ཡ་རུ་ཤ་ལེམ་གྱི་མཆོད་ཁང་སྟོངས་མཁན་གྱི་དོན་དག་ལ།
༡ ཡེ་ཤུ་ཡ་ཧུ་དྰ་པའི་མཆོད་ཁང་ལས་འགྲོ་མཁན་གང་ལ་(འགྲོ་བ་དང་)ཉེ་གནས་ཡ་འོངས་ཏེ། འདི་མཆོད་ཁང་གི་བཟོ་ལྟ་ག་འདྲ་ཡག་པོ། སྨྲས་ཏེ་གཏམ་གཞི་འདོན་ཟིན། ༢ དེ་ནས་ཡེ་ཤུས་ཀྱིས། ཁྱེད་ཀྱིས་འདི་མཆོད་ཁང་ལ་མཐོང་སྟེ་ཧ་ལས་འོ་ནུ་འམ། (ངོ་མཚར་སྐྱེ་འོ་ནུ་འམ།) ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག དུས་ཚོད་གཅིག་སླེབ་ཅེས་ཡོད། འོ་དུས་ཚོད་ལ་འདི་བྱད་ལག་གང་པོ་རྨང་ཐུག་རང་ཕ་རང་ཕུ་རུང་(ཟིང་ཕྱང་ཚ་པོ་)འགྲོ་ཅེས་ཡོད། རྩིག་པའི་གཞི་ཅི་ཡང་ལུས་ཅེས་མེད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ།།)
༣ དེ་ནས་ཡེ་ཤུ་ཁ་སྐྱུར་པོའི་ཤིང་གི་རི་ལ་སྡོད་མཁན་གང་ལ་(སྡོད་པ་དང་)ཉེ་གནས་ཡ་གིས་ཁ་འཛུམ་པ་འོངས་ཏེ་ཡེ་ཤུ་ལ། སློབ་དཔོན་ངེད་ལ་སྨྲ་དོང་། འོ་སྐད་ཆ་(འོ་དོན་རྐྱེན་)ནམ་དོན་དག་འགྲུབ་ཅེས་ཡོད་པ། དེ་ནས་ཁྱོད་འབྱོན་མཁན་དང་འཛམ་བུ་གླིང་སྟོངས་མཁན་གྱི་ཉི་མ་སླེབ་ཅེས་བྱེད་ཟིན་སྨྲས་ཏེ་ངེད་ཀྱིས་ག་འདྲ་བྱས་ཏེ་ཤེས་ཁུག་ཅེས། སྨྲས་ཏེ་ཉེ་གནས་ཡ་གིས་འདྲི་ཟིན།
༤ དེ་ནས་ཡེ་ཤུས་ཀྱིས། འཛེམ་པར་བྱེད་ཏོང་འོག་མ་ཡ། སུ་ཞིག་གིས་ཀྱང་ཁྱེད་ལ་མགོ་སྐོར་མ་མྱོང་འཇུག་སྨྲས་ཏེ་(མ་མྱོང་འཇུག་ཅེས་ལ་)འཛེམ་པར་བྱེད་ཏོང་། ༥ མི་མང་པོས་ངའི་མིང་བཏོན་ཏེ། དབང་སྐུར་ཐོབ་པ་ང་རང་ཡིན་པ། སྨྲས་ཏེ་མི་མང་པོ་ལ་མགོ་སྐོར་ཅེས་ཡོད། དེ་ནས་ཁྱེད་ཀྱིས་རང་གི་འགྲམ་ཡ་ལ་ཡང་། ཐག་རིང་པོའི་ས་ཆ་ཡ་ལ་ཡང་དམག་རྒྱབ་ཀོ་ནུ་སྨྲས་ཏེ་ཐོས་ཅེས་ཡོད། ༦ འོ་ཙམ་གང་ལ་(འོ་ཙམ་ལ་)ཁྱེད་མ་འཇིགས། འདི་ཅོག་འདྲའི་སྐད་ཆ་ནི་(དོན་རྐྱེན་ཡ་ནི་)འོང་དགོས་མཁན་ཡིན་པ། ཡིན་ནས་འོ་ཙམ་ལ་ནི་འཛམ་བུ་གླིང་མི་སྟོངས་མཁན། ༧ བརྒྱུད་པ་གཅིག་གིས་གཅིག་ལ་དམག་རྒྱབ་ཅེས་ཡོད། རྒྱལ་ཁམས་གཅིག་གིས་གཅིག་ལ་འཇོམས་ཅེས་ཡོད། ས་ཆ་མང་པོ་ལ་མུ་གེ་དང་རིམས་རྒྱབ་ཅེས་ཡོད། དེ་ནས་ས་འགུལ་འོང་ཅེས་ཡོད། ༨ འདི་གང་པོ་ནི་བུ་ཚ་སྐྱེ་ཅེས་བྱེད་མཁན་གང་ལ་(སྐྱེ་ཅེས་བྱེད་པ་དང་)ཨ་མ་ལ་ད་རེ་ཟུག་རྒྱབ་མཁན་ཅོག་འདྲ་ཞིག་ཡིན་པ།།
༩ ཁྱེད་ངའི་མིང་གི་དོན་དག་ལ་(ཁྱེད་ངའི་མིང་ལ་བསྡད་པ་སོང་བས་)མི་ཡ་གིས་ཁྱེད་ལ་སྡུག་པོ་སྟེར་ཅེས་ཡོད། ཁྱེད་ལ་བཟུང་སྟེ་གསོད་ཅེས་ཡོད། བརྒྱུད་པ་བརྒྱུད་པའི་མི་ཡ་གིས་(བརྒྱད་པ་གང་པོའི་མི་ཡ་གིས་)ཁྱེད་ལ་རྔན་ཆེན་བྱེད་ཅེས་ཡོད། ༡༠ འོ་ཙམ་གང་ལ་ཉེ་གནས་མང་པོས་དད་པ་ལོག་ཅེས་ཡོད། གཅིག་གིས་གཅིག་ལ་སྲེག་རྒྱབ་ཅེས་ཡོད། གཅིག་གིས་གཅིག་ལ་རྔན་ཆེན་བྱེད་ཅེས་ཡོད། ༡༡ རྫུན་གྱི་མངོན་ཤེས་ཤོད་མཁན་མང་པོ་འཐོན་ཅེས་ཡོད། དེ་ནས་མི་མང་པོ་ལ་མགོ་སྐོར་ཅེས་ཡོད། ༡༢ ག་ན་ག་ན་ཉེས་པ་ཡ་ཕེལ་བ་སོང་བས་མི་མང་པོ་དེ་བརྩེ་བ་གོ་ལེ་གོ་ལེ་བྱས་ཏེ་སྟོར་ཏེ་འགྲོ་ཅེས་ཡོད། ༡༣ ཡིན་ནས་འགབ་ཐུག་ལ་(མཐའ་མ་ཐུག་ལ་)དད་པ་མ་ལོག་པ་བྱས་ཏེ་སྡོད་མཁན་ཡ་ལ་ཐར་ཅེས་ཡོད། ༡༤ འཛམ་བུ་གླིང་གི་བརྒྱུད་པ་གང་པོས་ཨལ་ལོ་ཧིམ་གྱིས་བྱས་པའི་ལས་ཀའི་དོན་དག་ལ་ཐོས་འཇུག་སྨྲས་ཏེ་(ཐོས་འཇུག་ཅེས་ལ་)ཨལ་ལོ་ཧིམ་གྱི་ཉེ་གནས་ཡ་གིས་འཛམ་བུ་གླིང་ག་ན་ག་ན་ཕྱིན་ཏེ་ཨལ་ལོ་ཧིམ་གྱིས་རྒྱལ་པོ་བྱེད་མཁན་གྱི་དོན་དག་ལ་ལོན་བཟང་(ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཀྱི་ལོན་བཟང་)ཤོད་ཅེས་ཡོད། དེ་ནས་འཛམ་བུ་གླིང་གི་སྟོངས་མཁན་གྱི་ཉི་མ་སླེབ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ།།)
སྡུག་པོ་ཆེན་པོ་འབབ་མཁན་གྱི་དོན་དག་ལ།
༡༥ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ད་ནི་ཨལ་གྱིས། རྣམ་པར་དག་པའི་ས་ཆ་ལ་སྐྱུག་བྲོ་ཅེས་ཅོག་འདྲའི་བྱད་ལག་ཅིག་བཞག་པ་འོང་ཅེས་ཡོད། སྨྲས་ཏེ་བྲིས་བཞག་སྟེ་ཡོད་པ། ༼ཀློག་མཁན་གྱི་མིས་འདི་སྐད་ཆའི་དོན་དག་ཅི་ཡིན་པ་སྨྲས་ཏེ་ཡག་པོ་བྱས་ཏེ་བསམ་བློ་གཏོང་ཆུག༽ ༡༦ འོ་ཅོག་འདྲའི་བྱད་ལག་ཅིག་རྣམ་པར་དག་པའི་ས་ཆ་ལ་བཞག་པ་མཐོང་སྟེ་འགབ་ལས་(མཐོང་མཐོང་བ་ལ་)ཡ་ཧུ་དྰའི་མངའ་སྡེ་ལ་སྡོད་མཁན་གྱི་མི་ཡ་རི་ཁ་ངོས་འབྲོས་ཆུག ༡༧ འོ་ཙམ་གང་ལ་ཁང་པའི་ཐོག་ལ་སྡོད་མཁན་གྱི་མི་ཡ་རང་གི་བྱད་ལག་ལེན་ཅེས་ལ་ཁྱིམ་གྱི་ནང་ལ་མ་འཇུག་ཆུག ༡༨ ཞིང་ལ་ལས་ཀ་བྱེད་མཁན་གྱི་མི་ཡ་བཀབ་ཆ་ལེན་ཅེས་ལ་ཁང་པ་ལ་ལོག་མ་འགྲོ་ཆུག ༡༩ འོ་ཙམ་གང་ལ་གཟུགས་པོ་ལ་སྐྱེ་ཅེས་བྱེད་མཁན་དང་བུ་ཚ་ཁྱེའུ་ཡོད་མཁན་གྱི་ཨ་མ་ཡ་ལ་ཁེན་པ་ཁག་པོ་འོང་ཅེས་ཡོད། ༢༠ ཁྱགས་པ་ཟླ་བ་(དགུན་ཀ་)དང་ངལ་གསོ་མཁན་གྱི་ཉི་མ་ལ་འབྲོས་མ་དགོས་འཇུག་སྨྲས་ཏེ་(འབྲོས་མ་དགོས་འཇུག་ཅེས་ལ་)གསོལ་བ་འདེབས་ཏོང་། ༢༡ ཅི་ལས་སྨྲ་ན། འོ་ཙམ་གང་ལ་འབབ་མཁན་གྱི་སྡུག་པོ་འཛམ་བུ་གླིང་ཆགས་ལས་ཡིན་འཇུག་(འཛམ་བུ་གླིང་བཀོད་པ་ལས་)ད་ལྟ་ཐུག་བབས་པ་མེད། དེ་ནས་འགབ་ལས་ཀྱང་(རྗེས་ལ་ཡང་)འབབ་ཅེས་མེད། ༢༢ ཨལ་ལོ་ཧིམ་གྱིས་འོ་སྡུག་པོ་ཆེན་པོ་འབབ་མཁན་གྱི་ཉི་མ་མ་ཕྲིས་པ་ཡིན་ན་ནི་མི་གཅིག་ཀྱང་ཐར་ཅེས་མེད། ཡིན་ནས་རང་གི་འདམས་པའི་མི་ཡ་གི་དོན་དག་ལ་ནི་ཨལ་ལོ་ཧིམ་གྱིས་འོ་ཉི་མ་ཡ་འཕྲི་འཚར་ཟིན།། (འཕྲི་ཟིན་ཟིན།།)
༢༣ མི་ཡ་གིས་ཁྱེད་ལ། འདི་ལ་ལྟ་དོང་། དབང་སྐུར་ཐོབ་པ་འདི་ལ་ནུ། ཕ་གིར་ལྟ་དོང་། ཕ་གིར་ནུ། སྨྲས་ཏེ་སྨྲ་ཅེས་ཡོད། འོ་ཙམ་གང་ལ་ཁྱེད་ཀྱིས་མི་ཡ་གིས་སྨྲ་མཁན་གྱི་སྐད་ཆ་ལ་ཡིད་མ་ཆེས། ༢༤ རེ་འགའས། དབང་སྐུར་ཐོབ་པ་ང་རང་ཡིན། དེ་ནས་རེ་འགའས། ང་ཨལ་གྱི་སྐད་ཆ་ཤོད་མཁན་ཡིན། སྨྲས་ཏེ་རྫུན་བརྒྱབ་སྟེ་འོང་ཅེས་ཡོད། ཁོང་གིས་ལས་ཀ་ཡ་མཚན་ཆེ་བ་ཡ་(ལས་ཀ་ངོ་མཚར་ཆེ་བ་ཡ་)བསྟན་ཏེ་མི་ཡ་ལ་མགོ་སྐོར་ཅེས་ཡོད། གླགས་འཁེལ་མཁན་ཡིན་པ་ཡིན་ན་ཁོང་གིས་ཨལ་ལོ་ཧིམ་གྱིས་འདམས་པའི་མི་ཡ་ལ་ཡང་མགོ་སྐོར་འཇུག་ཅེས་ཡོད། ༢༥ འདི་སྐད་ཆ་ཡ་དྲན་པ་གསོ་འཇུག་སྨྲས་ཏེ་(འདི་སྐད་ཆ་ཡ་དྲན་པ་གསོ་འཇུག་ཅེས་ལ་)ད་ལྟ་ངས་ཁྱེད་ལ་སྨྲས་འཇོག་མཁན། ༢༦ འོ་སོང་བས་མི་ཡ་གིས་ཁྱེད་ལ། ཁོ་རི་སྐམ་པོ་ལ་འཐོན་འོང་ཟིན་ནུ། སྨྲས་ཏེ་སྨྲ་ན་ཡང་འོ་ལ་མ་འགྲོ། ཁོང་གིས། འདི་ལ་ལྟོས་ཤོག ཁོ་ཁང་པའི་ནང་ལ་ཡིབ་སྟེ་སྡོད་ཀོ་ནུ། སྨྲས་ཏེ་སྨྲ་ན་ཡང་ཁོང་གི་སྐད་ཆ་ལ་ཡིད་མ་ཆེས། ༢༧ ཅི་ལས་སྨྲ་ན་ག་འདྲ་བྱས་ཏེ་གནམ་ལ་གློག་རྒྱབ་མཁན་གང་ལ་(གློག་རྒྱབ་པ་དང་)ཤར་ཡིན་འཇུག་ནུབ་ཐུག་(ཤར་ལས་ནུབ་ཕྱོགས་ལ་)སྐྱ་སང་ངེ་འགྲོ་མཁན་འོ་ཅོག་འདྲ་བྱས་ཏེ་མིའི་བུ་ཐོན་ཏེ་འོང་ཅེས་ཡོད། ༢༨ གོ་བོ་ཡ་རོ་ཡོད་མཁན་གྱི་ས་ཆ་ལ་འཛོམ་མཁན། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ།།)
མིའི་བུ་འོང་མཁན་གྱི་ཉི་མ།
༢༩ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ འདི་སྡུག་པོ་ཆེན་པོ་ཡ་འབབ་ཟིན་ཏེ་འགབ་ལས་(འབབ་ཟིན་ཟིན་པ་ལ་)ཉི་མ་ནག་ཁུང་འགྲོ་ཅེས་ཡོད། ཟླ་ཡུམ་འཆར་ཅེས་མེད། སྐར་མ་ཡ་གནམ་ལས་མར་རྡེབ་འོང་ཅེས་ཡོད། (གནམ་ལས་རྡེབ་ཅེས་ཡོད།) གནམ་གྱི་ཉི་མ། ཟླ་ཡུམ་དང་སྐར་མ་ཡ་གིས་རྟག་རྟག་བྱས་ཏེ་ནམ་རྩིས་འཛིན་ཅེས་མེད། ༣༠ འོའི་འགབ་ལས་(འོའི་རྗེས་ལ་)གནམ་ལ་མིའི་བུའི་རྟགས་མཐོང་ཅེས་ཡོད། མིའི་བུ་ལ་དབང་ཆེན་པོ་དང་གཟི་བརྗིད་མཉམ་པོ་གནམ་གྱི་རྨུགས་པ་ལ་འོང་མཁན་རང་བྱས་པ་མཐོང་སྟེ་འཛམ་བུ་གླིང་གི་བརྒྱུད་པ་བརྒྱུད་པའི་མི་ཡ་(བརྒྱུད་པ་གང་པོའི་མི་ཡ་)ངུ་སྒྲ་གདིང་སྒྲ་བྱེད་ཅེས་ཡོད། ༣༡ རྐང་གླིང་ཕུས་ཏེ་འགབ་ལས་(ཕུས་ཕུས་པ་ལ་)མིའི་བུས་ཁོའི་ལོན་སྐྱེལ་མཁན་ཡ་ལ་འཛམ་བུ་གླིང་གི་ཕྱོགས་ག་ན་ག་ན་རང་གཏོང་ཅེས་ཡོད། དེ་ནས་ཁོང་གིས་ཨལ་ལོ་ཧིམ་གྱིས་འདམས་པ་ཡ་ལ་བསྡུས་ཏེ་འཁྱོང་ཅེས་ཡོད།།
༣༢ སེ་ཡབ་ཀྱི་སྡོང་པོ་ལ་དཔེ་ལྟ་དོང་། ཤིང་ལོ་འབུས་ཏེ་འགབ་ལས་(འབུས་འབུས་པ་ལ་)དྲོད་འབར་ཅེས་བྱེད་ཟིན་ནུ་སྨྲས་ཏེ་ཁྱེད་ཀྱིས་ཤེས་མཁན། ༣༣ འདི་ཅོག་འདྲ། འོ་སྐད་ཆ་ཡ་(འོ་དོན་རྐྱེན་ཡ་)དོན་དག་འགྲུབ་མཁན་མཐོང་སྟེ་འགབ་ལས་(མཐོང་མཐོང་བ་ལ་)འཛམ་བུ་གླིང་གི་སྟོངས་མཁན་གྱི་ཉི་མ་སླེབ་ཅེས་བྱེད་ཟིན་ནུ་སྨྲས་ཏེ་ཁྱེད་ཀྱིས་ཤེས་ཁུག་ཅེས་ཡོད། ༣༤ ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག འོ་སྐད་ཆ་གང་པོ་(འོ་དོན་རྐྱེན་གང་པོ་)དོན་དག་མ་གྲུབ་ཐུག་འདི་༼ཡིས་ར་ཨལ་གྱི་༽བརྒྱུད་པ་སྟོངས་ཅེས་མེད། ༣༥ གནམ་དང་འཛམ་བུ་གླིང་སྟོངས་ཅེས་ཡོད། ཡིན་ནས་ངས་སྨྲས་པའི་སྐད་ཆ་ནི་ནམ་ཡང་སྟོར་ཏེ་འགྲོ་ཅེས་མེད།།
༣༦ འོ་ཉི་མ་དང་དུས་ཚོད་ནམ་སླེབ་མཁན་ཡིན་པ་སྨྲས་ཏེ་རྟག་རྟག་བྱས་ཏེ་སུ་ལ་ཡང་རྒྱུས་མེད། ནམ་མཁའི་ལོན་སྐྱེལ་མཁན་ཡ་དང་བུ་ལ་ཡང་རྒྱུས་མེད། འོ་དེ་ངའི་ཨ་ཕ་གཅིག་ལ་རང་རྒྱུས་ཡོད་པ། ༣༧ མིའི་བུ་འོང་མཁན་གང་ལ་ནི་(མིའི་བུ་འོང་བ་དང་ནི་)ནོ་ཨྰའི་དུས་ཚོད་ལ་ཕྱིན་པ་ཅོག་འདྲ་རང་འོང་ཅེས་ཡོད། ༣༨ དྲག་ཆར་གྱི་ཆུ་ལོག་མ་འོངས་ཐུག་མི་ཡ་གིས་བཟས་ཏེ་བཏུངས་ཏེ་བག་མ་བྱས་ཏེ་བསྡད་དེ་ཡོད་མཁན། ནོ་ཨྰ་གྲུ་གཟིངས་ལ་འཇུག་མཁན་ཐུག་ཁོང་གིས་འོ་ཅོག་འདྲ་བྱས་ཏེ་བསྡད་དེ་ཡོད་མཁན། (འོ་ཅོག་འདྲ་བྱས་ཏེ་བསྡད་ཡོད་མཁན།) ༣༩ དྲག་ཆར་གྱི་ཆུ་ལོག་འོངས་ཏེ་ཁོང་ལ་འཁྱེར་ཅེས་བྱེད་མཁན་ཐུག་ཅི་འགྲོ་ཅེས་བྱས་པ་སྨྲ་མཁན་དེ་ཁོང་གིས་ཤེས་ཏེ་མེད་པ་ཡོད་མཁན། མིའི་བུ་འོང་མཁན་གང་ལ་ཡང་(མིའི་བུ་འོང་བ་དང་ཡང་)འོ་ཅོག་འདྲ་འོང་ཅེས་ཡོད། ༤༠ འོ་ཙམ་གང་ལ་ཞིང་ལ་ལས་ཀ་བྱས་སྡོད་མཁན་གྱི་མི་གཉིས་ཀྱི་ནང་ལ། གཅིག་ལ་འཁྱེར་ཅེས་ཡོད། གཅིག་ལ་དབྱུགས་འཇོག་ཅེས་ཡོད། ༤༡ བུད་མེད་གཉིས་མཉམ་པོ་རྩམ་པ་བཏགས་ཏེ་བསྡད་པ་དེ་ལ། གཅིག་ལ་འཁྱེར་ཅེས་ཡོད། གཅིག་ལ་དབྱུགས་འཇོག་ཅེས་ཡོད།།
༤༢ འོ་སོང་བས་ཁྱེད་ཀྲོང་ངེ་བྱས་ཏེ་སྡོད་ཏོང་། ཁྱེད་ཀྱི་དཔོན་པོ་གང་དྲའི་ཉི་མ་ལ་འོང་ཅེས་ཡོད་པ་སྨྲས་ཏེ་(འོང་མཁན་ཡིན་པ་སྨྲས་ཏེ་)ཁྱེད་ཀྱིས་མི་ཤེས་མཁན། ༤༣ དཔེ་འདི་ཅོག་འདྲ་ཡིན་པ། ཁང་པའི་བདག་པོས་དེ་རིང་རྐུན་མ་འོང་མཁན་སྨྲས་ཏེ་རྒྱུས་འབྱོར་བ་ཡོད་ན་ནི་ཁོས་ཀྲོང་ངེ་བསྡད་དེ་སྲུང་ཅེས་ཡོད་མཁན། དེ་ནས་རྐུན་མ་ལ་ནང་ལ་འཇུག་འཇུག་ཅེས་མེད་པ་ཡོད་མཁན། ༤༤ འོ་སོང་བས་ཁྱེད་ཀྱང་ཀྲོང་ངེ་བྱས་ཏེ་སྡོད་ཏོང་། མིའི་བུ་ཡང་ཁྱེད་ཀྱི་སེམས་ཀྱི་དཀྱིལ་ལ་མེད་པའི་དུས་ཚོད་ལ་འོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། (སྨྲས་ཏེ།།)
གཡོག་པོ་འགོ་ཆེ་བ་གཉིས་ལ་དཔེ་བཞག་པ།
༤༥ ༼དེ་ནས་གཉིས་པར་ཡང་ཡེ་ཤུས་ཀྱིས།༽ བློ་འགེལ་ཁུག་མཁན་དང་རིག་པ་ཡོད་མཁན་གྱི་གཡོག་པོ་འགོ་ཆེ་བས་ག་འདྲའི་སྤྱོད་གཤིས་བྱེད་མཁན་སྨྲ་ན། (གཡོག་པོ་འགོ་ཆེ་བ་ཁ་འདྲའི་མི་ཡིན་པ་ཡིན་འགྲོ།) ཁོས་གཡོག་པོ་གཞན་པ་ཡ་ལ་རྒྱགས་ཆས་རྟག་རྟག་བྱས་ཏེ་སྟེར་དགོས་མཁན་གྱི་དུས་ཚོད་ལ་སྟེར་མཁན། ༤༦ དེ་ནས་བདག་པོ་སྐོར་བ་བརྒྱབ་སྟེ་ལོག་འོང་མཁན་གང་ལ་(ལོག་འོང་བ་དང་)འདི་ཅོག་འདྲའི་ལས་ཀ་བྱེད་མཁན་མཐོང་སྟེ་འགབ་ལས་(མཐོང་མཐོང་བ་ལ་)ཁོ་ལ་རྩིས་འོང་ཅེས་ཡོད། ༤༧ ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག བདག་པོས་འོ་གཡོག་པོ་འགོ་ཆེ་བ་ལ་རང་གི་རྒྱུ་ནོར་གང་ཡོད་མཁན་རང་རྩིས་རྒྱབ་ཅེས་ཡོད། (རང་གི་རྒྱུ་ནོར་གང་པོ་དོ་དམ་བྱེད་པའི་དབང་སྤྲོད་ཅེས་ཡོད།) ༤༨ གལ་སྲིད་གཡོག་པོ་འགོ་ཆེ་བས་སེམས་ངན་པ་འཕྱངས་ཏེ། ངའི་བདག་པོ་མགྱོགས་པར་ལོག་མི་འོང་མཁན། སྨྲས་ཏེ་ ༤༩ གཡོག་པོ་གཞན་པ་ཡ་ལ་རྡུང་གཏག་བསྟེར་ཏེ། དེ་ནས་སེམས་ལ་གནས་ཙམ་(དེ་ནས་བསམ་བློ་གཏོང་ཙམ་)བཟས་ཏེ་བཏུངས་ཏེ་བཟི་སྟེ་སྡོད་ཟིན་སྨྲ་ན། (སྡོད་ན།) ༥༠ འོ་གཡོག་པོ་འགོ་ཆེ་བའི་བདག་པོ་འོང་མཁན་སྨྲས་ཏེ་མ་གནས་པ་ལ་རང་(མ་སྐྱེས་པ་ལ་རང་)བདག་པོ་འཕོག་འཐོན་འོང་མཁན། (འོ་གཡོག་པོ་ཡ་གི་བདག་པོ་ཁོའི་སེམས་ཀྱིས་མ་སྐྱེས་པའི་དུས་ཚོད་དང་ཉི་མ་ལ་སླེབ་ཅེས་ཡོད།) ༥༡ དེ་ནས་འོ་གཡོག་པོ་ལ་ཁྲག་བཤལ་མ་བཤལ་བཟོས་ཏེ་ཡིན་མདོག་སྟོན་མཁན་གྱི་མི་ཡ་ལ་ཕོག་པའི་ཉེས་པ་འཁུར་མཁན་གྱི་ས་ཆ་ལ་འཁྱེར་འཇུག་ཅེས་ཡོད། འོ་ལ་ཁོ་སོ་མུར་ཏེ་མུར་ཏེ་ངུས་ཏེ་སྡོད་དགོས་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས།། །།