སོན་བཏབ་པའི་སྐད་ཆ་ལ་དཔེ་བཞག་སྟེ་ཁྲིད་འདེབས་མཁན།
༡ འོ་ལས་གཉིས་པར་ཉི་མ་གཅིག་ཡ་ཤུ་བས་ག་ལིལ་མཚོའི་ཟུར་ལ་བསྡད་དེ་ཁྲིད་འདེབས་ཟིན། ཡ་ཤུ་བའི་རྩར་ཟུར་ལ་མི་མང་པོ་རང་བུངས་མ་བཅས་ཏེ་འོངས་པ་སོང་བས་ཡ་ཤུ་བ་གྲུ་གཅིག་ལ་འཛེགས་ཏེ་མཚོའི་ཟུར་ལས་ཏོག་ཙམ་ཕར་ཙམ་དཀྱིལ་ངོས་ལས་ཁྱེར་ཏེ་སྡོད་ཟིན། མི་བུངས་མ་ནི་མཚོའི་ཟུར་ལ་རང་སྡོད་ཟིན། ༢ འོ་ལས་ཡ་ཤུ་བས་སྐད་ཆ་གཞན་དག་ལ་དཔེ་བཞག་སྟེ་ཁོང་ལ་ཁྲིད་མང་པོ་རང་འདེབས་ཟིན།
༣ ཡ་ཤུ་བས་སྨྲ་ཟིན། ཉན་དོང་། མི་གཅིག་རང་གི་ཞིང་ལ་སོན་འདེབས་རྒལ་ཟིན་ནུ་ལོ། ༤ འོ་ལས་སོན་འདེབས་འདེབས་པ་གང་ལ་ལམ་ལས་ཕར་ཡང་སླེབ་ཟིན་ནུ་ལོ། འོ་ལས་བྱིའུ་ཡ་འོངས་ཏེ་ཟ་ཟིན་ནུ་ལོ།
༥ འོ་ལས་སོན་རེ་འགའ་རྡོའི་ཁ་ཡ་ལ་ཡང་སླེབ་ཟིན་ནུ་ལོ། འོ་ལ་སོན་སྐྱེ་ཅེས་ནི་མགྱོགས་པར་སྐྱེ་ཟིན། ཡིན་ནས་ས་ས་མང་པོ་མེད་པ་སོང་བས་ ༦ ཉི་མ་ཤར་ཏེ་འགབ་ལས་འོ་སྡོང་པོ་ཡ་གི་རྩ་བ་ས་ལ་རྒྱོང་མ་ཁུགས་པས་བསྐམས་ཏེ་འཆི་ཟིན་ནུ་ལོ།
༧ སོན་རེ་འགའ་དེ་ཚེར་མའི་སྡོང་པོའི་ནང་ཡ་ལ་ཡང་སླེབ་ཟིན་ནུ་ལོ། འོ་ལས་ཚེར་མའི་སྡོང་པོ་ཡ་མགྱོགས་པར་ཚར་བ་སོང་བས་ད་རེ་སྐྱེས་པའི་སྡོང་པོ་ཡ་ཤི་སྟེ་འབྲུ་རྡོག་གཅིག་ཀྱང་ཡར་མ་ཁུགས་པས་ལོ།
༨ འོ་ལས་ས་ས་འཇམ་པོའི་ཁ་ལ་ཡང་སོན་སླེབ་ཟིན་ནུ་ལོ། འོ་ལ་ནི་སོན་སྐྱེས་ཏེ་སྡོང་པོ་ཚར་ཏེ་སྙེ་མ་རེ་རེ་ལ་འབྲུ་རྡོག་མང་པོ་ཡར་ཟིན་ནུ་ལོ། རེ་འགའ་ལ་འབྲུ་རྡོག་སུམ་ཅུ། ༼ཁལ་ཕྱེད་དང་གཉིས།༽ རེ་འགའ་ལ་འབྲུ་རྡོག་དྲུག་ཅུ། ༼ཁལ་གསུམ།༽ རེ་འགའ་ལ་འབྲུ་རྡོག་བརྒྱ་གཅིག་ཡར་ཟིན་ནུ་ལོ། ༩ འོ་ལས་ཡ་ཤུ་བས་སྐད་ཆ་ཐག་བཅད་དེ། ཨེ་མི་གང་པོ། ངའི་འདེབས་མཁན་གྱི་ཁྲིད་ཡ་ལ་ཉན་གོ་ཞོག །སྨྲས་ཏེ་སྨྲ་ཟིན།།
ཡ་ཤུ་བས་ཅི་ལས་གཏམ་དཔེ་བཞག་སྟེ་ཁྲིད་འདེབས་ཟིན།
༡༠ མི་བུངས་མ་བརྒལ་ཏེ་འགབ་ལས་ཡ་ཤུ་བ་ཉེ་གནས་བཅུ་གཉིས་དང་ཉེ་གནས་ཁྱུ་གཞན་པ་མཉམ་པོ་སྡོད་མཁན་གང་ལ་ཉེ་གནས་ཡ་གིས་ཡ་ཤུ་བའི་བཤད་པའི་གཏམ་དཔེ་ཡ་གི་དོན་དག་ལ་སྐད་ཆ་འདྲི་ཟིན། ༡༡ འོ་ལས་ཡ་ཤུ་བས་སྨྲ་ཟིན། ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་གཏིང་རིང་པོའི་སྐད་ཆ་ངོ་ཤེས་ཁུག་མཁན་གྱི་དབང་ཁྱེད་ལ་བསྟེར་ཏེ་ཡོད། ཡིན་ནས་ཕྱིའི་མི་ཡ་ལ་ནི་སྐད་ཆ་གང་པོ་རང་དཔེ་བཞག་སྟེ་རང་སྨྲ་མཁན། ༡༢
ཁོང་གིས་ལྟ་ཅེས་ནི་ལྟ་མྱོང་མཁན། ཡིན་ནས་ཧ་གོ་མི་ཁུག་མཁན།།
ཉན་ཅེས་ནི་ཉན་མྱོང་མཁན། ཡིན་ནས་ངོ་ཤེས་མི་ཁུག་མཁན།།
གཞན་ཁོང་རང་གི་སེམས་གྱུར་ཏེ་ཨལ་ལོ་ཧིམ་ངོས་ལས་འོང་ཅེས་ཡོད་མཁན།།
འོ་ལས་ཁོང་གི་ངོ་ལོག་འདག་ཁུག་ཅེས་ཡོད་མཁན།།
སྨྲས་ཏེ་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་ཏེ་ཡོད་མཁན། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
སོན་བཏབ་པའི་གཏམ་དཔེའི་དོན་དག་སྒྲ་གསལ་མཁན།
༡༣ འོ་ལས་ཉེ་གནས་ཡ་ལ་འདྲི་ཟིན། ཁྱེད་ཀྱིས་འོ་གཏམ་གྱི་དཔེ་ཧ་མི་གོ་བས། འོ་ཙམ་ཅིག་ཀྱང་ཧ་མི་གོ་ན་ཁྱེད་ཀྱིས་གཏམ་གྱི་དཔེ་གཞན་པ་ག་འདྲ་བྱས་ཏེ་ཧ་གོ་མཁན།
༡༤ སོན་འདེབས་མཁན་གྱི་མི་ཨལ་ལོ་ཧིམ་གྱི་བཀའ་སྟེར་མཁན་གྱི་མི་ལ་དཔེ་བཞག་པ་ཡིན་པ། ཁོས་ནི་ཨལ་ལོ་ཧིམ་གྱི་བཀའ་འདེབས་མཁན།
༡༥ འོ་ལས་ལམ་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པས་སྨྲ་ན། རེ་འགའས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཅེས་ནི་ཉན་མཁན། འོ་ལས་ཉན་ལོང་མེད་པ་རང་ས་ཏན་འོངས་ཏེ་ཁོང་གི་སེམས་ལ་སླེབས་པའི་བཀའ་གང་པོ་རང་བསྡུས་ཏེ་འཁྱེར་མཁན།
༡༦ འོ་ལས་རྡོའི་ཁ་ཡ་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པས་སྨྲ་ན། རེ་འགའས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཏེ་དགེ་དང་བྱས་ཏེ་བཀའ་དེ་ལ་ལེན་མཁན། ༡༧ ཡིན་ནས། ཁོང་རྩ་བ་མེད་པའི་སྡོང་པོ་ཅོག་འདྲ་རང་འོང་མཁན། ཁོང་གིས་ཉི་མ་ཉུང་ཟད་ཐུག་དེ་རང་ཨལ་ལོ་ཧིམ་ལ་བློ་འགེལ་མཁན། འོ་ལས་ཨལ་ལོ་ཧིམ་གྱི་བཀའི་དོན་དག་ལ་ཁོང་ལ་ཅི་ཡང་ཁག་པོ་འོང་ན་ནི་ཨལ་ལོ་ཧིམ་ལ་དད་པ་ཕོག་ལོག་མཁན།
༡༨ འོ་ལས་ཚེར་མའི་སྡོང་པོ་ཡ་གི་ནང་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པས་སྨྲ་ན། རེ་འགའས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཅེས་ནི་ཉན་མཁན། ༡༩ འོ་ལས་མྱ་ངན་བྱས་ཏེ་རྒྱུ་ལ་སེམས་བཏང་སྟེ་ཉམས་བྱས་ཏེ་སྡོད་མཁན་གྱི་སེམས་སྐྱེས་ཏེ་སེམས་གང་པོ་རང་འོ་ལ་རང་འགྱུར་མཁན། འདི་ཅོག་འདྲ་བྱས་ཏེ་ཁོང་གིས་འབྱོར་བའི་བཀའ་ཚེར་མ་ཡ་གི་ནང་ལ་སྐྱེས་པའི་ནས་ཀྱི་སྡོང་པོ་ཡ་ཅོག་འདྲ་རང་ཤི་སྟེ་བརྒལ་ཏེ་འབྲུ་གཅིག་ཀྱང་ཡར་མི་ཁུག་མཁན།
༢༠ འོ་ལས་ས་ས་འཇམ་པོ་ལ་སླེབས་པའི་སོན་གྱི་དོན་དག་ཅི་ཡིན་པས་སྨྲ་ན། རེ་འགའས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཏེ་ངོ་ཤེས་ཏེ་སེམས་ལ་འཇོག་མཁན། འོ་ལས་ཨལ་ལོ་ཧིམ་ལ་ཡག་པོ་གནས་མཁན་གྱི་ལས་ཀ་ཡ་བྱེད་མཁན། རེ་འགའས་སྙེ་མ་གཅིག་ལ་འབྲུ་རྡོག་སུམ་ཅུ་༼ཁལ་ཕྱེད་དང་གཉིས་༽ཡར་མཁན་ཅོག་འདྲ་རང་ལས་ཀ་ཡག་པོ་བྱེད་མཁན། རེ་འགའ་དེ་སྙེ་མ་གཅིག་ལ་འབྲུ་རྡོག་དྲུག་ཅུ་༼ཁལ་གསུམ་༽ཡར་མཁན་ཅོག་འདྲ་འོང་མཁན། རེ་འགའ་དེ་སྙེ་མ་གཅིག་ལ་འབྲུ་རྡོག་བརྒྱ་གཅིག་ཡར་མཁན་ཅོག་འདྲ་རང་འོང་མཁན། སྨྲས་ཏེ་ཡ་ཤུ་བས་སྒྲ་གསལ་ཟིན།།
ཨལ་ལོ་ཧིམ་གྱི་བཀའ་སྙིང་རུས་བྱས་ཏེ་ཉན་མཁན་གྱི་དོན་དག་ལ།
༢༡ འོ་ལས་གཉིས་པར་ཡ་ཤུ་བས་སྨྲ་ཟིན། སུ་ཞིག་གིས་ཀྱང་སྒྲོན་མ་སྦར་ཏེ་ཕོར་པས་བཀབ་སྟེ་འཇོག་མཁན། ཀྱི་ཉལ་ཁྲིའི་འོག་ལ་སྦས་ཏེ་འཇོག་མཁན། སྒྲོན་མ་ནི་སྦར་ཏེ་ས་ཆ་མཐོན་པོ་ལ་རང་ག་འཇོག་མཁན། ༢༢ འདི་ཅོག་འདྲ་རང་། ད་ལྟ་སྦས་ཏེ་བཞག་པའི་སྐད་ཆ་གང་པོ་རང་ཉི་མ་གཅིག་ཕྱི་གསལ་ནང་གསལ་མཐོང་ཅེས་ཡོད། འོ་ལས་ཧ་མ་གོ་བའི་སྐད་ཆ་གང་པོ་རང་ཕྱི་གསལ་ནང་གསལ་ངོ་ཤེས་ཅེས་ཡོད། ༢༣ ཨེ་མི་གང་པོ། ངའི་འདེབས་མཁན་གྱི་ཁྲིད་ཡ་ལ་ཉན་གོ་ཞོག །སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
༢༤ འོ་ལས་ཡ་ཤུ་བས་འདི་ཅོག་འདྲའི་སྐད་ཆ་ཞིག་ཀྱང་སྨྲ་ཟིན། ཉན་པའི་ཁྲིད་ཡ་སེམས་ལ་ཞོག །གང་དྲ་ཁྲུ་ཡིས་ཁྱེད་ཀྱིས་ཚད་རྒྱབ་མཁན། འོ་ཁྲུ་ཡིས་རང་ཨལ་ལོ་ཧིམ་གྱིས་ཁྱེད་ལ་ཚད་རྒྱབ་ཅེས་ཡོད། འོ་ལས་འོ་ཙམ་ཅིག་རང་མིན་པ། ཉན་མཁན་ཡ་ལ་འདི་སྨྲས་ཏེ་ལྷག་པ་ཡང་སྟེར་ཅེས་ཡོད། ༢༥ ཅི་སྨྲ་ན། ཡོད་མཁན་གྱི་མི་ལ་ད་རུང་ཡང་འབྱོར་ཅེས་ཡོད། མེད་པའི་མི་ལ་ནི་སུད་པ་ཞིག་ཡོད་མཁན་དེ་ཡང་འཕྲོག་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
སྟོན་ཐོག་འཚར་མཁན་གྱི་སྐད་ཆ་ལ་དཔེ་བཞག་སྟེ་ཁྲིད་འདེབས་མཁན།
༢༦ འོ་ལས་གཉིས་པར་ཡ་ཤུ་བས་སྨྲ་ཟིན། ཨལ་ལོ་ཧིམ་གྱི་རྒྱལ་སྲིད་དེ་ས་ལས་ཀ་བྱེད་མཁན་གྱི་མིས་སྟོན་ཐོག་རྒྱབ་མཁན་ཅོག་འདྲ་རང་འོང་མཁན། ག་འདྲ་སྨྲ་ན། ས་ལས་ཀ་བྱེད་མཁན་གྱི་མིས་སོན་འདེབས་ཟིན་པ་དང་ ༢༧ ཁང་པ་ལ་འགྲོ་མཁན། འོ་ལས་དགོང་མོ་ཉལ་མཁན། སྔ་དྲོ་ལང་མཁན། འོ་ལས་ཉི་མ་གྲངས་མ་ལས་ཀ་གཞན་པ་ཡ་བྱེད་བྱེད་པ་གང་ལ་བཏབ་པའི་སྟོན་ཐོག་ཡ་སྐྱེས་ཏེ་ཚར་ཏེ་འོང་མཁན། འོ་སྟོན་ཐོག་ཡ་ག་འདྲ་བྱས་ཏེ་ཚར་བ་སྨྲ་མཁན་དེ་ཁོ་ལ་རྒྱུས་མི་འོང་མཁན། ༢༨ འོ་སྡོང་པོ་ཡ་ས་ས་ལས་རང་རང་སྐྱེས་ཏེ་ཚར་ཏེ་འབྲུ་རྡོག་ཡ་ཡར་མཁན། གདོང་ལ་སྡོང་པོ་འཚར་མཁན། འོ་ལས་མེ་ཏོག་ཤར་ཏེ་འབྲུ་རྡོག་ཡ་ཡར་མཁན། ༢༩ འོ་ལས་ཚོས་ཏེ་འགབ་ལས། འབྲུའི་ནང་ལ་འཁྱོང་མཁན་གྱི་དུས་རྒལ་ཟིན་ནུ། སྨྲས་ཏེ་ས་ལས་ཀ་བྱེད་མཁན་གྱི་མིས་ཟོར་བ་ཁྱོང་སྟེ་རྔ་འཇུག་མཁན། སྨྲས་ཏེ་ཡ་ཤུ་བས་ཁྲིད་འདེབས་ཟིན།།
ཡུངས་ཀར་གྱི་སོན་ལ་དཔེ་བཞག་སྟེ་ཁྲིད་འདེབས་མཁན།
༣༠ འོ་ལས་གཉིས་པར་ཡ་ཤུ་བས་སྨྲ་ཟིན། ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཅི་མཉམ་པོ་སྡུར་ཅེས། འོ་ལས་ཅི་དཔེ་བཞག་སྟེ་འདིའི་དོན་དག་ལ་སྒྲ་གསལ་ཅེས། ༣༡ འདི་ཅོག་འདྲ་ཡིན་པ། ཡུངས་ཀར་གྱི་སོན་འཛམ་བུ་གླིང་གི་སོན་ཡ་གི་ནང་ལ་གང་པོ་རང་སྨྲས་ཏེ་ཆད་མ་འོང་མཁན། ༣༢ ཡིན་ནས་ས་ལ་བཏབ་སྟེ་འགབ་ལས་སྐྱེས་ཏེ་ཚར་ཏེ་འགྲོ་མཁན། འོ་ལས་སྡོང་པོ་དེ་ཞིང་ལ་འཛུགས་མཁན་གྱི་སྔོ་ཚོད་ཡ་གི་ནང་ལ་གང་པོ་རང་སྨྲས་ཏེ་ཆེ་བ་འགྲོ་མཁན། བྱིའུ་ཡ་གིས་ཡལ་གའི་བསིལ་གྲིབ་ཡ་ལ་ཚང་བཟོ་ཁུག་མཁན་ཐུག་འགྲོ་མཁན། ༼ཨལ་ལོ་ཧིམ་གྱིས་ལས་ཀ་བྱེད་མཁན་དེ་འོ་ཅོག་འདྲ་རང་འོང་མཁན།༽ སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
༣༣ ཡ་ཤུ་བས་མི་ཡ་ལ་འདི་ཅོག་འདྲའི་སྐད་ཆ་མང་པོ་ལ་རང་དཔེ་བཞག་སྟེ་ཁོང་གིས་ངོ་ཤེས་ཁུག་མཁན་ཐུག་ཁྲིད་བཏབ་སྟེ་རང་སྡོད་ཟིན། ༣༤ སྐད་ཆ་གཞན་དག་ལ་དཔེ་བཞག་སྟེ་མིན་པ། ཡ་ཤུ་བས་མི་ཡ་ལ་ཁྲིད་མ་བཏབ། ཡིན་ནས་རང་གི་ཉེ་གནས་ཡ་མཉམ་པོ་སྡོད་མཁན་གང་ལ་ཡ་ཤུ་བས་ཁོང་ལ་གང་པོ་རང་ཧ་གོ་འཇུག་ཟིན།།
ཡ་ཤུ་བས་ལྷགས་པ་རླུང་བསེབ་ལ་ཙོག་གེ་སྡོད་འཇུག་མཁན།
༣༥ འོ་ཉི་མའི་དགོང་སྲོད་ལ་ཡ་ཤུ་བས་རང་གི་ཉེ་གནས་ཡ་ལ་སྨྲ་ཟིན། ཤོག །འོ་རང་མཚོའི་ཕར་ཀན་ལྡེབས་ལ་འགྲོ་མཁན། ༣༦ འོ་ལས་ཉེ་གནས་ཡ་གིས་མི་བུངས་མ་ལ་དབྱུགས་བཞག་སྟེ་ཡ་ཤུ་བ་བསྡད་པའི་གྲུ་ལ་འཛེགས་ཟིན། འོ་ལས་ཡ་ཤུ་བ་ལ་ཡང་མཉམ་པོ་ཁྱེར་ཏེ་རྒལ་ཟིན། འོ་ལས་གྲུ་གཞན་པ་ཡ་ཡང་ཁོང་ཡ་མཉམ་པོ་འོང་ཟིན། ༣༧ གྲུ་ལ་འགྲོ་འགྲོ་བ་གང་ལ་ཏོག་ཙམ་ཞིག་ལ་ལྷགས་པ་རླུང་བསེབ་འོངས་ཏེ་ཆུ་ཡ་ཕར་ཚུར་གཡོབ་ཟིན། འོ་ལས་ཆུའི་རྦ་རླབས་ཆེན་པོ་འོངས་ཏེ་གྲུའི་ནང་ལ་ཞུགས་ཏེ་ཁོང་ཐིམ་ཅེས་བྱེད་ཟིན། ༣༨ འོ་ཚམ་ལ་ཡ་ཤུ་བ་ནི་གྲུའི་རྒྱབ་ངོས་ལས་སྙེ་འབོལ་བཅུག་སྟེ་གཉིད་ལོག་སྟེ་ཡོད་མཁན། འོ་ལས་ཉེ་གནས་ཡ་གིས་ཡ་ཤུ་བ་ལ་གཉིད་སད་བཅུག་སྟེ་སྨྲ་ཟིན། དགེ་རྒན། འོ་རང་འཆི་ཅེས་བྱེད་ཟིན། ཅི་ཁྱོད་ཀྱིས་ངེད་ལ་སྣང་དག་མི་བྱེད་མཁན། ༣༩ འོ་ལས་ཡ་ཤུ་བས་ལངས་ཏེ་ལྷགས་པ་རླུང་བསེབ་ལ་བཀའ་སྒྱུར་བཏང་སྟེ་སྨྲ་ཟིན། ཙོག་གེ་སྡོད། འོ་ཙམ་ལ་ལྷགས་པ་རླུང་བསེབ་ཙོག་གེ་བསྡད་དེ་ཆུ་ཡང་སྙོམ་རྒལ་ཟིན། ༤༠ འོ་ལས་ཡ་ཤུ་བས་ཉེ་གནས་ཡ་ལ་སྨྲ་ཟིན། ཁྱེད་ཅི་ལས་འདི་ཅོག་འདྲ་བྱས་ཏེ་འཇིགས་པ། ག་རེ། ཁྱེད་ཀྱི་དད་པ། སྨྲས་ཏེ་འདྲི་ཟིན། ༤༡ འོ་ལས་ཁོང་འཇིགས་ཏེ་རང་གི་ནང་ལ་སྨྲ་སྨྲ་བརྩད་དེ། མི་རོགས་སུ་ཡིན་པས། ལྷགས་པ་རླུང་བསེབ་དང་ཆུ་ཡིན་འཇུག་གིས་མི་རོགས་ཀྱི་བཀའ་ལ་ཉན་གོ་ནུ།། །།