མར་ཀུ་ལེའུ་༧།

མིའི་བཟོས་པའི་བཀའ་དང་ཁྲིམས་ཡ་གི་དོན་དག་ལ།

༡ ཉི་མ་གཅིག་ཡ་རུ་ཤ་ལེམ་ལས་ཕ་རི་སི་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་འཛོམས་ཏེ་ཡ་ཤུ་བའི་རྩར་ལ་འོང་ཟིན། ༢ འོ་ལས་ཁོང་གིས་ཉེ་གནས་རེ་འགའས་ལག་པ་ཚི་བས་ལྟོ་ཆས་ཟ་མཁན་མཐོང་ཟིན། ལག་པ་ཚི་བ་སྨྲ་མཁན་དེ་ག་འདྲ་སྨྲ་ཟིན་སྨྲ་ན། ༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་གིས་ལག་པ་ག་འདྲ་བྱས་ཏེ་འཁྲུད་དགོས་མཁན་སྨྲ་མཁན་གྱི་ཁྲིམས་ཡོད་པ། ཁོང་གིས་སྐྱོན་བཏགས་ཏེ། ༣ འོ་ལས་ཁོང་དང་ཡ་ཧུ་དྰ་པ་གཞན་པ་གང་པོས་རང་ཁོང་གི་ཨ་ཁྱེ་མེས་མེ་ཡ་གིས་བཞག་པའི་ཁྲིམས་ལ་རྩི་ན་མིན་པ་ལྟོ་ཆས་མི་ཟ་མཁན། ༤ ཁྲོམ་ལས་ལོག་འོངས་ཏེ་ཡང་ཁོང་གིས་གདོང་ལ་ཁྲུས་བརྒྱབ་སྟེ་མིན་པ་ལྟོ་ཆས་མི་ཟ་མཁན། ཡ་ཧུ་དྰ་པ་ཡ་གིས་འདི་ཅོག་འདྲའི་ཁྲིམས་ཡ་ལ་མང་པོ་རང་རྩི་མཁན། ཕོར་པ། ག་རུ་བ་དང་ཟངས་བུམ་ཡ་དང་ལྕོག་ཙེ་ཡ་གཙང་མ་མ་བྱས་པ་མི་འཐོགས་མཁན། ༥ འོ་སོང་བས་ཕ་རི་སི་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཡ་ཤུ་བ་ལ་འདྲི་ཟིན། ཁྱོད་ཀྱི་ཉེ་གནས་ཡ་གིས་དང་པོའི་མེས་མེ་ཡིན་འཇུག་བརྩིས་ཏེ་འོངས་པའི་ཁྲིམས་ཡ་ལ་ཅི་ལས་མི་རྩི་མཁན། ལག་པ་ཡང་མ་བཀྲུས་པར་བྱས་ཏེ་ཟ་འོ་ནུ། སྨྲས་ཏེ་ཁོང་གིས་སྨྲ་ཟིན། ༦ འོ་ལས་ཡ་ཤུ་བས་སྨྲ་ཟིན། ཡེ་ཤ་ཡས་ཨལ་ལོ་ཧིམ་ལས་མ་འོངས་པའི་རྐྱེན་གྱི་ཤེས་པ་འབྱོར་ཏེ་ཁྱེད་ཡིན་མདོག་སྟོན་མཁན་གྱི་མི་ཡ་ལ་གྲ་སྒྲིག་འགྲིག་མཁན་གྱི་སྐད་ཆ་སྨྲས་པ་ནུ་བ།

འདི་མི་ཡ་ང་ལ་ཁས་ནི་རྩིས་བྱེད་རྫུན་ཞིག་སྟོན་གོ་ནུ།།

ཁོང་གི་སེམས་ནི་ང་ལས་ཐག་རིང་པོ་འཇིགས་པོ་ནུ།།

༧ ཁོང་གིས་ང་ལ་མཆོད་པ་ཕུལ་བ་དེ་དོན་མེད་སྐམ་པོ་ལ་རང་ཡིན་པ།།

ཁོང་གིས་མིའི་བཟོས་པའི་བཀའ་ཁྲིམས་ཡ་གཅིག་རང་སློབ་ཀོ་ནུ། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ།།

སྨྲས་ཏེ་ཡེ་ཤ་ཡས་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་བཞག་ནུ། ༨ ཨལ་ལོ་ཧིམ་གྱི་བཀའ་ཁྲིམས་ཀྱི་བཀའ་ལ་ནི་ཁྱེད་ཀྱིས་གོམ་པ་བརྒྱབ་སྟེ་སྡོད་ཀོ་ནུ། མིའི་བཟོས་པའི་ཁྲིམས་ཡ་ལ་ནི་ཁྱེད་ཀྱིས་རྩི་འོ་ནུ། ཟངས་བུམ་དང་ཕོར་པ་ཡ་གཙང་མ་བྱེད་ཀོ་ནུ། འོ་ལས་འདི་ཅོག་འདྲའི་ལས་ཀ་ཡ་ཁྱེད་ཀྱིས་མང་པོ་རང་བྱེད་ཀོ་ནུ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།

༩ འོ་ལས་གཉིས་པར་ཡ་ཤུ་བས་སྨྲ་ཟིན། རང་གི་བཟོས་པའི་ཁྲིམས་ཡ་ལ་རྩི་ཅེས་སྨྲས་ཏེ་ཨལ་ལོ་ཧིམ་གྱི་བསྟེར་བའི་བཀའ་ཁྲིམས་ཀྱི་བཀའ་ཡ་ལ་གོམ་སྟེ་སྡོད་ཅེས་ལ་ཁྱེད་མཁས་པོ་འཇིགས་པོ་ནུ། ༡༠ དཔེ་ཡིན་ན། མོ་ཤེས། རང་གི་ཨ་ཕ་ཨ་མ་ལ་རྩིས་བྱེད་ཏོང་། འོ་ལས། རང་གི་ཨ་ཕ་ཨ་མ་ལ་ཞབས་འདྲེན་སྐོན་མཁན་དེ་ལ་གསོད་དགོས་མཁན། སྨྲས་ཏེ་བཀའ་སྒོ་ཟིན། ༡༡ ཁྱེད་ཀྱིས་ནི་འདི་ཅོག་འདྲ་སྨྲ་འོ་ནུ། རང་གི་ཨ་ཕ་ཨ་མ་ལ་སྟེར་དགོས་མཁན་གྱི་རྒྱུ་༼དྲིན་ལན་འཇལ་དགོས་མཁན་དེ་༽ངས་ཨལ་ལོ་ཧིམ་ལ་འབུལ་མཁན་སྨྲས་ཏེ་སྨྲ་མཁན་གྱི་མིས་རང་གི་ཨ་ཕ་ཨ་མ་ལ་གསོ་མི་དགོས་མཁན། སྨྲས་ཏེ་ཁྱེད་ཀྱིས་སྨྲ་འོ་ནུ། ༡༢ ད་རུང་ཁྱེད་ཀྱིས་འོ་ཅོག་འདྲ་སྨྲ་མཁན་གྱི་མི་ལ་རང་གི་ཨ་ཕ་ཨ་མ་ལ་གསོ་མི་འཇུག་པས། ༡༣ འདི་ཅོག་འདྲ་བྱས་ཏེ་ཁྱེད་ཀྱིས་ཨལ་ལོ་ཧིམ་གྱི་བསྟེར་བའི་བཀའ་རྒྱབ་ལ་བསྐྱུར་ཏེ་རང་གི་བཟོས་པའི་ཁྲིམས་ཡ་ལ་རྩི་འོ་ནུ། འོ་ལས་འདི་ཅོག་འདྲའི་ལས་ཀ་ཡ་ཁྱེད་ཀྱིས་མང་པོ་རང་བྱེད་ཀོ་ནུ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

མི་ལ་མི་གཙང་བ་བཟོ་མཁན་གྱི་སྐད་ཆ་ཡ།

༡༤ འོ་ལས་ཡ་ཤུ་བས་མི་བུངས་མ་ལ་གཉིས་པར་སྐད་བརྒྱབ་སྟེ་སྨྲ་ཟིན། ད་ནི་ཁྱེད་གང་པོས་རང་སེམས་མ་ཡེངས་པར་བྱས་ཏེ་ཉན་ཏེ་ངའི་སྨྲ་མཁན་གྱི་གཏམ་ཧ་གོ་དོང་། ༡༥ ཁ་ལས་ཀྱིས་བྱས་ཏེ་མིའི་གཟུགས་པོའི་ནང་ལ་སླེབ་མཁན་གྱི་ཅི་རྫས་ཤིག་གིས་ཀྱང་མི་ལ་མི་གཙང་བ་མི་བཟོ་མཁན། མིའི་སེམས་ལ་སྐྱེས་ཏེ་ཁ་ལས་འཐོན་མཁན་གྱི་གཏམ་གྱིས་ག་མི་ལ་མི་གཙང་བ་བཟོ་མཁན། ༡༦ ཨེ་མི་གང་པོ། ངའི་འདེབས་མཁན་གྱི་ཁྲིད་ཡ་ལ་ཉན་གོ་ཞོག །སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།

༡༧ འོ་ལས་ཡ་ཤུ་བ་མི་བུངས་མ་ལ་དབྱུགས་བཞག་སྟེ་ཁང་པའི་ནང་ལ་ཞུགས་ཏེ་འགབ་ལས་ཉེ་གནས་ཡ་གིས། འོ་གཏམ་གྱི་དོན་དག་ཅི་ཡིན་པས། སྨྲས་ཏེ་འདྲི་ཟིན། ༡༨ འོ་ལས་ཡ་ཤུ་བས་སྨྲ་ཟིན། འདི་གཏམ་ངོ་ཤེས་ཅེས་ལ་ཁྱེད་ལ་ཡང་ཁག་པོ་གནས་འོ་ནུ་པས། འོ་ཅོག་འདྲ་ཞིག་ཀྱང་ངོ་མ་ཤེས་པ། ཁ་ལས་ཀྱིས་བྱས་ཏེ་མིའི་ནང་ལ་འཇུག་མཁན་གྱི་རྫས་ཀྱིས་མི་ལ་མི་གཙང་བ་མི་བཟོ་མཁན། ༡༩ འོ་དེ་ནི་ཁོའི་སེམས་ལ་མིན་པ། ཁོའི་གྲོད་པ་ལ་ག་སླེབ་མཁན། འོ་ལས་འོ་ལས་གཉིས་པར་ཐོན་ཏེ་འགྲོ་མཁན་ཨ་ལེ། སྨྲས་ཏེ་སྨྲ་ཟིན། འདི་གཏམ་སྨྲ་མཁན་གང་ལ་ཡ་ཤུ་བས། ལྟོ་ཆས་གང་པོ་རང་གཙང་མ་འོང་མཁན་སྨྲས་ཏེ་སྒྲ་གསལ་བ་ཡིན་པ།

༢༠ འོ་ལས་ཡ་ཤུ་བས་གཏམ་ཐག་བཅད་དེ་སྨྲ་ཟིན། མིའི་ཁ་ལས་འཐོན་མཁན་གྱི་གཏམ་གྱིས་རང་མི་ལ་མི་གཙང་བ་བཟོ་མཁན། ༢༡ ཅི་སྨྲ་ཟིན་སྨྲ་ན། མི་ཡ་གིས་རང་གི་སེམས་གཏིང་ཡིན་འཇུག་རང་བཙོག་པ་འཕྱང་མཁན། འོ་ལས་འོ་གཏམ་ཡ་རང་ཕྱི་ལ་འཐོན་མཁན། མིའི་སེམས་བཙོག་པ་འཕྱང་མཁན་སོང་བས་ཁོས་འཕྱོན་མ་ཞིག་བྱེད་མཁན། རྐུན་མ་རྒྱབ་མཁན། མི་གསོད་མཁན། ༢༢ ལོག་གཡེམ་བྱེད་མཁན། ཧམ་པ་བྱེད་མཁན། འོ་ལས་ལས་ཀ་བཙོག་པ་སྣ་གཞན་པ་གང་པོ་རང་བྱེད་མཁན། གཡོ་སྒྱུ་བྱེད་མཁན། ངན་པར་བྱེད་མཁན། ཕྲག་དོག་བྱེད་མཁན། སྐུར་པ་འདེབས་མཁན། འཁྱེར་རྒྱབ་མཁན། ཆོས་མདོག་སྟོན་མཁན་དང་མནོ་བ་རུལ་བའི་མི་ཅོག་འདྲ་བྱེད་མཁན། ༢༣ འདི་ཅོག་འདྲའི་ལས་ཀ་གང་པོ་རང་མིའི་སེམས་ལ་སྐྱེས་ཏེ་འོང་མཁན། འོ་ལས་འོ་ཡ་གིས་ག་མི་ལ་མི་གཙང་བ་བཟོ་མཁན་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

བརྒྱུད་པ་གཞན་པའི་བུད་མེད་གཅིག་གིས་མོས་པ་ཆེན་པོ་བྱེད་མཁན།

༢༤ འོ་ལས་ཡ་ཤུ་བ་འོ་ས་ཆ་ལ་དབྱུགས་བཞག་སྟེ་ཚོར་དང་ཚི་དོན་གྲོང་གི་འགྲམ་ཡ་ལ་རྒལ་ཟིན། འོ་ལས་མི་ཡ་གིས་རང་ལ་ཐུག་མ་ཟིན་འཇུག་སྨྲས་ཏེ་ཁང་པ་གཅིག་ལ་འཇུག་ཟིན། ཡིན་ནས་མི་ཡ་གིས། ཡ་ཤུ་བ་སླེབས་ནུ། སྨྲས་ཏེ་ཚོར་ཟིན། ༢༥ འོ་ལས་འདྲེ་ཞུགས་པའི་བུ་མོ་ཡོད་མཁན་གྱི་ཨ་མ་གཅིག་གིས་ཡ་ཤུ་བའི་དོན་དག་ལ་ཐོས་ལོང་མེད་པ་རང་འོངས་ཏེ་ཡ་ཤུ་བའི་རྐང་པ་ལ་ཁེབས་བཙུགས་བརྒྱབ་སྟེ་མཇལ་ཟིན། ༢༦ མོ་འོ་ལུང་པ་ལ་སྡོད་མཁན་གྱི་བརྒྱུད་པ་གཞན་པའི་བུད་མེད་ཡིན་མཁན། འོ་ལས་མོས། དགེ་རྒན་ལགས། ངའི་འདྲེ་ཞུགས་པའི་བུ་མོ་ལ་དྲག་འཇུག་དོང་ལགས། སྨྲས་ཏེ་ཡ་ཤུ་བ་ལ་ཞུ་ཟིན། ༢༧ འོ་ལས་ཡ་ཤུ་བས། གདོང་ལ་རང་གི་བུ་ཚ་ཡ་ལ་གྲོད་པ་འགེངས་དགོས་མཁན། བུ་ཚ་ཡ་གི་སྐལ་ལྟོ་ཁྱེར་ཏེ་ཁྱི་པོ་ཡ་ལ་སྟེར་མཁན་དེ་ཡག་པོ་མིན་པ། སྨྲས་ཏེ་སྨྲ་ཟིན། ༢༨ འོ་ལས་མོས། དབང་པོ། ༼དཔོན་པོ།༽ ཡིན་པ་ལགས། ཡིན་ནས་ཁྱི་པོ་ཡ་གིས་ཀྱང་བུ་ཚ་ཡ་གི་སྡེར་མ་ལས་འབོས་པ་དང་རྡིབས་པ་ཡ་ཟ་མཁན་ལགས། སྨྲས་ཏེ་སྨྲ་ཟིན། ༢༩ འོ་ཙམ་ལ་ཡ་ཤུ་བས་སྨྲ་ཟིན། འདི་ཅོག་འདྲ་མོས་པ་ཆེན་པོ་བྱེད་མཁན་གྱི་གཏམ་སྨྲས་པ་སོང་བས་ཁྱོད་ཀྱི་སེམས་ལ་གནས་པ་དེ་དོན་དག་འགྲུབ་ཟིན། ད་ནི་ཁྱོད་འགྲོ་ན་ཡང་འགྲིག་མཁན། འོ་འདྲེ་ཁྱོད་ཀྱི་བུ་མོ་ལས་ཐོན་ཏེ་རྒལ་ཟིན་ཟིན། སྨྲས་ཏེ་སྨྲ་ཟིན། ༣༠ འོ་ལས་མོ་ཁང་པ་ལ་བརྒལ་ཏེ་རང་གི་བུ་མོ་ལ་དྲག་སྟེ་ཉལ་ཁྲི་ལ་ཉལ་ཏེ་བསྡད་པ་མཐོང་ཟིན། འོ་ལས། བདེན་པར་རང་འདྲེ་བུ་མོ་ལས་ཐོན་ཏེ་རྒལ་ཟིན་ནུ། སྨྲས་ཏེ་མོས་ཧ་གོ་ཟིན།།

སྨྲ་མི་ཁུག་པའི་མི་གཅིག་ལ་དྲག་འཇུག་མཁན།

༣༡ ཚོར་གྲོང་གི་འགྲམ་ལས་ཡ་ཤུ་བ་ཚི་དོན་གྲོང་ལས་ཀྱིས་བྱས་ཏེ། འོ་ལས་འོ་ལས་གྲོང་བཅུ་སྨྲ་མཁན་གྱི་ས་ལས་ཀྱིས་བྱས་ཏེ་གཉིས་པར་ག་ལིལ་མཚོ་ལ་ལོག་རྒལ་ཟིན། ༣༢ འོ་ལས་འོ་ལ་མི་ཡ་གིས་རྣ་མཆོག་མི་ཐོས་མཁན་དང་གཏམ་ཡག་པོ་བྱས་ཏེ་མི་འཐོན་མཁན་གྱི་མི་གཅིག་ལ་ཡ་ཤུ་བའི་རྩར་ལ་ཁྱོང་སྟེ། འདི་མི་ལ་རང་གི་ལག་པས་རེག་དོང་། སྨྲས་ཏེ་ཞུ་ཟིན། ༣༣ འོ་ལས་ཡ་ཤུ་བས་འོ་མི་ལ་མི་བུངས་མ་ལས་བཏོན་ཏེ་ཏོག་ཙམ་ཕར་ཙམ་ལ་ཁྱེར་ཏེ་ཁོའི་རྣ་མཆོག་ལ་ལག་པའི་མཛུབ་མོ་རྫོང་ཟིན། འོ་ལས་རང་གི་ལག་པ་ལ་ཐུ་བྱས་ཏེ་ཁོའི་ལྕེ་ལ་རེག་ཟིན། ༣༤ འོ་ལས་གནམ་ལས་ཡར་བལྟས་ཏེ་དབུགས་རིང་པོ་ཞིག་བཏང་སྟེ། ཁ་ཕྱེ་ཤོག །སྨྲས་ཏེ་སྨྲ་ཟིན། ༣༥ ཡ་ཤུ་བས་འདི་བཀའ་སྒོ་ལོང་མེད་པ་རང་འོ་མིའི་རྣ་མཆོག་ཐོས་མཁན་རྒལ་ཟིན། ཁོས་གཏམ་ཡང་བཀྲག་པོ་བྱས་ཏེ་སྨྲ་ཅེས་འཛུགས་ཟིན། ༣༦ འོ་ལས་ཡ་ཤུ་བས་མི་ཡ་ལ། འདི་གཏམ་སུ་ལ་ཡང་མ་ཤོད། སྨྲས་ཏེ་བཀའ་སྒོ་ཟིན། ཡ་ཤུ་བས་ག་ཚོད་བཀའ་སྒོ་ན་ཡང་མི་ཡ་གིས་འོ་ཙམ་རང་བཤད་དེ་རྒལ་ཟིན། ༣༧ ཁོང་འཇིགས་པོ་རང་ཧ་ལས་ཏེ། ༼ཁོང་འཇིགས་པོར་ཧ་ལས་ཏེ།༽ མི་རོགས་ཀྱིས་ལས་ཀ་གང་པོ་རང་ག་འདྲ་ཡག་པོ་བྱས་ཏེ་བྱེད་ཀོ་ནུ། རྣ་མཆོག་མི་ཐོས་མཁན་གྱི་མི་ལ་མི་རོགས་ཀྱིས་ཐོས་མཁན་འགྲོ་འཇུག་ཀོ་ནུ། གཏམ་མི་འཐོན་མཁན་ཡ་ལ་གཏམ་སྨྲ་ཤེས་མཁན་བཟོ་འོ་ནུ། སྨྲས་ཏེ་མི་ཡ་གིས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.