འདྲེ་མང་པོ་ཞུགས་པའི་མི་གཅིག་གི་སྐད་ཆ།
༡ འོ་ལས་ཁོང་ཡ་གྲུ་ལ་འཛེགས་ཏེ་ཕྱིན་ཏེ་ག་ལིལ་མཚོའི་ཕར་ཀན་ལྡེབས་ཀྱི་གེ་ར་ས་ནི་སྨྲ་མཁན་གྱི་ཡུལ་ཡ་ལ་སླེབ་ཟིན། ༢ འོ་ལས་ཡ་ཤུ་བ་གྲུ་ལས་འབབ་མཁན་གང་ལ་ནི་འདྲེ་ཞུགས་པའི་མི་གཅིག་རོ་བདོག་མཁན་གྱི་ཕུག་པ་ལས་ཐོན་ཏེ་ཡ་ཤུ་བ་ངོས་ལས་མཆོངས་ཏེ་འོང་ཟིན། ༣ འོ་མི་རོ་བདོག་མཁན་གྱི་ཕུག་པ་ཡ་ལ་སྡོད་ཀོ་ཡོད་མཁན། འོ་ལས་སུས་ཀྱང་ཁོ་ལ་ལྕགས་ཐག་གིས་བསྡམས་ཏེ་ཡང་བསྡམས་འཇོག་མ་ཁུགས་པ་ཡོད་མཁན། ༤ མི་ཡ་གིས་ཁོའི་ལག་པ་དང་རྐང་པ་ལ་ལྕགས་ཐག་གིས་བསྡམས་ཏེ་འཇོག་འོ་ཡོད་མཁན། ག་ཚོད་བསྡམས་ཏེ་འཇོག་ན་ཡང་ཁོས་ལྕགས་ཐག་ཡ་བཅད་དེ་མཆོང་གོ་ཡོད་མཁན། སུས་ཀྱང་ཁོ་ལ་འགེགས་མི་ཁུག་ཡོད་མཁན། ༥ ཉི་མ་ལ་ཡང་དགོང་མོ་ཡང་ཁོ་ཕུག་པ་ཡ་ལ་བསྡད་དེ་རི་ཡ་ལ་མཆོངས་ཏེ་ཕྱིན་ཏེ་སྐད་བཏོན་ཏེ་སྡོད་ཀོ་ཡོད་མཁན། འོ་ལས་རང་གི་རང་ལ་རྡོས་བརྒྱབ་སྟེ་གནོད་འཚེ་གཏོང་གོ་ཡོད་མཁན།
༦ འོ་ལས་ཡ་ཤུ་བ་ལ་ཐག་རིང་པོ་ལས་མཐོང་ལོང་མེད་པ་རང་ཁོ་མཆོངས་ཏེ་འོངས་ཏེ་ཡ་ཤུ་བའི་མདུན་ལ་པུས་མོ་བཙུགས་ཏེ་ ༧ སྐད་ཆེན་པོ་ཞིག་བཏོན་ཏེ་སྨྲ་ཟིན། ཨལ་མཐོ་ཤོས་དེ་གི་སྲས་པོ་ཡ་ཤུ་བ། ༼གང་པོ་སྨྲས་ཏེ་ཆེན་པོ་ཨལ་ལོ་ཧིམ་གྱི་སྲས་པོ་ཡ་ཤུ་བ།༽ ཁྱོད་ཀྱིས་ང་ལ་ཅི་བྱེད་ཅེས་བཙོལ་བ། ཨལ་ལོ་ཧིམ་ལ་དཔང་པོ་བཞག་སྟེ་སྨྲ་མཁན། ང་ལ་སྡུག་པོ་མ་སྟེར། སྨྲས་ཏེ་ཁོས་སྐད་བཏོན་ཏེ་སྨྲ་ཟིན། ༨ ཡ་ཤུ་བས། ཨེ་འདྲེ། འདི་མི་ལས་ཐོན་ཏེ་སོང་། སྨྲས་ཏེ་བཀའ་བསྒོ་བ་སོང་བས་ཁོས་འོ་ཅོག་འདྲ་སྨྲས་ཏེ་སྐད་འདོན་ཟིན། ༩ འོ་ལས་ཡ་ཤུ་བས། ཁྱོད་ཀྱི་མིང་ཅི་ཡིན་ནམ། སྨྲས་ཏེ་འདྲི་མཁན་གང་ལ། ངའི་མིང་དམག་ཚོགས་ཡིན་པ། ངེད་ནི་མང་པོ་རང་ཡོད་པ། སྨྲས་ཏེ་འོ་མིས་སྨྲ་ཟིན། ༡༠ འོ་ལས་ཡ་ཤུ་བ་ལ་རེ་སྟེ། ངེད་ལ་འདི་ཡུལ་ཡ་ལས་མ་འདོན། སྨྲས་ཏེ་སྨྲ་ཟིན།
༡༡ འོ་རིའི་ཕར་ཙམ་ལ་ཕག་ཁྱུ་གཅིག་སོས་བསྡད་དེ་ཡོད་མཁན། ༡༢ འོ་ལས་འོ་འདྲེ་ཡ་གིས། ངེད་ལ་འོ་ཕག་ཁྱུའི་ནང་ལ་འཇུག་འཇུག་དོང་། སྨྲས་ཏེ་རེ་སྟེ་སྨྲ་ཟིན། ༡༣ འོ་ལས་ཡ་ཤུ་བས། སོང་ཡོད་ན། སྨྲས་ཏེ་སྨྲ་མཁན་གང་ལ་ནི་འདྲེ་ཡ་འོ་མི་ལས་ཐོན་ཏེ་ཕག་གི་ནང་ལ་ཞུགས་ཏེ། འོ་ལས་ཕག་ཁྱུ་མཆོངས་ཏེ་བྲག་ལས་མར་རིལ་ཏེ་མཚོ་ལ་ཐིམ་སྟེ་འཆི་ཟིན། འདི་ཅོག་འདྲ་བྱས་ཏེ་ཕག་སྟོང་ཕྲག་གཉིས་ཙམ་ཐིམ་སྟེ་འཆི་ཟིན།
༡༤ འདི་མཐོང་སྟེ་ཕག་རྫི་ཡ་མཆོངས་ཏེ་གྲོང་དང་ཡུལ་ཡ་ལ་ཕྱིན་ཏེ་འོ་སྐད་ཆ་གང་པོ་རང་འགྲེམ་ཟིན། འོ་ལས་ཡུལ་པ་རང་ལངས་ཏེ་ལྟ་འོང་ཟིན། ༡༥ འོ་ལས་ཡ་ཤུ་བའི་རྩར་ལ་སླེབས་ཏེ་ཁོང་གིས་འོ་འདྲེ་མང་པོ་ཞུགས་པའི་མི་དྲག་སྟེ། བཀབ་ཆ་གྱོན་ཏེ། རང་གི་སེམས་བཟུང་སྟེ་ཡ་ཤུ་བའི་འགྲམ་ལ་བསྡད་པ་མཐོང་ཟིན། འོ་ལས་མི་ཡ་འཇིགས་ཟིན། ༡༦ ཕྱིན་པའི་སྐད་ཆ་ཡ་ལ་མཐོང་མཁན་གྱི་མི་ཡ་གིས་མི་གཞན་པ་ཡ་ལ་ཁོ་དྲག་མཁན་གང་ལ་ཅི་ཅི་ཕྱིན་པ་འོ་གང་པོ་རང་བཤད་དེ། འོ་ལས་ཕག་ཁྱུ་ཤི་བའི་སྐད་ཆ་ཡང་ཤོད་ཟིན། ༡༧ འོ་ལས་མི་ཡ་གིས་ཡ་ཤུ་བ་ལ། འདི་ལས་འགྲོ་དོང་། སྨྲས་ཏེ་ཞུ་ཟིན།
༡༨ འོ་ལས་ཡ་ཤུ་བ་གྲུ་ལ་འཛེག་མཁན་གང་ལ་འོ་དྲག་པའི་མི་དེ་གིས། ང་ལ་ཡང་རང་མཉམ་པོ་རང་འཁྱེར་ཏོང་། སྨྲས་ཏེ་ཞུ་ཟིན། ༡༩ འོ་ལས་ཡ་ཤུ་བས། མིན་པ། ཁྱོད་རང་ཁང་པ་ལ་ལོག་སོང་། འོ་ལས་རང་གི་མེ་མེ་ཡ་ལ་ཡ་ཝེས་ཁྱོད་ལ་སྙིང་རྗེ་མཐོང་སྟེ་ཁྱོད་ཀྱི་དོན་དག་ལ་ལས་ཀ་ཆེན་པོ་བྱས་པ་དེ་ཤོད་ཏོང་། སྨྲས་ཏེ་སྨྲ་ཟིན། ༢༠ འོ་ལས་འོ་མི་ཡ་ཤུ་བའི་སྐད་ཆ་ལ་ཉན་ཏེ་འགྲོ་ཟིན། འོ་ལས་གྲོང་བཅུ་སྨྲ་མཁན་གྱི་ས་བསྐོར་ཏེ་ཡ་ཤུ་བས་ཁོའི་དོན་དག་ལ་ལས་ཀ་ཆེན་པོ་བྱས་པ་དེ་མི་གང་པོ་ལ་རང་བཤད་དེ་འགྲོ་ཟིན། འོ་ལས་འོ་སྐད་ཆ་ཐོས་མཁན་གྱི་མི་གང་པོ་རང་ཧ་ལས་ཟིན།།
ནད་པའི་བུད་མེད་གཅིག་དྲག་མཁན་དང་ཤི་བའི་བུ་མོ་གཅིག་གསོན་པོར་ལང་མཁན།
༢༡ འོ་ལས་ཡ་ཤུ་བ་ག་ལིལ་མཚོའི་ཚུར་ཀན་ལྡེབས་ལ་ལོག་འགྲོ་ཟིན། འོ་ལས་ཡ་ཤུ་བའི་རྩར་ཟུར་ལ་མི་བུངས་མ་རྒྱབ་འོང་ཟིན། ཡ་ཤུ་བ་མཚོའི་ཟུར་ལ་ཡོད་མཁན་གང་ལ་རང་ ༢༢ ཡ་ཨིར་མིང་འཐོགས་པའི་ཡ་ཧུ་དྰ་པའི་ཚོགས་ཁང་གི་འགོ་པ་གཅིག་འོངས་ཏེ་ཡ་ཤུ་བའི་མདུན་ལ་པུས་མོ་བཙུགས་ཏེ་སྨྲ་ཟིན། ༢༣ ངའི་བུ་མོ་འཆི་ཅེས་བྱེད་ཟིན། དགེ་རྒན་འོངས་ཏེ་མོ་ལ་རང་གི་ལག་པས་རེག་དོང་། འོ་ལས་མོ་ལ་ཐར་མཁན། སྨྲས་ཏེ་ཁོས་ཞུ་ཟིན།
༢༤ འོ་ལས་ཡ་ཤུ་བ་ཁོ་མཉམ་པོ་འགྲོ་རང་འགྲོ་མཁན་གང་ལ་མི་མང་པོ་རང་ཡ་ཤུ་བའི་རྗེས་བསྙེགས་ཏེ་ཆིར་ཏེ་ཆིར་ཏེ་འོང་ཟིན། ༢༥ འོ་མི་བུངས་མའི་ནང་ལ་བུད་མེད་གཅིག་ཡོད་མཁན་ནུ་བ། མོ་ལ་གཟུགས་པོ་ལུས་༼རྐེད་པ་༽མང་པོ་འོང་མཁན་གྱི་ན་ཚ་བརྒྱབ་སྟེ་ལོ་བཅུ་གཉིས་ཕྱིན་ཏེ་ཡོད་མཁན་ནུ་བ། ༢༦ མོས་ཨམ་ཆི་མང་པོ་ལ་རང་བསྟན་ཏེ་ཡང་དྲག་མ་ཁུགས་པ་ཡོད་མཁན། རང་མཉམ་པོ་ཡོད་མཁན་གྱི་རྒྱུ་གང་པོ་རང་འོ་ལ་རང་རྫོགས་པ་ནུ་བ། འོ་ལས་དྲག་མཁན་ནི་སྨྲས་པ་ནི་མོ་ནི་ལྷག་རང་གླགས་མི་འཁེལ་མཁན་ཕྱིན་པ་ནུ་བ། ༢༧ མོས་ཡ་ཤུ་བའི་དོན་དག་ལ་ཐོས་ཏེ་ཡོད་མཁན། འོ་ལས་མོ་མི་བུངས་མའི་ནང་ལ་ཡ་ཤུ་བའི་རྗེས་བསྙེགས་ཏེ་འོངས་ཏེ་ཁོའི་བཀབ་ཆ་ལ་རེག་ཟིན་ནུ། ༢༨ དགེ་རྒན་གྱི་བཀབ་ཆ་ཞིག་ལ་རེག་མྱོང་ན་ཡང་ང་དྲག་མཁན། སྨྲས་ཏེ་མོའི་སེམས་ལ་སྐྱེས་ཏེ་ཡོད་མཁན་ནུ་བ། ༢༩ འོ་ལས་རེག་ལོང་མེད་པ་རང་མོའི་གཟུགས་པོ་ལུས་༼རྐེད་པ་༽མང་པོ་འོང་མཁན་དེ་དྲག་སྟེ་རང་གི་གཟུགས་པོ་ཐང་པོ་འགྲོ་མཁན་དེ་ཚོར་ཟིན། ༣༠ འོ་ཙམ་ལ་ཡ་ཤུ་བས་རང་ལས་ནུས་པ་ཐོན་ཏེ་ཕྱིན་པ་དེ་ཚོར་ཟིན། འོ་ལས་མི་བུངས་མ་ལ་རྒྱབ་ལོག་སྟེ་བལྟས་ཏེ། ངའི་བཀབ་ཆ་ལ་སུས་རེག་པ། སྨྲས་ཏེ་འདྲི་ཟིན། ༣༡ འོ་ཙམ་ལ་ཉེ་གནས་ཡ་གིས། མི་བུངས་མས་ཁྱོད་ལ་ཆིར་ཏེ་འཆིར་ཅེས་བྱས་པ་དེ་ཁྱོད་ཀྱིས་མཐོང་སྟེ་རང་ཡོད། འདི་ཙམ་མིའི་ནང་ལ་ཡང་ང་ལ་སུས་རེག་པ་སྨྲས་ཏེ་འདྲི་འོ་ནུ་འམ། སྨྲས་ཏེ་སྨྲ་ཟིན། ༣༢ ཡིན་ནས་ཡ་ཤུ་བས་རང་ལ་སུས་རེག་པ་སྨྲས་ཏེ་ཕར་ཚུར་བལྟས་ཏེ་རང་སྡོད་ཟིན། ༣༣ འོ་བུད་མེད་རང་གི་ན་ཚ་ག་འདྲ་བྱས་ཏེ་དྲག་པ་སྨྲ་མཁན་དེ་རྒྱུས་ཡོད་མཁན། འོ་ལས་མོ་འཇིགས་ཏེ་འདར་ཏེ་ཡ་ཤུ་བའི་རྐང་པ་ལ་ཁེབས་འཛུགས་རྒྱབ་འོངས་ཏེ་ཡ་ཤུ་བ་ལ་གང་པོ་རང་ཤོད་ཟིན། ༣༤ འོ་ལས་ཡ་ཤུ་བས། བུ་མོ། ཁྱོད་ཀྱིས་བློ་བཀལ་བ་སོང་བས་ཁྱོད་དྲག་པ་ཡིན། ད་ནི་རང་གི་ན་ཚ་ལས་གྲོལ་ཏེ་བློ་བདེ་པོ་བྱས་ཏེ་སོང་། སྨྲས་ཏེ་སྨྲ་ཟིན།
༣༥ ཡ་ཤུ་བས་སྐད་ཆ་སྨྲ་མཁན་སྨྲ་མཁན་གང་ལ་རང་ཡ་ཧུ་དྰ་པའི་ཚོགས་ཁང་གི་འགོ་པའི་མི་ཡ་འོངས་ཏེ་འགོ་པ་ཡ་ཨིར་ལ། རང་གི་བུ་མོ་འཆི་ཟིན། ད་ནི་དགེ་རྒན་ལ་འོ་བརྒྱལ་སྟེར་མི་དགོས་མཁན། སྨྲས་ཏེ་ཤོད་ཟིན། ༣༦ ཡ་ཤུ་བས་ཁོང་གི་སྨྲ་མཁན་གྱི་སྐད་ཆ་ལ་སྣང་དག་མ་བཏང་བར་བྱས་ཏེ་འགོ་པ་ཡ་ཨིར་ལ། མ་འཇིགས། ང་ལ་བློ་འགེལ་དོང་། སྨྲས་ཏེ་སྨྲ་ཟིན། ༣༧ འོ་ལས་ཡ་ཤུ་བས་པེ་ཏྲོ། ཡ་ཀོ་བོས་དང་ཡུ་ཧ་ནན་ལ་མིན་པ་སུ་གཞན་པ་ལ་ཡང་རང་གི་རྗེས་བསྙེགས་ཏེ་འོང་མ་བཅུག་པར་བྱས་ཏེ་ཕར་རང་འོང་ཟིན། ༣༨ འོ་ལས་ཡ་ཤུ་བ་འོ་འགོ་པའི་ཁང་པ་ལ་སླེབ་མཁན་གང་ལ་གཉེན་ཚན་ཉེ་བ་ཡ་ཆེ་འུར་སྒྲ་བསླངས་ཏེ་ངུ་སྒྲ་གདིང་སྒྲ་བྱས་ཏེ་བསྡད་པ་ནུ་བ། ༣༩ འོ་ལས་ཡ་ཤུ་བ་ཁང་པའི་ནང་ལ་ཞུགས་ཏེ། ཁྱེད་ཅི་ལས་འདི་ཅོག་འདྲ་ཆེ་འུར་སྒྲ་བསླངས་ཏེ་ངུ་སྒྲ་གདིང་སྒྲ་བྱེད་མཁན། འདི་བུ་མོ་མ་ཤི་ཡོད། གཉིད་ཅིག་རང་ལོག་པ་ཡིན་པ། སྨྲས་ཏེ་སྨྲ་ཟིན། ༤༠ འདི་སྐད་ཆ་ཐོས་ཏེ་མི་ཡ་གད་མོ་འཆོར་ཟིན། འོ་ལས་ཡ་ཤུ་བས་བུ་མོའི་ཨ་ཕ་ཨ་མ་དང་ཉེ་གནས་གསུམ་ལ་མིན་པ་མི་གཞན་པ་གང་པོ་ལ་རང་ཕྱི་ལ་གཏོང་ཟིན། འོ་ལས་འོ་བུ་མོ་བསྙལ་བཞག་པའི་ཁང་མིག་གི་ནང་ལ་འཇུག་ཟིན་པ་དང་ ༤༡ བུ་མོའི་ལག་པ་ལ་བཟུང་སྟེ། ཏ་ལི་ཐྰ་ཀུ་མི། སྨྲས་ཏེ་སྨྲ་ཟིན། ཏ་ལི་ཐྰ་ཀུ་མི་སྨྲས་པ་དེ། ཨེ་ནུ་མོ། ལང་དོང་། སྨྲས་ཏེ་སྨྲས་པ་ཡིན་པ། ༤༢ ཡ་ཤུ་བས་འདི་སྐད་ཆ་སྨྲ་ལོང་མེད་པ་རང་འོ་བུ་མོ་ཤར་རྒྱག་ལངས་ཏེ་ཕར་ཚུར་འགྲོ་ཟིན། མོའི་ལོ་བཅུ་གཉིས་སླེབས་ཏེ་ཡོད་མཁན། འདི་མཐོང་སྟེ་མི་གང་པོ་རང་འཇིགས་པོར་ཧ་ལས་ཟིན། ༤༣ འོ་ལས་ཡ་ཤུ་བས་ཁོང་ལ། འདི་སྐད་ཆ་སུ་ལ་ཡང་མ་ཤོད། སྨྲས་ཏེ་བཀའ་སྒོ་ཟིན། འོ་ལས། འདི་ནུ་མོ་ལ་ཅི་ཡང་ཟ་ཅེས་སྟེར་ཏོང་། སྨྲས་ཏེ་སྨྲ་ཟིན།། །།