མགོ་མ་ལེའུ་གཉིས་པ།

༡ འོ་འདྲ་བྱས་ཏེ་ནམ་མཁའ་དང་ས་གཞི་ལ་ཡོད་པ་གང་པོ་ཆགས་ཟིན། ༢ ཉི་མ་བདུན་པ་ལ་ཨལ་ལོ་ཧིམ་གྱིས་རང་གི་ལས་ཀ་གང་བྱས་པ་གང་པོ་ཟིན་ཟིན། ཉི་མ་བདུན་པ་ལ་ཨལ་ལོ་ཧིམ་གྱི་ལས་ཀ་གང་པོ་ཟིན་ཏེ་ངལ་གསོ་ཟིན། ༣ ཨལ་ལོ་ཧིམ་གྱིས་ཉི་མ་བདུན་པ་ལ་བྱིན་གྱིས་རློབ་ཟིན། རྣམ་པར་དག་པར་བྱེད་ཟིན། ཅི་ལས་སྨྲ་ན་ཁོ་རང་གི་ལས་ཀ་གང་བཀོད་པ་དང་བྱས་པ་གང་པོ་ཟིན་ཏེ་ངལ་གསོ་ཟིན།། (ངལ་གསོས་པ་ཡིན་མཁན།།) 

༤ ནམ་མཁའ་དང་ས་གཞིའི་ལོ་རྒྱུས་ནི་འདི་ཅོག་འདྲ་ཡིན་མཁན། ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ས་གཞི་དང་ནམ་མཁའ་བཀོད་དེ་བྱས་པའི་ཉི་མ་ལ། ༥ ཞིང་གི་ཤིང་ལྡུམ་ས་ལ་ད་རུང་མ་སྐྱེས། ཞིང་གི་སྔོ་ཚོད་ད་རུང་མ་སྐྱེས། ཅི་ལས་སྨྲ་ན་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ས་ལ་ཆར་པ་རྒྱབ་མ་བཅུག  ཞིང་བཟོ་མཁན་གྱི་མི་(ས་རྐོ་མཁན་གྱི་མི་)སུ་ཡང་མེད་པ། ༦ ཡིན་ནས་རླངས་པ་ཞིག་ས་ལས་ལངས་པས། སའི་ངོས་གང་པོ་འབང་ཟིན། (སུའི་ངོས་གང་པོ་འབང་གོ་ཡོད་མཁན།) ༧ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་སྐྱེས་པ་ཞིག་སའི་ཐལ་བ་ལས་འགོད་ཟིན། སྣ་ཁོག་ལ་སྲོག་གི་དབུགས་འབུད་ཟིན། མི་དེ་སྲོག་ཡོད་པ་ཆགས་ཟིན།། 

༨ ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ཤར་ཕྱོགས་ལ་ཨེ་དེན་སྨྲ་མཁན་གྱི་ཐང་ལ་ལྡུམ་ར་ཞིག་འདེབས་ཟིན། དེ་ནས་ཁོས་ཀྱིས་བཀོད་པའི་མི་དེ་ལྡུམ་རའི་ནང་ལ་འཇོག་ཟིན། ༩ ཡ་ཝྰེ་ཨལ་ལོ་ཧིམ་གྱིས་སྡོང་པོ་སྣ་མང་སྣ་ཚོགས་ས་ལས་སྐྱེ་འཇུག་ཟིན། འདི་སྡོང་པོ་ཡ་མིག་ལ་ཁམས་བཟང་པོ་མཐོང་གོ་ནུག  ལྟོའི་ཆེད་དུ་(ཟ་ཅེས་ཀྱི་ཆེད་དུ་)ཡག་པོ་ནུག  ལྡུམ་རའི་དཀྱིལ་ལ་སྡོང་པོ་གཉིས་ནུག  འཚོ་བའི་སྡོང་པོ་དང་བཟང་ངན་གྱི་རིག་པ་(ཡེ་ཤེས་ ། ཡེ་དོན་)སྟེར་མཁན་གྱི་སྡོང་པོ་ལྡུམ་རའི་དཀྱིལ་ལ་ནུག ༡༠ ཨེ་དེན་ལས་གཙང་པོ་ཞིག་ལྡུམ་ར་ལ་འཆུ་ཅེས་ལ་བབས་ཏེ་སོང་། (བབས་ཏེ་ཡོད་མཁན། ། བབས་ཏེ་འགྲོ་མཁན།) དེ་ནས་འོ་ལྡུམ་ར་ལས་གཙང་པོ་བཞི་ལ་གྱེས་ཏེ་སོང་། (གྱེས་ཏེ་ཡོད་མཁན། ། གྱེས་ཏེ་འགྲོ་མཁན།) ༡༡ འོ་གཙང་པོ་དང་པོའི་མིང་པི་ཤོན་ཡིན་མཁན། འོ་དེ་ནི་གསེར་ཡོད་པའི་ཧ་བེ་ལྰ་སྨྲ་མཁན་གྱི་ཡུལ་གང་པོ་ལ་བསྐོར་ཏེ་འགྲོ་མཁན། ༡༢ ཡུལ་དེ་གི་གསེར་ཡག་པོ་འོང་མཁན། འོ་དེ་ལ་བེ་དེལ་ཡོན་དང་གཟི་ཡང་འབྱོར་མཁན། ༡༣ གཙང་པོ་གཉིས་པའི་མིང་གེ་ཧོན་ཡིན་མཁན། འོ་དེ་ནི་ཀུས་སྨྲ་མཁན་གྱི་ཡུལ་གང་པོ་ལ་བསྐོར་ཏེ་འགྲོ་མཁན། ༡༤ གཙང་པོ་གསུམ་པའི་མིང་ཧི་དི་ཀེལ་ཡིན་མཁན། འོ་དེ་ནི་ཨ་སུར་སྨྲ་མཁན་གྱི་ཡུལ་གྱི་ཤར་ཕྱོགས་ལ་བབས་ཏེ་འགྲོ་མཁན། གཙང་པོ་བཞི་པའི་མིང་ཡུབ་རད་ཡིན་མཁན། ༡༥ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་མི་དེ་ལ་ཨེ་དེན་གྱི་ལྡུམ་ར་ལ་སྐྱོང་ཅེས་དང་ལྡུམ་ར་ལ་ལྟ་ཅེས་ལ་(ལྡུམ་ར་ལ་ལྟ་ཅེས་ཀྱི་ཆེད་དུ་)འཇོག་ཟིན། ༡༦ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་འོ་མི་ལ། ཁྱོད་ཀྱིས་ལྡུམ་རའི་སྡོང་པོ་གང་པོ་ལས་ཟ་ན་འགྲིག་མཁན། ༡༧ ཡིན་ནས་ཁྱོད་ཀྱིས་བཟང་ངན་གྱི་རིག་པ་སྟེར་མཁན་གྱི་སྡོང་པོ་ལས་ཟ་མི་ཁུག་མཁན། ཟ་ཟིན་ན་ཉི་མ་དེ་ལ་ཁྱོད་འཆི་མཁན། (ཁྱོད་འཆི་ཅེས་ཡོད།) སྨྲས་ཏེ།། 

༡༨ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས། མི་དེ་གཅིག་པོ་གཅིག་འཇོག་ན་ཡག་པོ་མི་འོང་མཁན། ངས་ཀྱིས་ཁོ་ལ་གཤའི་(འོས་པའི་ ། འཚམ་པའི་)རོགས་པ་ཞིག་བཟོས་སྟེར་ཅེས། (བཟོ་ཅེས་ཡོད།) སྨྲས་ཏེ། ༡༩ ད་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་རི་དྭགས་གང་པོ་དང་གནམ་གྱི་བྱ་གང་པོ་ས་ལས་བཟོ་ཟིན་ནུག  ཁོས་ཀྱིས་འོ་གང་པོ་ལ་ཨ་དམ་གྱི་འགྲམ་ལ་(རྩར་ལ)མིང་ཅི་འདོགས་ཅེས་སྨྲས་ཏེ་འཁྱེར་འོང་ཟིན་ནུག (འཁྲིད་འོང་ཟིན་ནུག) དེ་ནས་ཨ་དམ་གྱིས་ཅི་སྨྲས་པ་འདི་རང་ལུས་ཅན་རེ་རེའི་མིང་འགྲོ་ཟིན་ནུག (རྒལ་ཟིན་ནུག) ༢༠ དེ་ནས་ཨ་དམ་གྱིས་ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་གང་པོ། གནམ་གྱི་བྱ་ཡ་དང་རི་དྭགས་གང་པོ་ལ་མིང་འདོགས་ཟིན། ཡིན་ནས་ཨ་དམ་ལ་གཤའི་རོགས་པ་མ་འབྱོར་བ། ༢༡ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་ཨ་དམ་ལ་སྐྱིད་པོ་ཉལ་འཇུག་ཅེས་བཟོ་ཟིན། (སྐྱིད་པོ་ཉལ་འཇུག་ཟིན།) ཁོ་ཉལ་སྡོད་མཁན་གང་ལ་(ཁོ་ཉལ་སྡོད་པ་དང་)ཨལ་ལོ་ཧིམ་གྱིས་ཁོའི་རྩིབ་མ་གཅིག་འདོན་ཟིན། དེ་ནས་འོ་རྩིབ་མའི་ཚབ་ལ་ཤ་འཇོག་ཟིན། ༢༢ དེ་ནས་ཡ་ཝྰེ་ཨལ་ལོ་ཧིམ་གྱིས་མིའི་རྩིབ་མ་ལས་བུ་མོ་ཞིག་བཟོ་ཟིན། དེ་ནས་ཁོས་ཀྱིས་འདི་བུ་མོ་དེ་ལ་མིའི་འགྲམ་ལ་(མིའི་རྩར་ལ་)འཁྲིད་འོང་ཟིན། ༢༣ དེ་ནས་ཨ་དམ་གྱིས། ད་འདི་ངའི་རུས་ཁོག་གི་རུས་ཁོག་དང་ངའི་ཤའི་ཤ་ཡིན་མཁན། མོ་ལ་སྐྱེས་མ་(ཁྱོ་མོ་ ། བུ་མོ་)འདོགས་མཁན། (འདོགས་ཅེས་ཡོད།) ཅི་ལས་སྨྲ་ན་མོ་སྐྱེས་པ་(ཁྱོ་བོ་ ། བུ་)ལས་བཏོན་པ་ཡིན་མཁན། སྨྲས་ཏེ། ༢༤ འོ་སོང་བས་མི་ཞིག་གིས་རང་གི་ཨ་ཕ་དང་ཨ་མ་ལ་དབྱུགས་བཞག་སྟེ་རང་གི་ཆུང་མ་མཉམ་པོ་སྡོད་མཁན། དེ་ནས་ཁོང་ལུས་གཅིག་ལ་ཆགས་མཁན། (འགྲོ་མཁན།) ༢༥ མི་དེ་དང་རང་གི་ཆུང་མ་གཉིས་ཀ་རྗེན་པ་ཡོད་མཁན། ཡིན་ནས་ཁོང་ངོ་མི་ཚ་འོ་ཡོད་མཁན།། །།
 

Your encouragement is valuable to us

Your stories help make websites like this possible.