མར་ཀུ་ལེའུ་༦།

ཡེ་ཤུ་བ་རང་ཚར་བའི་ན་ཙ་རེད་གྲོང་ལ་འོང་མཁན།

༡ འོ་ལས་ཡེ་ཤུ་བ་རང་ཚར་བའི་ཕ་ཡུལ་ལ་འགྲོ་ཟིན། འོ་ལས་ཉེ་གནས་ཡ་ཡང་ཡེ་ཤུ་བ་མཉམ་པོ་རང་འགྲོ་ཟིན། ༢ འོ་ལས་ངལ་འཚོ་མཁན་གྱི་ཉི་མ་ལ་ཡེ་ཤུ་བ་ཡ་ཧུ་དྰ་པའི་ཚོགས་ཁང་ལ་ཁྲིད་འདེབས་ཅེས་འཛུགས་ཟིན། འོ་ལས་ཡེ་ཤུ་བའི་ཁྲིད་ལ་ཉན་མཁན་གྱི་མི་མང་པོས་རང་ཧ་ལས་ཏེ་སྨྲ་སྨྲ་རྩོད་ཟིན། འདི་མིས་འདི་སྐད་ཆ་ཡ་ག་འདྲ་བྱས་ཏེ་ཤེས་པ་ད། འདི་ཅོག་འདྲའི་རིག་ཤེས་ཁོས་ག་ནས་འབྱོར་བ། ཁོས་ནི་ལས་ཀ་ཡ་མཚན་པ་ཡ་ཡང་བྱེད་ཀོ་ནུ། ༣ ཁོ་མིར་ཡམ་གྱི་བུ་ཤིང་བཟོ་མཁས་པ་དེ་མིན་པས། (མིན་ནམ།) ཁོ་ཡ་ཀོ་བོས། ཡོ་སེ། ཡུ་དྰ་དང་སི་མོན་གྱི་ཨ་པོ་མིན་པས། (མིན་ནམ།) འོ་ལས་ཁོའི་ནུ་མོ་ཡ་ཡང་འདི་ལ་སྡོད་མཁན་མིན་པས། (མིན་ནམ།) སྨྲས་ཏེ་མི་ཡ་གིས་སྨྲ་སྨྲ་རྩོད་ཟིན། འོ་ལས་ཁོང་གིས་ཡེ་ཤུ་བ་ལ་ཡིད་མ་ཆེས་པར་བྱས་ཏེ་ཞེ་སྡང་བྱེད་ཟིན། ༤ འོ་ལས་ཡེ་ཤུ་བས་སྨྲ་ཟིན། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ལ་ཡུལ་གཞན་པ་ག་ན་སྨྲ་ན་ཡང་རྩིས་བྱེད་མཁན། རང་གི་ཡུལ་གྱི་མི། རང་གི་གཉེན་ཚན་ཉེ་བ་དང་ཁང་པའི་མེ་མེ་ཡ་གིས་ནི་རྩིས་མི་བྱེད་མཁན། སྨྲས་ཏེ་སྨྲ་ཟིན། ༥ འོ་སོང་བས་ཡེ་ཤུ་བས་ནད་པ་རེ་འགའ་ལ་རང་གི་ལག་པས་རེག་སྟེ་དྲག་འཇུག་མཁན་མིན་པ། ལས་ཀ་གཞན་པ་ཡ་མཚན་ཆེ་བ་ཡ་ཅི་ཡང་བྱེད་མ་ཁུགས། ༦ འོ་ལས་རང་ཡུལ་གྱི་མི་ཡ་གིས་རང་ལ་ཡིད་མ་ཆེས་པ་བལྟས་ཏེ་ཡེ་ཤུ་བ་ཧ་ལས་ཟིན། འོ་ལས་རྩར་ཟུར་གྱི་ཡུལ་ཡ་ལ་ཕྱིན་ཏེ་འོ་ཡུལ་གྱི་མི་ཡ་ལ་ཁྲིད་འདེབས་ཟིན།།

ཡེ་ཤུ་བས་ཉེ་གནས་བཅུ་གཉིས་ལ་ལོན་བཟང་ཤོད་ཅེས་ལ་གཏོང་མཁན།

༧ ཡེ་ཤུ་བས་ཉེ་གནས་བཅུ་གཉིས་ལ་འཛོམ་བཅུག་སྟེ་མི་ལས་འདྲེ་ལ་འདོན་མཁན་གྱི་དབང་སྟེར་ཟིན། འོ་ལས་མན་ན་གཉིས་གཉིས་བྱས་ཏེ་ཡུལ་དང་གྲོང་ལ་གཏོང་ཟིན། ༨ འོ་ལས་ཁོང་ལ་འདི་ཅོག་འདྲའི་བཀའ་སྒོ་ཟིན། ལམ་ཞུགས་ཏེ་འགྲོ་མཁན་གང་ལ་འཛུགས་མཁན་གྱི་བེར་ཀ་གཅིག་མིན་པ་ཅི་ཡང་མ་འཁུར། ན་འཁུར་བ། ན་འབོག །ན་ཊང་ཀ །འདི་ཅོག་འདྲའི་རྫས་ཅི་ཡང་འཁུར་མི་དགོས་མཁན། ༩ ལྷམ་གོན་ཏེ་སོང་། ཡིན་ནས་སྤོ་བའི་བཀབ་ཆ་མ་འཁུར། ༡༠ གང་དྲའི་ཁང་པའི་མེ་མེ་ཡ་གིས་ཁྱེད་ལ་ཤོག་སྨྲ་མཁན། འོ་ཡུལ་ལས་ཐོན་ཏེ་མ་ཕྱིན་པར་དུ་འོ་མེ་མེ་ཡ་གི་ཁང་པ་ལ་རང་སྡོད་ཏོང་། ༡༡ མིའི་ཡུལ་ལ་སླེབས་ཏེ་ཁྱེད་ལ་སུ་ཞིག་གིས་ཀྱང་སྡོད་ས་མ་བསྟེར་བར་བྱས་ཏེ་ཁྱེད་ཀྱི་སྐད་ཆ་ལ་མི་ཉན་ཟིན་སྨྲ་ན་(མི་ཉན་ན་)འོ་ཡུལ་ལས་ཐོན་ཏེ་འགྲོ་མཁན་གང་ལ་འོ་ཡུལ་གྱི་མི་ཡ་ལ་འཇིགས་དངངས་འདོན་ཅེས་ལ་ཁྱེད་ཀྱི་རྐང་པའི་རྡུལ་སྤྲུགས་ཏེ་ཞོག །ཁྲིམས་གཏོང་མཁན་གྱི་ཉི་མ་ལ་འོ་ཡུལ་གྱི་མི་ཡ་ལ་སྨྲས་ཏེ་ནི་(འོ་ཡུལ་གྱི་མི་ཡ་ལ་ལས་ནི་)དང་པོའི་ས་དོམ་དང་ག་མོ་རྰ་གྲོང་ཁྱེར་གྱི་མི་ངོ་ལོག་པ་ཡ་ལ་ག་ཉེས་པ་ཉུང་ངེ་ཞིག་འགེལ་ཅེས་ཡོད། སྨྲས་ཏེ་ཡེ་ཤུ་བས་ཉེ་གནས་ཡ་ལ་སྐད་པ་བཏང་སྟེ་གཏོང་ཟིན།

༡༢ འོ་ལས་ཉེ་གནས་ཡ་ཡུལ་ཡུལ་ལ་ཕྱིན་ཏེ་མི་ཡ་ལ། བཤགས་པ་བྱས་ཏེ་ངོ་ལོག་སྤོང་དོང་། སྨྲས་ཏེ་ཤོད་ཟིན། ༡༣ ཁོང་གིས་མི་མང་པོ་ལས་རང་འདྲེ་ཡ་ལ་འདོན་ཟིན། འོ་ལས་ནད་པ་མང་པོ་ལ་རང་སྣུམ་བསྐུས་ཏེ་དྲག་འཇུག་ཟིན།།

ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་ལ་གསོད་མཁན།

༡༤ ཡེ་ཤུ་བས་ལས་ཀ་བྱས་པའི་སྐད་ཆ་མང་པོ་ཕེལ་ཏེ་ཕྱིན་པ་སོང་བས་༼རོ་མ་པ་རྒྱལ་པོ་ཀེ་སར་གྱི་དབང་གི་འོག་ལ་ཆུད་དེ་ག་ལིལ་ལུང་པ་ལ་༽རྒྱལ་པོ་བྱེད་མཁན་གྱི་ཧེ་རོ་དྰེས་ཀྱང་ཡེ་ཤུ་བའི་དོན་དག་ལ་ཐོས་ཟིན། རེ་འགའས། ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་རང་གསོན་པོར་ལངས་པ་ཡིན་པ་ཚོད་ནུ། འོ་སོང་བས་མི་རོགས་ལ་འོ་ཅོག་འདྲའི་ལས་ཀ་ཡ་མཚན་ཆེ་བ་ཡ་བྱེད་མཁན་གྱི་དབང་ནུ། སྨྲས་ཏེ་སྨྲ་ཟིན། ༡༥ རེ་འགའས། འོ་མི་ཨལ་ལ་ཡ་ཡིན་པ་ནུ། སྨྲས་ཏེ་ཡང་སྨྲ་ཟིན། འོ་ལས་རེ་འགའས། འོ་མི་དང་པོའི་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གཅིག་ཡིན་པ་ནུ། སྨྲས་ཏེ་ཡང་སྨྲ་ཟིན།

༡༦ འོ་སྐད་ཆ་ཡ་ཐོས་ཏེ་འགབ་ལས་ཧེ་རོ་དྰེས་ནི། ངས་མགོ་གཏུབ་བཅུག་པའི་ཡུ་ཧ་ནན་རང་གསོན་པོར་ལངས་པ་ནུ། (ལངས་ནུ།) སྨྲས་ཏེ་སྨྲ་ཟིན། ༡༧ ཅི་སྨྲ་ཟིན་སྨྲ་ན། (ཅི་སྨྲ་ན།) ཧེ་རོ་དྰེ་རང་གི་རང་། ཡུ་ཧ་ནན་ལ་བཟུང་སྟེ་བཙོན་ཁང་ལ་བླུག་དོང་། སྨྲས་ཏེ་བསྐུལ་ཏེ་ཡོད་མཁན། (བསྐུལ་ཡོད་མཁན།) འོ་ཙམ་ལ་ཅི་ཕྱིན་པ་སྨྲ་ཟིན་སྨྲ་ན། (ཕྱིན་པ་སྨྲ་ན།) ཧེ་རོ་དྰེས་རང་གི་འོག་མ་ཕི་ལིབ་ཀྱི་བུད་མེད་ཧེ་རོད་ཡྰ་ལ་འོམ་སྟེ་ཁྱེར་ཏེ་བག་མ་བྱེད་ཟིན། ༡༨ འོ་ལས་ཡུ་ཧ་ནན་གྱིས་ཁོ་ལ། རང་གི་འོག་མའི་བུད་མེད་འཁྱོང་མཁན་དེ་ནི་བཀའ་ཁྲིམས་ལ་གོམ་པ་བརྒྱབ་པ་ཡིན་པ། སྨྲས་ཏེ་སྨྲ་ཟིན། ༡༩ འོ་ལས་འོ་བུད་མེད་ཧེ་རོད་ཡྰས་ཡུ་ཧ་ནན་ལ་ཞེ་སྡང་བྱས་ཏེ་གསོད་ཅེས་འཚོལ་ཟིན། ཡིན་ནས་མོས་གླགས་མ་ཁེལ། ༢༠ ཅི་སྨྲ་ཟིན་སྨྲ་ན། (ཅི་སྨྲ་ན།) ཡུ་ཧ་ནན་མི་དྲང་བདེན་ཡིན་སྨྲས་ཏེ་ཧེ་རོ་དྰེ་ལ་རྒྱུས་ཡོད་མཁན། འོ་སོང་བས་ཁོ་འཇིགས་ཏེ་ཡུ་ཧ་ནན་ལ་མ་བསད་པར་བྱས་ཏེ་བཞག་སྟེ་ཡོད་མཁན། (བཞག་ཡོད་མཁན།) བར་དཀྱིལ་བར་དཀྱིལ་ལ་ཧེ་རོ་དྰེས་ཡུ་ཧ་ནན་ལ་ཐུག་སྟེ་ཁོ་མཉམ་པོ་སྐད་ཆ་སྨྲ་འོ་ཡོད་མཁན། འོ་ལས་ཡུ་ཧ་ནན་གྱི་སྐད་ཆ་ཐོས་ཏེ་ཧེ་རོ་དྰེ་རྟབ་པ་འཐོམ་པ་འགྲོ་ན་ཡང་ཡུ་ཧ་ནན་གྱི་སྐད་ཆ་ལ་ཉན་ཅེས་སེམས་སྐྱེ་འོ་ཡོད་མཁན།

༢༡ ཉི་མ་གཅིག་ཧེ་རོད་ཡྰ་ལ་སྐྱིན་པ་འཇལ་མཁན་གྱི་བྱེད་མཐུན་ཟིན། ཧེ་རོ་དྰེས་རང་གི་སྐྱེས་སྐར་གྱི་ཉི་མ་ལ་ག་ལིལ་ལུང་པའི་བཀའ་བློན། རོ་མ་པ་དམག་མི་ཡ་གི་སྟོང་དཔོན་དང་མི་ཆེན་པོ་གཞན་པ་ཡ་ལ་སྤྱན་འདྲེན་བརྒྱབ་སྟེ་དགོང་ཟས་ཆེན་པོ་ཞིག་སྟེར་ཟིན། ༢༢ འོ་ལས་ཧེ་རོད་ཡྰའི་བུ་མོ་མགྲོན་པོ་ཡ་གི་མདུན་ལ་འོངས་ཏེ་འཆམ་ཟིན། འོ་ལས་མོའི་བཅམ་པ་དེ་ལ་མཐོང་སྟེ་ཧེ་རོ་དྰེ་དང་མགྲོན་པོ་ཡ་ལ་འཇིགས་པོ་རང་དགེ་དང་ལང་ཟིན། (འཇིགས་པོར་དགེ་བ་ལང་ཟིན།) འོ་ལས་རྒྱལ་པོས་མོ་ལ། བུ་མོ། ཁྱོད་ལ་ཅི་དགོས་མཁན། ཁྱོད་ཀྱི་ཅི་སློང་སྨྲ་མཁན་དེ་ངས་སྟེར་མཁན། སྨྲས་ཏེ་སྨྲ་ཟིན། ༢༣ འོ་ལས་མནའ་བསྐྱེལ་ཏེ་རྒྱལ་པོས། རྒྱལ་ཁམས་ཕྱེད་བགོས་སློང་སྨྲ་ན་ཡང་སྟེར་མཁན། སྨྲས་ཏེ་སྨྲ་ཟིན།

༢༤ འོ་ལས་མོ་ཨ་མའི་རྩར་ལ་ཕྱིན་ཏེ། ངས་ཅི་སློང་དོང་ཨ་མ། སྨྲས་ཏེ་འདྲི་ཟིན། འོ་ལས་ཨ་མས། ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་མགོ་སློང་སྨྲ་དོང་། སྨྲས་ཏེ་སྨྲ་ཟིན། ༢༥ འོ་ལས་བུ་མོས་རྒྱལ་པོའི་རྩར་ལ་ཕྱིན་ཏེ། ང་ལ་ད་ལྟ་རང་ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་མགོ་སྡེར་མ་ལ་བཞག་སྟེ་སྟེར་ཏོང་ལགས། སྨྲས་ཏེ་ཞུ་ཟིན། ༢༦ འདི་ཅོག་འདྲ་བསླངས་པ་སོང་བས་རྒྱལ་པོའི་སེམས་འཇིགས་པོ་རང་ན་ཟིན། (འཇིགས་པོར་ན་ཟིན།) ཡིན་ནས་མགྲོན་པོ་ཡ་གི་མདུན་ལ་མནའ་བསྐྱེལ་བ་སོང་བས་བུ་མོའི་བསླངས་པ་དེ་མི་སྟེར་སྨྲས་ཏེ་སྨྲ་མ་ཁུགས། ༢༧ འོ་སོང་བས་ཁོས་འོ་ཙམ་ལ་རང་དམག་མི་གཅིག་ལ་སྐད་བརྒྱབ་སྟེ། ཡུ་ཧ་ནན་གྱི་མགོ་བཅད་དེ་ཁྱེར་ཤོག །སྨྲས་ཏེ་སྐུལ་ཟིན། འོ་ལས་འོ་དམག་མི་བཙོན་ཁང་ལ་ཕྱིན་ཏེ་ཡུ་ཧ་ནན་གྱི་མགོ་བཅད་དེ་ ༢༨ སྡེར་མ་ལ་བཞག་སྟེ་ཁྱོང་སྟེ་བུ་མོ་ལ་སྟེར་ཟིན། འོ་ལས་བུ་མོས་ཁྱེར་ཏེ་རང་གི་ཨ་མ་ལ་སྟེར་ཟིན།

༢༩ འདི་ཅོག་འདྲ་ཕྱིན་པ་དེ་ཐོས་ཏེ་འགབ་ལས་ཡུ་ཧ་ནན་གྱི་ཉེ་གནས་ཡ་འོངས་ཏེ་ཡུ་ཧ་ནན་གྱི་ཕུང་པོ་ཁྱེར་ཏེ་ཕུག་པ་ལ་བདོག་ཟིན།།

ཡེ་ཤུ་བས་མི་སྟོང་ཕྲག་ལྔ་ཙམ་ལ་ཟ་ཅེས་སྟེར་མཁན།

༣༠ སྐུ་ཚབ་ཡ་༼ཉེ་གནས་འགོ་ཆེ་བ་ཡ་༽ལོག་འོང་ཟིན་པ་རང་(ཟིན་པ་དང་)རང་གི་བྱས་པའི་ལས་ཀ་དང་བཏབ་པའི་ཁྲིད་ཡ་གི་དོན་དག་ལ་ཡེ་ཤུ་བ་ལ་ཤོད་ཟིན། ༣༡ འོ་ལས་ཡེ་ཤུ་བའི་རྩར་ལ་མི་མང་པོ་རང་འོང་མཁན་འགྲོ་མཁན་སོང་བས་ཁོང་ཡ་ལ་ལྟོ་ཟ་ལོང་ཞིག་ཀྱང་མ་འོངས། འོ་སོང་བས་ཡེ་ཤུ་བས་ཉེ་གནས་ཡ་ལ། ཁྱེད་ཅིག་རང་ང་མཉམ་པོ་ཤོག །འོ་རང་ས་ཆ་ཡངས་པོ་ཞིག་ལ་ཕྱིན་ཏེ་ངལ་འཚོ་མཁན། སྨྲས་ཏེ་སྨྲ་ཟིན། ༣༢ འོ་ལས་ཁོང་ཡ་གྲུ་གཅིག་ལ་འཛེགས་ཏེ་ས་ཆ་ཡངས་པོ་ཞིག་ལ་འགྲོ་ཟིན། ༣༣ མི་ཡ་གིས་ནི་ཁོང་ཡ་ལ་འགྲོ་མཁན་མཐོང་སྟེ་ཁོང་ལ་ངོ་ཤེས་ཟིན། འོ་ལས་མི་ཡ་ཡུལ་ཡུལ་ལས་འོངས་ཏེ་མཚོའི་ཟུར་ཏ་ཟུར་བྱས་ཏེ་(ཟུར་ལ་བྱས་ཏེ་)ཁོང་ཡ་སྨྲས་ཏེ་ཡང་གདོང་ལ་རང་(ཁོང་ཡ་ལས་ཀྱང་གདོང་ལ་)མཆོངས་ཏེ་ཡེ་ཤུ་བ་འགྲོ་མཁན་གྱི་ས་ཆ་ལ་རང་སླེབ་ཟིན།

༣༤ འོ་ལས་གྲུ་ལས་འབབ་མཁན་གང་ལ་མི་བུངས་མ་མཚོའི་ཟུར་ལ་བདག་པོ་མེད་པའི་ལུག་ཅོག་འདྲ་བྱས་ཏེ་བསྡད་པ་དེ་བལྟས་ཏེ་ཡེ་ཤུ་བའི་སེམས་ལ་སྙིང་རྗེ་སྐྱེ་ཟིན། འོ་ལས་ཡེ་ཤུ་བས་ཁོང་ལ་ཁྲིད་མང་པོ་རང་འདེབས་ཟིན། ༣༥ ཁྲིད་འདེབས་འདེབས་པ་གང་ལ་ནམ་སྲོད་ཅེས་བྱེད་ཟིན། འོ་ལས་ཉེ་གནས་ཡ་ཡེ་ཤུ་བའི་རྩར་ལ་འོངས་ཏེ་སྨྲ་ཟིན། དགེ་རྒན་ལགས། ད་ནི་ནམ་སྲོད་ཅེས་བྱེད་ཟིན། འདི་ལ་ནི་ཅི་ཡང་མི་འདུག ༣༦ །ད་ནི་འདི་མི་ཡ་ལ་གློད་གཏོང་དོང་། ཁོང་རྩར་ཟུར་གྱི་ཡུལ་ཡ་ལ་ཕྱིན་ཏེ་ཅི་དག་ཉོས་ཟ་འཇུག །ཅི་ལས་སྨྲ་ན་(ཅི་སྨྲ་ན་)ཁོང་ཡ་ལ་ལྟོ་ཆས་མི་འདུག །སྨྲས་ཏེ་སྨྲ་ཟིན། ༣༧ འོ་ལས་ཡེ་ཤུ་བས། ཁྱེད་ཀྱིས་རང་ཁོང་ལ་ཟ་ཅེས་སྟེར་ཏོང་། སྨྲས་ཏེ་སྨྲ་ཟིན། འོ་ལས་ཁོང་གིས། འདི་ཙམ་མང་བ་མི་ལ་འཁུར་བ་ཉོས་ཏེ་སྟེར་ཅེས་ལ་ནི་འོ་རང་དེ་དངུལ་གྱི་ཊང་ཀ་བཞི་བརྒྱ་འཆོར་ཅེས་ནུ། སྨྲས་ཏེ་སྨྲ་ཟིན། ༣༨ འོ་ལས་ཡེ་ཤུ་བས། ཁྱེད་མཉམ་པོ་འཁུར་བ་ག་ཚོད་ཡོད་པ་ལྟ་དོང་། སྨྲས་ཏེ་སྨྲ་ཟིན། འོ་ལས་ཁོང་ལྟ་ཕྱིན་ཏེ། འཁུར་བ་ལྔ་དང་ཉ་གཉིས་ཤིག་རང་ནུ་བ། སྨྲས་ཏེ་སྨྲ་ཟིན།

༣༩ འོ་ལས་ཡེ་ཤུ་བས་ཉེ་གནས་ཡ་ལ། འདི་མི་ཡ་ལ་ཁྱུ་ཁྱུ་བཟོས་ཏེ་སྤང་རྩྭའི་ཁ་ལ་སྡོད་འཇུག་དོང་། སྨྲས་ཏེ་སྐུལ་ཟིན། ༤༠ འོ་ལས་མི་ཡ་བརྒྱ་བརྒྱ་དང་ལྔ་བཅུ་ལྔ་བཅུའི་ཁྱུ་༼ཁལ་ལྔ་ལྔ་དང་ཁལ་ཕྱེད་དང་གསུམ་གསུམ་གྱི་ཁྱུ་༽བྱས་ཏེ་སྤང་རྩྭའི་ཁ་ལ་སྡོད་ཟིན། ༤༡ འོ་ལས་ཡེ་ཤུ་བས་འཁུར་བ་ལྔ་དང་ཉ་གཉིས་ལག་པ་ལ་བླངས་ཏེ་གནམ་ལ་བལྟས་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་འབུལ་ཟིན། འོ་ལས་འཁུར་བ་ཧྲལ་ཏེ་ཉེ་གནས་ཡ་ལ་སྟེར་ཟིན། ཉེ་གནས་ཡ་གིས་ཁྱེར་ཏེ་མི་ཡ་ལ་བགོས་ཏེ་སྟེར་ཟིན། འོ་ལས་ཡེ་ཤུ་བས་ཉ་གཉིས་ཀྱང་བགོད་ཟིན། ༤༢ མི་གང་པོས་རང་ཟ་ཁུག་མཁན་ཐུག་ཟ་ཟིན། ༤༣ ཟ་ཟིན་ཏེ་འགབ་ལས་ལྷག་ཤུལ་ཡ་སྡུད་མཁན་གང་ལ་ཙེ་པོ་བཅུ་གཉིས་གང་ཟིན། ༤༤ འོ་ལ་ཟ་མཁན་གྱི་མི་སྐྱེས་པ་ཁྱོ་ག་དེ་རང་(ཁྱོ་ག་དེ་རང་)སྟོང་ཕྲག་ལྔ་ཙམ་ཡོད་མཁན།།

ཡེ་ཤུ་བ་ཆུའི་ཐོག་ལ་འོང་མཁན།

༤༥ མི་ཡ་ལ་ཟ་ཅེས་སྟེར་འཚར་ལོང་མེད་པ་རང་ཡེ་ཤུ་བས་ཉེ་གནས་ཡ་ལ། ཁྱེད་གྲུ་ལ་ཞུགས་ཏེ་གདོང་ལ་རང་ཕར་ཀན་ལྡེབས་ཀྱི་བེད་ཙ་ཡི་དྰ་ཡུལ་ལ་ལོག་སོང་། སྨྲས་ཏེ་སྨྲ་ཟིན། ཡེ་ཤུ་བ་རང་དེ་མི་ཡ་ལ་ཟློག་གཏོང་ཅེས་ལ་སྡོད་ཟིན། ༤༦ མི་ཡ་ལ་ཟློག་གཏོང་འཚར་ཟིན་པ་རང་(ཟིན་པ་དང་)ཡེ་ཤུ་བ་རི་ལ་འཛེགས་ཏེ་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཅེས་ལ་འགྲོ་ཟིན། ༤༧ ནམ་སྲོད་ཅེས་བྱེད་མཁན་གང་ལ་ཡང་ཡེ་ཤུ་བ་གཅིག་རང་ཚུར་ཀན་ལྡེབས་ལ་རང་བསྡད་དེ་ཡོད་མཁན། (བསྡད་ཡོད་མཁན།) གྲུ་དེ་མཚོའི་ཕྱེད་ལས་ཕར་སླེབ་ཟིན་ཏེ་ཡོད་མཁན། ༤༨ འོ་ལས་ལྷག་པ་རླུང་བསེབ་གྲུའི་མདུན་ངོས་ལ་འོངས་པ་སོང་བས་ཉེ་གནས་ཡ་ལ་ཕར་ཀན་ལྡེབས་ལ་སླེབ་ཅེས་ལ་ཁག་པོ་འོངས་པ་དེ་ཡེ་ཤུ་བས་མཐོང་ཟིན། ནམ་ཐོ་རེངས་ཕྱིན་ཏེ་འགབ་ལས་ཡེ་ཤུ་བ་ཆུའི་ཐོག་ལ་ཕྱིན་ཏེ་ཁོང་ལ་ཐུག་འགྲོ་ཟིན། འོ་ལས་ཁོང་གི་འགྲམ་ལ་སླེབས་ཏེ་ཡང་ད་རུང་ཡང་ཕར་རང་འོང་ཅེས་བྱེད་ཟིན། ༤༩ ཆུའི་ཐོག་ལ་འོང་མཁན་མཐོང་གོ་རང་ནི་(མཐོང་བ་དང་རང་ནི་)ཉེ་གནས་ཡ་གིས་སེམས་ལ་འདྲེ་འོང་ཟིན་གནས་ཏེ་སྐད་འདོན་ཅེས་འཛུགས་ཟིན། ༥༠ འོ་ཅོག་འདྲ་འོང་མཁན་མཐོང་སྟེ་ཁོང་གང་པོ་རང་འཇིགས་ཟིན། འོ་ཙམ་ལ་ཡེ་ཤུ་བས་མགྱོགས་པར། མ་འཇིགས། ང་རང་ཡིན། སྨྲས་ཏེ་སྐད་ཆ་སྨྲ་ཟིན། ༥༡ འོ་ལས་གྲུ་ལ་འཇུག་ཟིན། འཇུག་ལོང་མེད་པ་རང་ལྷག་པ་རླུང་བསེབ་ཡང་ཙོག་གེ་སྡོད་ཟིན། འདི་མཐོང་སྟེ་ཉེ་གནས་ཡ་འཇིགས་པོ་རང་ཧ་ལས་ཟིན། (འཇིགས་པོར་ཧ་ལས་ཟིན།) ༥༢ ཡེ་ཤུ་བས་འོ་ཙམ་མང་བ་མི་ལ་འཁུར་བ་ཟ་ཅེས་བསྟེར་བ་དེ་མཐོང་སྟེ་ཡང་ཁོང་གིས་ཡེ་ཤུ་བའི་དབང་ག་ཚོད་པ་ཆེན་པོ་ནུ་སྨྲ་མཁན་དེ་ད་རུང་ཡང་ངོ་མ་ཤེས་པས། ཁོང་གི་སེམས་རང་གླེན་པ་ཡོད་མཁན་ནུ་བ།།

གེ་ནེ་ས་རེད་ཡུལ་ལ་ནད་པ་མང་པོ་ལ་རང་དྲག་འཇུག་མཁན།

༥༣ འོ་ལས་ཁོང་ཡ་མཚོ་བཅད་དེ་གེ་ནེ་ས་རེད་སྨྲ་མཁན་གྱི་ཡུལ་ལ་གྲུ་ལས་འབབ་ཟིན། ༥༤ གྲུ་ལས་འབབ་ལོང་མེད་པ་རང་འོ་ཡུལ་གྱི་མི་ཡ་གིས་ཡེ་ཤུ་བ་ལ་ངོ་ཤེས་ཟིན། ༥༥ འོ་ལས་རྩར་ཟུར་གྱི་ཡུལ་ཡ་ལ་བསྐོར་ཏེ་ནད་པ་ཡ་ལ་གདན་རང་ཁུར་ཏེ་ཡེ་ཤུ་བའི་རྩར་ལ་འཁྱོང་ཟིན། ཡེ་ཤུ་བ་ག་ག་ན་ཕྱིན་པ་ཁོང་གིས་ནད་པ་ཡ་ལ་འོ་འོ་ལ་རང་འཁྱོང་ཟིན། ༥༦ ཡེ་ཤུ་བ་གྲོང་། ཡུལ་དང་ཁང་པ་གཉིས་གསུམ་ཡོད་མཁན་གྱི་ས་ཆ་ཡ་ལ་བསྐོར་ཏེ་འོང་ཟིན། ཡེ་ཤུ་བ་ག་ག་ན་སླེབ་མཁན་གྱི་མི་ཡ་གིས་ནད་པ་ཡ་ལ་ལམ་སའི་ཁ་ཡ་ལ་ཁྱོང་སྟེ་འཇོག་མཁན། འོ་ལས་ཡེ་ཤུ་བ་ལ། འདི་ནད་པ་ཡ་ལ་ཁྱོད་ཀྱི་བཀབ་ཆའི་ཟུར་གཅིག་ཅིག་རང་རེག་འཇུག་དོང་ལགས། སྨྲས་ཏེ་ཞུ་མཁན། འོ་ལས་ཡེ་ཤུ་བའི་བཀབ་ཆ་ལ་རེག་མཁན་ཡ་གང་པོ་ལ་རང་དྲག་མཁན།། །།

Your encouragement is valuable to us

Your stories help make websites like this possible.