ཉེ་གནས་
མར་ཀུས་བྲིས་པའི་ལོན་བཟང་།
ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་དོན་དག་ལ།
༡ ཨལ་ལོ་ཧིམ་གྱི་སྲས་པོ་ཡ་ཤུ་བ་བསྐུས་པ་དེ་གི་དོན་དག་ལ་ལོན་བཟང་གི་སྐད་ཆ་འདི་ཅོག་འདྲ་བྱས་ཏེ་འཚུགས་ཟིན།
༢ ཡེ་ཤ་ཡ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་འདི་ཅོག་འདྲ་བྲིས་པ་ནུ་བ།
ལྟོས་ཨ། ཁྱོད་ཀྱི་གདོང་གདོང་ངའི་ལོན་སྐྱེལ་མཁན་མན་ན་གཅིག་ལ་གཏོང་ཅེས་ཡོད།།
འོ་ལས་ཁོས་ཁྱོད་ཀྱི་ལམ་སེལ་ཅེས་ཡོད།། ༼སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ།༽
༣ ༼འོ་ལས་ས་ཆ་གཞན་པ་ལ།༽
རི་སྐམ་པོ་ལ་མན་ན་གཅིག་གིས་འབོད་སྒྲ་བཏོན་ཏེ་སྨྲ་འོ་ནུ།།
ཡ་ཝེའི་འོང་མཁན་གྱི་ལམ་སེལ་དོང་།།
ཡ་ཝེ་འོང་ཅེས་ཡོད། ལམ་ཀྱོག་པོ་ཡ་ཐད་ཀ་བཟོ་དོང་།།
སྨྲས་ཏེ་ཡེ་ཤ་ཡས་གསུང་རབ་ལ་བྲིས་བཞག་པ་ནུ་བ།།
༤ འོ་ལས་ཡུ་ཧ་ནན་གྱིས་རི་སྐམ་པོ་ལ་འཐོན་འོངས་ཏེ་མི་ཡ་ལ་ཁྲུས་གསོལ་བསྟེར་ཏེ། བཤགས་པ་བྱས་ཏེ་ངོ་ལོག་སྤངས་ཏེ་ཁྲུས་གསོལ་ལེན་དོང་། འོ་ལས་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱིས་བྱས་པའི་ངོ་ལོག་འདག་འཇུག་ཅེས་ཡོད། སྨྲས་ཏེ་ཤོད་ཟིན། ༥ འོ་ལས་ཡ་ཧུ་དྰ་ལུང་པའི་ཡུལ་ཡུལ་དང་ཡ་རུ་ཤ་ལེམ་གྲོང་ཁྱེར་གྱི་མི་གང་པོ་རང་ཡུ་ཧ་ནན་གྱི་རྩར་ལ་འོང་ཟིན། འོ་ལས་རང་རང་གི་བྱས་པའི་ངོ་ལོག་ཤོད་མཁན་ཡ་ལ་ཡུ་ཧ་ནན་གྱིས་ཡོར་དན་གཙང་པོ་ལ་ཁྲུས་གསོལ་སྟེར་ཟིན།
༦ ཡུ་ཧ་ནན་གྱིས་རྔ་མོང་གི་སྤུས་བཏགས་པའི་བཀབ་ཆ་གྱོན་གོ་ཡོད་མཁན། རྐེད་པ་ལ་ཀོ་བའི་སྐ་རགས་འཆིང་གོ་ཡོད་མཁན། འོ་ལས་ཆ་ག་འབུ་དང་སྦྲང་རྩི་ཟ་འོ་ཡོད་མཁན། ༧ འོ་ལས་ཁོས་མི་ཡ་ལ་འདི་ཅོག་འདྲ་སྨྲས་ཏེ་ཤོད་ཟིན། ང་སྨྲས་ཏེ་འགབ་ལས་མན་ན་གཅིག་འོང་མཁན་རང་ཡོད་པ། མི་རོགས་ལ་ནི་ང་ལ་སྨྲས་ཏེ་ཡང་དབང་ཆེན་པོ་ཐོབ་སྟེ་འོང་མཁན་རང་ཡོད་པ། ང་ནི་མི་རོགས་ཀྱི་ལྷམ་གྱི་ཐག་པ་ཤིགས་ཅེས་ལ་ཡང་མི་གཤའ། ༨ ངས་ཁྱེད་ལ་ཁྲུས་གསོལ་བསྟེར་ཡོད། ཡིན་ནས་མི་རོགས་ཀྱིས་ཁྱེད་ལ་སེམས་ཉིད་རྣམ་པར་དག་པའི་ཁྲུས་གསོལ་སྟེར་ཅེས་ཡོད། སྨྲས་ཏེ་ཡུ་ཧ་ནན་གྱིས་མི་ཡ་ལ་ཤོད་ཟིན།། ༼སེམས་ཉིད་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་རུ་ཨག་ཡིན་པ།༽
ཡ་ཤུ་བས་ཆུ་ལ་ཐིམ་སྟེ་ཁྲུས་གསོལ་ལེན་མཁན།
༩ འོ་ཙམ་གང་ལ་ཡ་ཤུ་བ་ག་ལིལ་ལུང་པའི་ན་ཙ་རེད་གྲོང་ལས་ཐོན་ཏེ་ཡུ་ཧ་ནན་གྱི་རྩར་ལ་འོངས་ཏེ་རང་ལ་ཡོར་དན་གཙང་པོ་ལ་ཁྲུས་གསོལ་སྟེར་འཇུག་ཟིན། ༡༠ འོ་ལས་ཆུ་ལས་འཐོན་མཁན་གང་ལ་གནམ་ཁ་ཕྱེ་སྟེ་ནམ་མཁའ་ལས་མར་སེམས་ཉིད་འང་གུ་ཅོག་འདྲ་བྱས་ཏེ་རང་གི་ཐོག་ལ་ཞབས་མཁན་ཡ་ཤུ་བས་མཐོང་ཟིན། ༡༡ འོ་ཙམ་ལ་གནམ་ལས་མར་གྱི་འདི་ཅོག་འདྲའི་སྐད་ཅིག་ཐོས་ཟིན།
ཁྱོད་ངའི་བྱམས་པ་བྱས་པའི་བུ་ཡིན་པ།།
ཁྱོད་ལ་མཐོང་སྟེ་ངའི་སེམས་དགའ་བ་འོང་མཁན།།
སྨྲས་ཏེ་སྨྲ་མཁན་ཐོས་ཟིན།
༡༢ འོ་འགབ་ལས་སེམས་ཉིད་ཀྱིས་ཡ་ཤུ་བ་ལ་རི་སྐམ་པོ་ལ་འགྲོ་འཇུག་ཟིན། ༡༣ འོ་ལ་ས་ཏན་གྱིས་ཡ་ཤུ་བ་ལ་ཉི་མ་བཞི་བཅུ་ཐུག་༼ཉི་མ་ཁལ་གཉིས་ཐུག་༽བར་བཅད་སྡོད་ཟིན། ཡ་ཤུ་བ་འོ་ལ་རི་དྭགས་ཡ་མཉམ་པོ་རང་སྡོད་ཟིན། འོ་ལས་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་ཡ་གིས་ཡ་ཤུ་བ་ལ་ཞབས་ཏོག་ཞུ་ཟིན།།
ཡ་ཤུ་བས་ཉ་འཛིན་མཁན་གྱི་མན་ན་བཞི་ལ་སྐད་རྒྱབ་མཁན།
༡༤ ཡུ་ཧ་ནན་བཙོན་ཁང་ལ་ཆུད་དེ་འགབ་ལས་ཡ་ཤུ་བ་ག་ལིལ་ལུང་པ་ལ་འགྲོ་ཟིན། འོ་ལས་འོ་ལ་མི་ཡ་ལ་ཨལ་ལོ་ཧིམ་གྱི་ལོན་བཟང་ཤོད་ཅེས་འཛུགས་ཟིན། ༡༥ ཡ་ཤུ་བས་སྨྲ་ཟིན། ད་དུས་ཚོད་དོན་དག་འགྲུབ་ཟིན་ཏེ་ཡོད། འོ་ལས་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་འགྲམ་ལ་སླེབ་ཟིན་ཏེ་ཡོད། བཤགས་པ་བྱེད་ཏོང་། འོ་ལས་ལོན་བཟང་གི་སྐད་ཆ་ལ་ཡིད་ཆེས་ཏོང་།།
༡༦ འོ་ལས་ག་ལིལ་མཚོའི་ཟུར་ལ་སྐོར་བ་རྒྱབ་མཁན་གང་ལ་ཡ་ཤུ་བས་ཉ་འཛིན་མཁན་གྱི་མི་གཉིས་ཆུ་ལ་དྲ་བ་བརྒྱངས་སྡོད་མཁན་མཐོང་ཟིན། ཁོང་གཉིས་སི་མོན་དང་ཁོའི་འོག་མ་ཨན་དྲེ་ཡྰ་ཡིན་མཁན། ༡༧ འོ་ལས་ཡ་ཤུ་བས་ཁོང་གཉིས་ལ། ངའི་རྗེས་བསྙེགས་ཏེ་ཤོག །ཁྱེད་ཀྱིས་ཉ་ལ་བཟུང་སྟེ་ཁྱེར་བ་ཅོག་འདྲ་རང་། མི་ཡ་ལ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་འཁྱེར་མཁན་གྱི་མི་ཡ་ཁྱེད་ལ་བཟོ་ཅེས་ཡོད། སྨྲས་ཏེ། ༡༨ འདི་ཐོས་ལོང་མེད་པ་རང་ཁོང་གཉིས་ཀྱིས་རང་གི་དྲ་བ་ཡ་ལ་འོ་ལ་རང་དབྱུགས་བཞག་སྟེ་ཡ་ཤུ་བའི་རྗེས་བསྙེགས་ཏེ་རྒལ་ཟིན།
༡༩ འོ་ལས་འགྲོ་འགྲོ་མཁན་གང་ལ་ཡ་ཤུ་བས་ཟེ་བད་ཡྰའི་བུ་སྤུན་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན་ལ་མཐོང་ཟིན། ཁོང་གཉིས་གྲུ་ལ་བསྡད་དེ་དྲ་བ་བཅོས་བསྡད་དེ་ཡོད་མཁན། ༢༠ ཁོང་གཉིས་ལ་མཐོང་ལོང་མེད་པ་རང་ཡ་ཤུ་བས་སྐད་རྒྱབ་ཟིན། འོ་ལས་ཁོང་གཉིས་ཀྱིས་རང་གི་ཨ་ཕ་ཟེ་བད་ཡྰ་ལ་ལས་ཀ་བྱེད་མཁན་གྱི་མི་ཡ་མཉམ་པོ་གྲུ་ལ་དབྱུགས་བཞག་སྟེ་ཡ་ཤུ་བའི་རྗེས་བསྙེགས་ཏེ་རྒལ་ཟིན།།
ཡ་ཤུ་བས་འདྲེ་ཞུགས་པའི་མི་ལ་དྲག་འཇུག་མཁན།
༢༡ འོ་ལས་ཁོང་ཡ་ཀ་ཕར་ན་ཧུམ་གྲོང་ལ་རྒལ་ཟིན། འོ་ལས་ངལ་འཚོ་མཁན་གྱི་ཉི་མ་ལ་ཡ་ཧུ་དྰ་པའི་ཚོགས་ཁང་ལ་ཕྱིན་ཏེ་ཡ་ཤུ་བས་ཁྲིད་འདེབས་ཟིན། ༢༢ ཡ་ཤུ་བའི་ཁྲིད་ཐོས་ཏེ་མི་ཡ་འཇིགས་པོར་ཧ་ལས་ཟིན། ཅི་སྨྲ་ན། ཡ་ཤུ་བས་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཅོག་འདྲ་མིན་པ། དབང་ཆ་ཆེན་པོ་བྱས་ཏེ་ཁྲིད་འདེབས་མཁན་རང་ཡོད་མཁན།
༢༣ ཡ་ཧུ་དྰ་པའི་ཚོགས་ཁང་ལ་འདྲེ་ཞུགས་པའི་མི་གཅིག་ཡོད་མཁན། ༢༤ འོ་ལས་ཁོས་སྐད་བཏོན་ཏེ་སྨྲ་ཟིན། ཨོ་ན་ཙ་རེད་ཀྱི་ཡ་ཤུ་བ། ཁྱོད་ཀྱིས་ངེད་ལ་ཅི་བྱེད་ཅེས་སྨྲས་ཏེ་འོངས་པ། ཁྱོད་ཀྱིས་ངེད་ལ་གཏོང་ཅེས་ལ་འོངས་པ་ཡིན་པས། ཁྱོད་ཨལ་ལོ་ཧིམ་གྱི་རྣམ་པར་དག་པ་དེ་ཡིན་སྨྲས་ཏེ་ང་ལ་རྒྱུས་ཡོད། ༢༥ འོ་ལས་ཡ་ཤུ་བས། ཁ་བཙུམ་སྡོད། འདི་མི་ལས་ཐོན་ཏེ་སོང་། སྨྲས་ཏེ་ཁོ་ལ་བཀའ་སྒྱུར་གཏོང་ཟིན། ༢༦ འོ་ཙམ་ལ་ནི་འདྲེས་འོ་མི་ལ་འབབ་བཅུག་སྟེ་སྐད་ཆེན་པོ་ཞིག་འདོན་འཇུག་ཟིན། འོ་ལས་འོ་མི་ལས་ཐོན་ཏེ་རྒལ་ཟིན།
༢༧ འདི་མཐོང་སྟེ་མི་གང་པོ་རང་ཧ་ལས་ཏེ་སྨྲ་ཟིན། མིན་པ། འདི་ཅི་ཡིན་པས། འདི་ནི་ཁྲིད་གསར་པ་ནུ། དབང་ཆ་ཆེན་པོ་བྱས་ཏེ་ཁྲིད་འདེབས་ཀོ་ནུ། མི་རོགས་ཀྱི་གནང་བའི་བཀའ་ལ་འདྲེ་ཡ་གིས་ཀྱང་ཉན་གོ་ནུ། སྨྲས་ཏེ་མི་ཡ་གིས་སྨྲ་སྨྲ་རྩོད་ཟིན། ༢༨ འོ་ལས་ཏོག་ཙམ་ཞིག་ལ་རང་ཡ་ཤུ་བས་བྱས་པའི་ལས་ཀའི་སྐད་ཆ་ཡ་ག་ལིལ་ལུང་པའི་ཕྱོགས་བཞི་ཀ་ལ་རང་ཕེལ་ཏེ་རྒལ་ཟིན།།
ཡ་ཤུ་བས་ནད་པ་མང་པོ་ལ་རང་དྲག་འཇུག་མཁན།
༢༩ ཡ་ཧུ་དྰ་པའི་ཚོགས་ཁང་ལས་ཐོན་ཏེ་ཁོང་ཡ་སི་མོན་དང་ཨན་དྲེ་ཡྰའི་ཁང་པ་ལ་འོང་ཟིན། ཡ་ཀོ་བོས་དང་ཡུ་ཧ་ནན་ཡང་ཁོང་མཉམ་པོ་འོང་ཟིན། ༣༠ འོ་ལས་སི་མོན་གྱི་སྒྱུག་མོ་ཚ་བ་སྐྱེས་ཏེ་ཉལ་ས་ལ་རང་ཆུད་དེ་ཡོད་མཁན། ཁོང་ཡ་སླེབ་ལོང་མེད་པ་རང་ཁང་པའི་མི་ཡ་གིས་འདི་སྐད་ཆ་ཡ་ཤུ་བ་ལ་ཤོད་ཟིན། ༣༡ འོ་ལས་ཡ་ཤུ་བ་ནད་པའི་འགྲམ་ལ་འོངས་ཏེ་ལག་པ་ལ་བཟུང་སྟེ་སློང་ཟིན། འོ་ཙམ་ལ་རང་མོ་ལ་ཚ་བས་གཏོང་ཟིན། འོ་ལས་མོ་ལངས་ཏེ་ཁོང་ཡ་ལ་མགྲོན་པོ་སྐྱོང་ཟིན།
༣༢ འོ་དགོང་སྲོད་ཉི་མ་ནུབ་ཅེས་བྱེད་མཁན་གང་ལ་མི་ཡ་གིས་ནད་པ་ཡ་དང་འདྲེ་ཞུགས་པའི་མི་གང་པོ་ལ་ཡ་ཤུ་བའི་རྩར་ལ་འཁྱེར་ཟིན། ༣༣ འོ་ལས་གྲོང་གི་མི་གང་པོ་འོངས་ཏེ་ཁང་པའི་སྒོའི་རྩར་ལ་འཛོམ་ཟིན། ༣༤ འོ་ལས་ཡ་ཤུ་བས་ཡིན་ཚད་ཀྱི་ནད་པ་ཡ་ལ་དྲག་འཇུག་ཟིན། འོ་ལས་འདྲེ་ཞུགས་པའི་ནད་པ་ཡ་ལ་དེ་འདྲེ་ཡ་ལ་འདོན་ཟིན། ཡ་ཤུ་བས་འདྲེ་ཡ་ལ་དམ་ལ་བཞག་སྟེ་སྐད་ཆ་སྨྲ་མ་འཇུག །ཅི་སྨྲ་ན། ཡ་ཤུ་བ་སུ་ཡིན་པས་སྨྲས་ཏེ་འོ་འདྲེ་ཡ་ལ་རྒྱུས་ཡོད་མཁན།།
ཡ་ཤུ་བའི་ལས་ཀའི་དོན་དག །
༣༥ ཐོ་རངས་ལས་སྔོན་ལ་ཡ་ཤུ་བ་ལངས་ཏེ་ཁང་པ་ལས་ཐོན་ཏེ་ཡངས་པོའི་ས་ཆ་གཅིག་ལ་རྒལ་ཟིན་ནུ། འོ་ལས་འོ་ལ་ཨལ་ལོ་ཧིམ་ལ་གསོལ་བ་བཏབ་སྟེ་སྡོད་ཟིན་ནུ། ༣༦ འོ་ལས་སི་མོན་དང་ཁོའི་རོགས་ཡ་མཉམ་པོ་ཡ་ཤུ་བ་ལ་འཚོལ་རྒལ་ཟིན། ༣༧ འོ་ལས་ཡ་ཤུ་བ་ལ་མཇལ་ཟིན་ཏེ་འགབ་ལས་ཁོང་ཡ་གིས། མི་གང་པོས་ཁྱོད་ལ་འཚོལ་མཁན་རང་ཡོད་པ། སྨྲས་ཏེ། ༣༨ འོ་ལས་ཡ་ཤུ་བས་སྨྲ་ཟིན། འགྲོ། འོ་རང་ཕར་ཚུར་གྱི་ཡུལ་གཞན་པ་ཡ་ལ་ཡང་འགྲོ། འོ་ལས་ངས་འོ་ལ་ཡང་ཤོད་རང་དགོས་མཁན། ཅི་ལས་སྨྲ་ན་འདི་ལས་ཀའི་དོན་དག་ལ་རང་ང་འོངས་པ་ཡིན་པ། སྨྲས་ཏེ་སྨྲ་ཟིན། ༣༩ འོ་ལས་ཡ་ཤུ་བ་ག་ལིལ་ལུང་པའི་ཡུལ་ཡུལ་ལ་སྐོར་བ་བརྒྱབ་སྟེ་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཕྱིན་ཏེ་བཤད་དེ། འོ་ལས་འདྲེ་ཡ་ལ་མི་ལས་འདོན་ཟིན།།
ཡ་ཤུ་བས་མཛེ་ཐོན་པའི་མི་གཅིག་ལ་དྲག་འཇུག་མཁན།
༤༠ འོ་ལས་མཛེ་ཐོན་པའི་མི་གཅིག་འོངས་ཏེ་ཡ་ཤུ་བའི་མདུན་ལ་པུས་མོ་བཙུགས་ཏེ། ཁྱོད་ཀྱི་སེམས་ལ་སྐྱེས་ཏེ་ཡོད་ན་ང་ལ་དྲག་འཇུག་ཐུབ་མཁན། སྨྲས་ཏེ་ཞུ་ཟིན། ༤༡ འོ་ལས་ཡ་ཤུ་བའི་སེམས་ལ་སྙིང་རྗེ་སྟེ་ཁོ་ལ་ལག་པས་རེག་སྟེ་སྨྲ་ཟིན། ངའི་སེམས་ལ་བསམ་པ་ཅོག་འདྲ་རང་ཁྱོད་དྲག་ཆུག ༤༢ །སྨྲས་ཏེ་སྨྲ་ལོང་མེད་པ་རང་འོ་མི་ཡག་པོ་བྱས་ཏེ་དྲག་ཟིན། ༤༣ འོ་ལས་ཡ་ཤུ་བས་ཁོ་ལ་འདི་ཅོག་འདྲ་སྨྲས་ཏེ་གཏོང་ཟིན། ༤༤ འདི་སྐད་ཆ་སུ་ལ་ཡང་མ་ཤོད། ཡིན་ནས་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝིའི་རྩར་ལ་༼ལེ་ཝི་ཡ་ཧུ་དྰ་པའི་མཆོད་ཁང་ལ་ལས་ཀ་བྱེད་མཁན་ཡིན།༽བརྒལ་ཏེ་ལྟ་འཇུག་དོང་། འོ་ལས་མོ་ཤེས་མཛེ་དྲག་སྟེ་འགབ་ལས་འབུལ་དོང་སྨྲས་ཏེ་སྨྲས་བཞག་པའི་རྫས་ཡ་འབུལ་དོང་། འོ་ལས་ཁྱོད་དྲག་ཟིན་ནུ་སྨྲ་མཁན་དེ་མི་ཡ་གིས་ངོ་ཤེས་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
༤༥ ཡིན་ནས་འོ་མི་བརྒལ་ཏེ་རང་དྲག་པའི་སྐད་ཆ་མི་གང་པོ་ལ་ཤོད་ཟིན། འོ་སྐད་ཆས་བྱས་ཏེ་ཡ་ཤུ་བ་གང་དྲའི་གྲོང་ལ་ཡང་འོང་མ་ཁུགས། འོ་སོང་བས་ཡ་ཤུ་བ་གྲོང་ལས་ཐག་རིང་པོའི་ཡུལ་སྟོང་ཡོད་མཁན་གྱི་ས་ཆ་ཡ་ལ་སྡོད་ཟིན། ཡིན་ནས་འོ་ས་ཆ་ལ་ཡང་མི་ཡ་ཕྱོགས་བཞི་ཀ་ལས་རང་ཡ་ཤུ་བའི་རྩར་ལ་འོང་ཟིན།། །།