས་ཀྱིས་བཀོད་པའི་མི་ས་གཞི་ལས་སྟོང་འཇུག་ཅེས་ཡོད། མི་མ་ཚད་རི་དྭགས་ཡ། ལྟོ་འགྲོ་དང་འབུ་སྲིན་ཡ་དང་གནམ་གྱི་བྱ་ཡ་ལ་ས་གཞི་ལས་སྟོང་འཇུག་ཅེས་ཡོད། ཅི་ལས་སྨྲ་ན་ངས་ཀྱིས་བཟོས་པ་ལ་བལྟས་ཏེ་ངས་ཀྱིས་སེམས་པ་འགྱོད་དེ་ཡོད་པ། སྨྲས་ཏེ། ༨ ནོ་ཨ་གཅིག་པོ་ལ་ཡ་ཝྰེའི་ཐུགས་རྗེ་ཐོབ་ཟིན།།
༩ འདི་ནི་ནོ་ཨའི་སྐོར་ལ་སྒྲུང་ཡིན་མཁན། ནོ་ཨའི་དུས་ཚོད་ལ་ཡོད་མཁན་གྱི་མིའི་ནང་ལས་(ནོ་ཨའི་མི་ཐོག་ལ་)ཁོ་དྲང་པོ་དང་སྐྱོན་མེད་པའི་མི་ཡིན་མཁན། ཁོ་ཨལ་ལོ་ཧིམ་མཉམ་པོ་རང་འགྲོ་འོ་ཡོད་མཁན། ༼ནོ་ཨ་ཨལ་ལོ་ཧིམ་གྱི་རོགས་ཡིན་མཁན། ནོ་ཨ་ཨལ་ལོ་ཧིམ་ལ་ཡིད་ཆེས་བྱེད་ཀོ་ཡོད་མཁན། ཨལ་ལོ་ཧིམ་གྱི་ཁ་ལ་ཉན་གོ་ཡོད་མཁན།༽ ༡༠ ནོ་ཨ་ལ་ཤེམ། ཧྰམ་དང་ཡ་ཕེད་སྨྲ་མཁན་གྱི་བུ་གསུམ་ཡོད་མཁན། ༡༡ ཨལ་ལོ་ཧིམ་གྱིས་མཐོང་མཁན་གང་ལ་(ཨལ་ལོ་ཧིམ་གྱིས་མཐོང་བ་དང་)ས་གཞིའི་མི་ཡ་སེམས་པ་ནག་པོ་དང་གཅིག་ལ་གཅིག་གི་ཐོག་ལ་སྐྱོན་མ་བྱས་པ་གཅིག་རང་མཐོང་ཟིན། ༡༢ དེ་ནས་ཨལ་ལོ་ཧིམ་གྱིས་ས་གཞི་ལ་མཐོང་བ་དང་འོ་དེ་སྐྱོན་མའི་(ཟུར་ཆག་པའི་)ལས་ཀས་ཀྱིས་གང་བ་མཐོང་ཟིན། ཅི་ལས་སྨྲ་ན་ས་གཞི་ལ་ཡོད་མཁན་གྱི་མི་ཡ་གིས་རང་རང་སོ་སོའི་འགྲོ་དང་སྡོད་དང་(རང་རང་གི་འགྲོ་ལུགས་སྡོད་ལུགས་)སྐྱོན་མ་བཟོ་ཟིན་ཏེ་ཡོད་མཁན། ༡༣ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ། མི་ཡ་གིས་བྱས་པའི་སྐྱོན་གྱིས་ས་གཞི་བཀང་བས། མི་རིགས་ཀྱི་མཐའ་མ་ངའི་མདུན་ལ་(ངའི་གདོང་ལ་)སླེབས་ཡོད་མཁན། ངས་ཀྱིས་ཁོང་ལ་ས་གཞི་ལས་སྟོང་འཇུག་ཅེས་ཡོད།།
༡༤ ཁྱོད་ཀྱིས་རང་གི་ཆེད་དུ་ཐང་ཤིང་གི་(ཤུགས་པ་སྡོང་པོའི་ཤིང་གི་)གྲུ་གཟིངས་གཅིག་བཟོ་དོང་། འོ་གྲུ་གཟིངས་ལ་ཁང་མིག་ཡ་(རྒྱ་རྒྱ་བྱས་ཏེ་སྡོད་ས་ཡ་)བཟོ་དོང་། དེ་ནས་ཕྱི་ལོགས་དང་ནང་གཉིས་ཀ་ལ་ཆུ་མི་འཇུག་མཁན་ཐང་ཆུས་(བྲག་ཞུན་གྱིས་)གཏུམ་སྟེ་སྲ་བར་བྱེད་དོང་། (ཆུ་མི་འཇུག་ཅེས་སྨྲས་ཏེ་ཐང་ཆུས་བསྐུས་ཏེ་སྲ་བར་བྱེད་དོང་།) ༡༥ ཁྱོད་ཀྱིས་གྲུ་གཟིངས་དེ་འདི་ཅོག་འདྲ་བྱས་ཏེ་བཟོ་དོང་། གྲུ་གཟིངས་ཀྱི་རིང་ཐུང་ནི་ཁྲུ་གསུམ་བརྒྱ། (རིང་ཐུང་ནི་འདོམ་པ་བརྒྱ་དང་བཞི་བཅུ།) ཞེང་ནི་ཁྲུ་ལྔ་བཅུ། (ཞེང་ནི་འདོམ་པ་ཉི་ཤུ་རྩ་གསུམ།) མཐོ་ཚད་ནི་(དཔངས་ནི་)ཁྲུ་སུམ་བཅུ་བཟོ་དོང་། (མཐོ་ཚད་ནི་འདོམ་པ་བཅུ་བཞི་བཟོ་དོང་།) ༡༦ དེ་ནས་གྲུ་གཟིངས་ལ་འོད་འོང་འཇུག་སྨྲས་ཏེ་(འོང་འཇུག་ཅེས་ལ་ ། འོད་འོང་འཇུག་ཅེས་སྨྲས་ཏེ་)སྒེ་ཁུང་ཡ་གྲུ་གཟིངས་ཀྱི་ཐོག་གི་སྐོར་བཟོ་དོང་། ཐོག་ལས་ཁྲུ་གཅིག་གི་འོག་ལ་བཟོ་དོང་། (ཐོག་ལས་འདོམ་པ་ཕྱེད་ཀའི་འོག་ལ་བཟོ་དོང་།) དེ་ནས་གྲུ་གཟིངས་ཀྱི་ལྡེབས་ལ་སྒོ་གཅིག་འདོན་དང་། གྲུ་གཟིངས་ལ་ཐོག་ཁང་གསུམ་བཟོ་དོང་། འོག་ཁང་། བར་ཁང་དང་སྟེང་ཁང་བཟོ་དོང་། ༡༧ ལྟོས་དང་། ས་གཞི་ལ་སྲོག་གི་དབུགས་ཡོད་པའི་ཤ་གང་པོ་གནམ་གྱི་འོག་ལས་སྟོང་འཇུག་ཅེས་ལ་(སྟོང་འཇུག་ཅེས་སྨྲས་ཏེ་)ངས་ཀྱིས་ས་གཞི་ལ་ཆུ་ལོག་འཁྱེར་འོང་ཅེས་ཡོད། ས་གཞི་ལ་དབུགས་ཡོད་པ་གང་པོ་འཆི་ཅེས་ཡོད། ༡༨ ཡིན་ནས་ང་ཁྱོད་མཉམ་པོ་དམ་བཅའ་གཅིག་(ཁ་ཆད་གཅིག་)འཇོག་མཁན། (འཇོག་ཅེས་ཡོད།) གྲུ་གཟིངས་ཀྱི་ནང་ལ་ཁྱོད་འཇུག་མཁན་མ་ཚད། ཁྱོད་མཉམ་པོ་རང་གི་བུ་ཡ། རང་གི་ཆུང་མ་དང་རང་གི་བུ་ཡ་གི་ཆུང་མ་ཡ་འཇུག་དགོས་མཁན། ༡༩ དེ་ནས་ལུས་ཅན་གང་པོའི་རིགས་རེ་རེ་ལས་གཉིས་གཉིས་བྱས་ཏེ་གྲུ་གཟོངས་ཀྱི་ནང་ལ་ཁྲིད། འདི་ལུས་ཅན་ཡ་ཁྱོད་མཉམ་པོ་རང་ཐར་ཅེས་སྨྲས་ཏེ་ཕོ་མོ་གཉིས་དགོས་མཁན། ༢༠ བྱ་ཡ་རང་རང་གི་རིགས་ཅོག་འདྲ། རི་དྭགས་ཡ་དང་ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་ཡ་རང་རང་གི་རིགས་ཅོག་འདྲ། ལྟོ་འགྲོ་དང་འབུ་སྲིན་གང་པོ་རང་རང་གི་རིགས་ཅོག་འདྲ་ཐར་ཅེས་སྨྲས་ཏེ་འོ་གང་པོ་ལས་གཉིས་གཉིས་བྱས་ཏེ་ཁྱོད་ཀྱི་རྩར་ལ་འོང་ཅེས་ཡོད། ༢༡ དེ་ནས་ཁྱེད་དང་ལུས་ཅན་ཡ་གི་ཆེད་དུ་སྣ་གང་པོའི་ལྟོ་ཡ་བསྡུས་ཏེ་གྲུ་གཟིངས་ལ་འཇོག་དོང་། སྨྲས་ཏེ། ཨལ་ལོ་ཧིམ་གྱིས། ༢༢ དེ་ནས་ཨལ་ལོ་ཧིམ་གྱིས་ནོ་ཨ་ལ་བཀའ་བསྟེར་བ་ཅོག་འདྲ་རང་ནོ་ཨས་ཀྱིས་བྱེད་ཟིན།། །།