མར་ཀུ་ལེའུ་༨།

ཡ་ཤུ་བས་མི་སྟོང་ཕྲག་བཞི་ཙམ་ལ་ཟ་ཅེས་སྟེར་མཁན།

༡ འོ་ལས་གཉིས་པར་ཉི་མ་གཅིག་མི་བུངས་མ་ཆེན་པོ་ཞིག་ཡ་ཤུ་བའི་རྩར་ལ་འཛོམ་འོང་ཟིན། འོ་ལས་ཁོང་གིས་ཁྱོང་བའི་ཟ་མཁན་གྱི་རྫས་ཡ་རྫོགས་ཏེ་འགབ་ལས་ཡ་ཤུ་བས་རང་གི་ཉེ་གནས་ཡ་ལ་སྐད་བརྒྱབ་སྟེ་སྨྲ་ཟིན། ༢ འདི་མི་ཡ་མཐོང་སྟེ་ང་ལ་སྙིང་རྗེ་འོ་ནུ། ཁོང་ཉི་མ་གསུམ་ཡིན་འཇུག་ང་མཉམ་པོ་རང་སྡོད་ཟིན། ད་ནི་ཁོང་དེ་ལྟོ་ཆས་ཀྱང་རྫོགས་ཟིན་ནུ། ༣ ཁོང་ལ་ཟ་མཁན་གྱི་རྫས་ཅི་ཡང་མ་བསྟེར་བར་བྱས་ཏེ་ཟློག་གཏོང་ཅེས་མི་འོང་མཁན། མིན་ཟིན་སྨྲ་ན་ཁོང་ལྟོགས་ཏེ་ལམ་ལ་རང་རླུང་འགྲོ་འགྲོ། རེ་འགའ་ནི་ཐག་རིང་པོ་ལས་འོངས་ཏེ་ཡོད་པ། སྨྲས་ཏེ་སྨྲ་ཟིན། ༤ འོ་ལས་ཉེ་གནས་ཡ་གིས། ཀྱེ་མ། འོ་ཙམ་མང་བ་མི་ལ་འདི་ཅི་ཡང་མེད་པའི་ས་ཆ་ལ་ག་ནས་ཟ་ཅེས་ཁྱོང་སྟེ་སྟེར་ཅེས། སྨྲས་ཏེ་སྨྲ་ཟིན། ༥ འོ་ལས་ཡ་ཤུ་བས། ཁྱེད་མཉམ་པོ་འཁུར་བ་ག་ཚོད་ཡོད་པས། སྨྲས་ཏེ་འདྲི་ཟིན། ངེད་མཉམ་པོ་འཁུར་བ་བདུན་ཡོད་པ། སྨྲས་ཏེ་ཁོང་གིས་སྨྲ་ཟིན།

༦ འོ་ལས་ཡ་ཤུ་བས་མི་ཡ་ལ། ཏོ་སྤང་རྩྭ་ཡ་ལ་སྡོད་ཏོང་། སྨྲས་ཏེ་སྨྲ་ཟིན། འོ་ལས་འོ་འཁུར་བ་བདུན་བླངས་ཏེ་ཨལ་ལོ་ཧིམ་ལ་འུར་ཆེ་བསྟེར་ཏེ་འཁུར་བ་ཡ་ཧྲལ་ཏེ་ཉེ་གནས་ཡ་ལ་སྟེར་ཟིན། འོ་ལས་ཉེ་གནས་ཡ་གིས་མི་ཡ་ལ་རིམ་པ་བྱས་ཏེ་བགོས་ཏེ་སྟེར་ཟིན། ༧ འོ་ལས་ཁོང་མཉམ་པོ་ཉ་ཆད་མ་ཆད་མ་ཡང་སུད་པ་ཞིག་ཡོད་མཁན། འོ་ལས་ཡ་ཤུ་བས་འོ་ཉ་ཡ་ཡང་བླངས་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་བསྟེར་ཏེ་ཉེ་གནས་ཡ་ལ་སྟེར་ཟིན། ཉེ་གནས་ཡ་གིས་མི་ཡ་ལ་བགོས་སྟེར་ཟིན། ༨ འོ་ལས་མི་གང་པོས་རང་འདང་མཁན་ཐུག་བཟས་ཏེ་ལས། ཉེ་གནས་ཡ་གིས་ལྷག་ཤུལ་ཡ་སྡུད་མཁན་གང་ལ་ནི་ཙེ་པོ་བདུན་གང་ཟིན། ༩ འོ་ལ་ཟ་མཁན་གྱི་མི་ནི་སྟོང་ཕྲག་བཞི་ཙམ་ཡོད་མཁན། ཟ་ཟིན་ཏེ་འགབ་ལས་ཡ་ཤུ་བས་མི་ཡ་ལ་ཁང་པ་ལ་ཟློག་གཏོང་ཟིན། ༡༠ འོ་ལས་ཡ་ཤུ་བ་དེ་རང་གི་ཉེ་གནས་ཡ་མཉམ་པོ་གྲུ་གཅིག་ལ་ཞུགས་ཏེ་དལ་མ་ནུ་ཐ་སྨྲ་མཁན་གྱི་ས་ལ་རྒལ་ཟིན།།

ཡ་ཤུ་བ་ལ་ནུས་པ་སྟོན་དོང་སྨྲས་ཏེ་སྨྲ་མཁན།

༡༡ འོ་ལས་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་འོངས་ཏེ་ཡ་ཤུ་བ་མཉམ་པོ་ཤོད་པར་སྡུར་ཟིན། འོ་ལས་ཡ་ཤུ་བའི་ཁོག་པ་ལྟ་ཅེས་སྨྲས་ཏེ་སྨྲ་ཟིན། ཁྱོད་བདེན་པར་ནམ་མཁའ་ལས་འོངས་པ་ཡིན་ཟིན་སྨྲ་ན་ངེད་ཀྱིས་ཡིད་ཆེས་ཁུག་མཁན་ཐུག་གི་ནུས་པ་གཅིག་སྟོན་དོང་། སྨྲས་ཏེ་ཁོང་གིས་སྨྲ་ཟིན། ༡༢ འོ་ལས་ཡ་ཤུ་བས་དབུགས་རིང་པོ་ཞིག་དྲུད་དེ་སྨྲ་ཟིན། མདང་དེ་རིང་གི་མི་ཡ་གིས་ཅི་ལས་ནུས་པ་སྟོན་དོང་སྨྲས་ཏེ་སྨྲ་མཁན། ངའི་སྨྲ་མཁན་གྱི་གཏམ་ལ་ཉན་ཏེ་ཞོག །ལྟ་ཅེས་བཙོལ་བའི་ནུས་པ་ནི་ཁྱེད་ཀྱིས་མཐོང་མྱོང་ཅེས་མེད། སྨྲས་ཏེ་སྨྲ་ཟིན། ༡༣ འོ་ལས་ཁོང་ལ་དབྱུགས་བཞག་སྟེ། གཉིས་པར་གྲུ་ལ་ཞུགས་ཏེ་མཚོའི་ཕར་ཀན་ལྡེབས་ལ་རྒལ་ཟིན།།

ཕ་རི་སི་དང་ཧེ་རོ་དྰེའི་སྟེར་མཁན་གྱི་འཁུར་བ་འཕར་མཁན་གྱི་རྫས་ཀྱི་དོན་དག་ལ།

༡༤ ཉེ་གནས་ཡ་གིས་འཁུར་བ་གཅིག་ཅིག་རང་ཁྱོང་སྟེ་ལྟོ་ཆས་གཞན་པ་ཅི་ཡང་མ་ཁྱོང་བ་ཡོད་མཁན། ༡༥ འོ་ལས་ཁོང་ཡ་འགྲོ་མཁན་འགྲོ་མཁན་གང་ལ་རང་ཡ་ཤུ་བས། འཛེམ་པར་བྱེད་ཏོང་། ཕ་རི་སི་ཡ་དང་ཧེ་རོ་དྰེའི་སྟེར་མཁན་གྱི་འཁུར་བ་འཕར་མཁན་གྱི་རྫས་ལས་འཛེམ་དོང་། སྨྲས་ཏེ་སྨྲ་ཟིན། ༡༦ འོ་ལས་ཉེ་གནས་ཡ་གིས་རང་གི་ནང་ལ། འོ་རང་གིས་འཁུར་བ་མ་ཁྱོང་བ་སོང་བས་དགེ་རྒན་གྱིས་འདི་གཏམ་སྨྲ་འོ་ནུ། སྨྲས་ཏེ་སྨྲ་ཟིན། ༡༧ ཁོང་གི་སྨྲས་པའི་གཏམ་ངོ་ཤེས་ཏེ་ཡ་ཤུ་བས་སྨྲ་ཟིན། འཁུར་བ་མ་ཁྱོང་བ་སྨྲས་ཏེ་ཅི་ལས་སྡུག་བསྔལ་བྱེད་མཁན། ད་རུང་ཡང་ཁྱེད་ཀྱིས་ངོ་མ་ཤེས་པ། ཁྱེད་ཀྱི་ཁོག་པ་སྲ་འདེ་རང་ནུ། ༡༨ མིག་ཡོད་དེ་ཡང་ཁྱེད་ཀྱིས་མི་མཐོང་བས། རྣ་མཆོག་ཡོད་དེ་ཡང་ཁྱེད་ཀྱིས་མི་ཐོས་པས། ངའི་བྱས་པའི་ལས་ཀ་ཡ་ཁྱེད་ཀྱིས་དྲན་པ་བརྗེད་ཀོ་ནུ། ༡༩ མི་སྟོང་ཕྲག་ལྔ་ལ་འཁུར་བ་ལྔ་ཧྲལ་ཏེ་བསྟེར་ཏེ་ལས་ཁྱེད་ཀྱིས་ལྷག་ཤུལ་ཡ་སྡུད་མཁན་གང་ལ་ཙེ་པོ་ག་ཚོད་གང་བ། ཙེ་པོ་བཅུ་གཉིས། སྨྲས་ཏེ་ཉེ་གནས་ཡ་གིས་སྨྲ་ཟིན། ༢༠ གཉིས་པར། མི་སྟོང་ཕྲག་བཞི་ལ་འཁུར་བ་བདུན་ཧྲལ་ཏེ་བསྟེར་ཏེ་ལས་ཁྱེད་ཀྱིས་ལྷག་ཤུལ་ཡ་སྡུད་མཁན་གང་ལ་ཙེ་པོ་ག་ཚོད་གང་བ། སྨྲས་ཏེ་ཡ་ཤུ་བས་འདྲི་ཟིན། ཙེ་པོ་བདུན། སྨྲས་ཏེ་ཉེ་གནས་ཡ་གིས་སྨྲ་ཟིན། ༢༡ འོ་ལས་ཡ་ཤུ་བས། ངའི་སྨྲས་པའི་གཏམ་གྱི་དོན་དག་ཁྱེད་ཀྱིས་ད་རུང་ཡང་ངོ་མི་ཤེས་ནུ་བས། སྨྲས་ཏེ་སྨྲ་ཟིན།།

ཡ་ཤུ་བས་མིག་མི་མཐོང་མཁན་གྱི་མི་ལ་མཐོང་མཁན་བཟོ་མཁན།

༢༢ ཁོང་ཡ་བེད་ཙ་ཡི་དྰ་ཡུལ་ལ་སླེབ་མཁན་གང་ལ་མི་ཡ་གིས་མིག་མི་མཐོང་མཁན་གྱི་མི་གཅིག་ཁྱོང་སྟེ། ཁོ་ལ་རང་གི་ལག་པས་རེག་སྟེ་དྲག་འཇུག་དོང་། སྨྲས་ཏེ་ཞུ་ཟིན། ༢༣ འོ་ལས་ཡ་ཤུ་བས་ཁོ་ལ་ལག་པ་ལ་བཟུང་སྟེ་ཁྲིད་དེ་ཡུལ་ལས་ཕྱི་ལ་འཁྱེར་ཟིན། འོ་ལས་འོ་མིའི་མིག་ལ་ཐུ་བྱས་ཏེ་རང་གི་ལག་པས་རེག་ཟིན། འོ་ལས། ཅི་ཡང་མཐོང་གོ་ནུ་ནི། སྨྲས་ཏེ་འདྲི་ཟིན། ༢༤ འོ་ལས་ཁོས་མགོ་ཁྱག་སྟེ། མི་ཡ་འགྲོ་མཁན་དེ་མཐོང་ཅེས་ནི་མཐོང་གོ་ནུ། ཁོང་ཡ་སྡོང་པོ་ཅོག་འདྲ་མཐོང་གོ་ནུ། སྨྲས་ཏེ་སྨྲ་ཟིན། ༢༥ འོ་ལས་གཉིས་པར་ཡ་ཤུ་བས་ཁོའི་མིག་ལ་རང་གི་ལག་པས་རེག་ཟིན། འོ་ཙམ་ལ་ཁོའི་མིག་ཡག་པོ་བྱས་ཏེ་དྲག་སྟེ་གང་པོ་རང་གསལ་པོ་བྱས་ཏེ་མཐོང་མཁན་རྒལ་ཟིན། ༢༦ འོ་ལས་ཡ་ཤུ་བས། བེད་ཙ་ཡི་དྰ་ཡུལ་ལ་མ་བརྒལ་བར་བྱས་ཏེ་ཤར་རྒྱག་ཁང་པ་ལ་ལོག་སོང་། འདི་ཡུལ་གྱི་མི་ལ་ཡང་མ་ཤོད། སྨྲས་ཏེ་ཁོ་ལ་གཏོང་ཟིན།།

པེ་ཏྲོས་ཡ་ཤུ་བ་སུ་ཡིན་པས་ནུ་སྨྲ་མཁན་དེ་ངོ་ཤེས་མཁན།

༢༧ འོ་ལས་ཡ་ཤུ་བ་ཉེ་གནས་ཡ་མཉམ་པོ་ཀེ་སར་ཡྰ་ཕི་ལིབ་པི་གྲོང་གི་འགྲམ་ལ་ཡོད་མཁན་གྱི་ཡུལ་ཡ་ལ་རྒལ་ཟིན། འོ་ལས་ལམ་ལ་འགྲོ་མཁན་གང་ལ་ཡ་ཤུ་བས་ཉེ་གནས་ཡ་ལ། མི་ཡ་གིས་ང་ལ་སུ་ཡིན་པས་སྨྲས་ཏེ་སྨྲ་འོ་ནུ་བས། སྨྲས་ཏེ་འདྲི་ཟིན། ༢༨ འོ་ལས་ཉེ་གནས་ཡ་གིས་སྨྲ་ཟིན། རེ་འགའས་ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་ཡིན་སྨྲ་འོ་ནུ། རེ་འགའས་ཨལ་ལ་ཡ་ཡིན་སྨྲ་འོ་ནུ། འོ་ལས་རེ་འགའས་ནི་དང་པོའི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གཅིག་གསོན་པོར་ལངས་པ་ཡིན་པ་ཚོད་ནུ་སྨྲས་ཏེ་སྨྲ་འོ་ནུ། མི་ཡ་གིས། སྨྲས་ཏེ་ཉེ་གནས་ཡ་གིས་སྨྲ་ཟིན། ༢༩ འོ་ལས་གཉིས་པར་ཡ་ཤུ་བས་འདྲི་ཟིན། འོ་ལས་ཁྱེད་ཀྱིས་ནི་ང་ལ་སུ་ཡིན་པས་སྨྲ་མཁན། དགེ་རྒན་ལགས། ཁྱོད་བསྐུས་པ་དེ་རང་ཡིན་པ་ནུ། སྨྲས་ཏེ་པེ་ཏྲོས་སྨྲ་ཟིན། ༣༠ འོ་ལས་ཡ་ཤུ་བས་ཉེ་གནས་ཡ་ལ། འདི་གཏམ་སུ་ལ་ཡང་མ་ཤོད། སྨྲས་ཏེ་བཀའ་སྒོ་ཟིན།།

ཡ་ཤུ་བས་ལན་གཅིག་པ་རང་ལ་འབབ་འོང་མཁན་གྱི་སྡུག་པོའི་དོན་དག་ལ་སྒྲ་གསལ་མཁན།

༣༡ འོ་འདྲ་བཀའ་སྒོ་ཟིན་པ་རང་ཡ་ཤུ་བས་རང་གི་ཉེ་གནས་ཡ་ལ་འདི་སྐད་ཆ་སློབ་ཟིན། མིའི་བུས་སྡུག་པོ་མང་པོ་རང་རྣོག་དགོས་ཅེས་ཡོད། འགོ་པ་ཆེན་པོ། མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཁོ་ལ་དད་པ་ལོག་སྟེ་གསོད་ཅེས་ཡོད། ཡིན་ནས་ཉི་མ་གསུམ་གྱི་འགབ་ལས་མིའི་བུ་གསོན་པོར་ལང་ཅེས་ཡོད། སྨྲས་ཏེ་ ༣༢ ཡ་ཤུ་བས་ཉེ་གནས་ཡ་ལ་གཏམ་གཅིག་ཀྱང་མ་གསང་བར་བྱས་ཏེ་ཤོད་ཟིན། འོ་ལས་པེ་ཏྲོས་ཡ་ཤུ་བ་ལ་ཏོག་ཙམ་ཕར་ཙམ་ལ་འགྲོ་བཅུག་སྟེ། མིན་པ། ཁྱོད་ཀྱིས་འདི་ཅོག་འདྲའི་གཏམ་སྨྲ་ཅེས་མི་འོང་མཁན། སྨྲས་ཏེ་སྨྲ་ཟིན། ༣༣ འོ་ཙམ་ལ་ཡ་ཤུ་བས་ཚུར་ལོག་སྟེ་ཉེ་གནས་གཞན་པ་ཡ་ལ་མཐོང་ཟིན་པ་རང་པེ་ཏྲོ་ལ་བཀའ་སྒྱུར་བཏང་སྟེ། འདི་ལས་སོང་ཁྱོད། ཁྱོད་ཀྱིས་ནི་ས་ཏན་གྱིས་ཅོག་འདྲ་རང་གཏམ་སྨྲ་འོ་ནུ། ཁྱོད་ཀྱི་སེམས་ལ་བསམ་པ་དེ་ཨལ་ལོ་ཧིམ་ལས་འོངས་པ་མིན་པ། འདི་ནི་ཁྱོད་རང་གི་སེམས་ལ་སྐྱེས་པའི་གཏམ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

ཚེ་མཐའ་མེད་པ་འབྱོར་མཁན་གྱི་གཏམ།

༣༤ འོ་ལས་ཡ་ཤུ་བས་མི་བུངས་མ་དང་ཉེ་གནས་ཡ་ལ་སྐད་བརྒྱབ་སྟེ་སྨྲ་ཟིན། ཁྱེད་ངའི་ཉེ་གནས་འགྲོ་ཅེས་སེམས་སྐྱེ་ན་རང་གི་རང་ལ་དྲན་པ་བརྗེད་དགོས་མཁན། ག་འདྲ་སྡུག་པོ་རྣོག་དགོས་ན་ཡང་རྣོག་མཁན། འཆི་དགོས་ན་ཡང་འཆི་མཁན་སྨྲས་ཏེ་ངའི་རྟིང་ཉེ་སྟེ་འོང་དགོས་མཁན། ༣༥ ཅི་སྨྲ་ཟིན་སྨྲ་ན། རང་གི་ཚེ་སྲི་ཅེས་འཚོལ་མཁན་དེ་གི་ཚེ་རང་སྟོར་ཅེས་ཡོད། ང་དང་ངའི་ལོན་བཟང་གི་དོན་དག་ལ་རང་གི་ཚེ་སྟོར་འཇུག་མཁན་དེ་གིས་ནི་ཚེ་མཐའ་མེད་པ་འབྱོར་ཅེས་ཡོད། ༣༦ ཁྱེད་ཀྱིས་འཛམ་བུ་གླིང་གང་པོ་རང་འབྱོར་ཏེ་རང་གི་སེམས་རང་སྟོར་འཇུག་ཟིན་སྨྲ་ན་ཁྱེད་ལ་ཅི་ཕན་ཐོགས་མཁན། ༣༧ སྟོར་ཟིན་པའི་སེམས་གཉིས་པར་འབྱོར་ཅེས་ལ་མིས་ཅི་ཡང་སྟེར་ཁུག་མཁན། ༣༨ མདང་དེ་རིང་གི་བསམ་བློ་ཕྱིར་ཤིག་གཏོང་མཁན་དང་ངོ་ལོག་བྱེད་མཁན་གྱི་མི་ཡ་གིས་ཨལ་ལོ་ཧིམ་ལ་མི་འཚོལ་བས། སུ་ཞིག་གིས་ཁོང་གི་མདུན་ལ་ངའི་མིང་དང་གཏམ་འདོན་ཅེས་ལ་ངོ་ཚ་ཟིན་སྨྲ་ན་ཨ་ཕའི་གཟི་བརྗིད་འཐོགས་ཏེ་ཨལ་གྱི་ལོན་སྐྱེལ་མཁན་རྣམ་པར་དག་པ་ཡ་མཉམ་པོ་འདི་འཛམ་བུ་གླིང་ལ་འོང་མཁན་གྱི་དུས་ཚོད་ལ་མིའི་བུས་ཀྱང་ཁོ་ལ་རང་དེ་སྨྲ་ཅེས་ལ་ངོ་ཚ་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.