མར་ཀུ་ལེའུ་༢།

རྐང་པ་ལག་པ་ཤོར་བའི་ནད་པ་གཅིག་གི་སྐད་ཆ།

༡ ཉི་མ་གཏོས་པ་ཞིག་གི་འགབ་ལས་ཡ་ཤུ་བ་ཀ་ཕར་ན་ཧུམ་གྲོང་ལ་ལོག་རྒལ་ཟིན། འོ་ལས་ཏོག་ཙམ་ཞིག་ལ་རང་མི་ཡ་གིས་ཡ་ཤུ་བ་ལོག་འོང་ཟིན་ནུ་སྨྲ་མཁན་དེ་ཚོར་ཟིན། ༢ འོ་ལས་མི་མང་པོ་རང་ཡ་ཤུ་བའི་རྩར་ལ་སླེབས་འོང་ཟིན། འོ་སོང་བས་ཕྱི། ནང་། ག་ན་ཡང་སྡོད་ས་མེད་པ་ཡོད་མཁན། འོ་ལས་ཡ་ཤུ་བས་ཁོང་ལ་བཀའ་དེ་ཤོད་ཟིན།

༣ འོ་ལས་མན་ན་བཞིས་རྐང་པ་ལག་པ་ཤོར་བའི་མི་གཅིག་ལ་ཁྱེར་ཏེ་འོང་ཟིན། ༤ མི་བུངས་མ་བརྒྱབ་སྟེ་བསྡད་པ་སོང་བས་ཁོང་ཡ་ཤུ་བའི་མདུན་ལ་སླེབ་མ་ཁུགས། འོ་ལས་ཁོང་ཐོག་ལ་འཛེགས་ཏེ་ཡ་ཤུ་བའི་ཐོག་ཐད་ཀ་ལ་རང་གཡམ་པ་གཏོས་པ་ཞིག་བསློགས་ཏེ་ནད་པ་ལ་གདན་རང་ཡ་ཤུ་བའི་མདུན་ལ་འབེབས་ཟིན། ༥ འོ་ལས་ཡ་ཤུ་བས་ཁོང་གི་འདི་ཅོག་འདྲའི་ཡིད་ཆེས་བྱས་པ་དེ་མཐོང་སྟེ་ནད་པ་ལ། ཨེ་བུ། ཁྱོད་ཀྱི་ངོ་ལོག་འདག་ཟིན། སྨྲས་ཏེ་སྨྲ་ཟིན།

༦ འོ་ལས་འོ་ལ་སྡོད་མཁན་གྱི་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གི་སེམས་ལ། ༧ འདི་མིས་ཅི་ལས་འདི་ཅོག་འདྲའི་སྐད་ཆ་སྨྲ་མཁན། ཁོས་ནི་ཨལ་ལོ་ཧིམ་ལ་ག་སྐུར་པ་འདེབས་ཀོ་ནུ། ཨལ་ལོ་ཧིམ་གྱིས་མིན་པ་ནི། སུ་གཞན་པས་ངོ་ལོག་འདག་འཇུག་ཁུག་ཅེས། སྨྲས་ཏེ་ཁོང་གི་སེམས་ལ་སེམས་ཟིན། ༨ འོ་ལས་ཡ་ཤུ་བས་ཁོང་གི་སེམས་ཀྱི་སྐད་ཆ་འོ་ཙམ་ལ་རང་ངོ་ཤེས་ཏེ་སྨྲ་ཟིན། ཅི་ལས་ཁྱེད་ཀྱིས་འདི་ཅོག་འདྲ་བསམ་བློ་གཏོང་མཁན། ༩ འདི་ནད་པ་ལ། ཁྱོད་ཀྱི་ངོ་ལོག་འདག་ཟིན། སྨྲ་མཁན་དང་། གདན་བསྡུས་ཏེ་ལངས་ཏེ་སོང་། སྨྲ་མཁན་གྱི་སྐད་ཆ་གཉིས་ལ་བྱས་ཏེ་སྟོན་ཅེས་ལ་གང་དྲ་བདེ་པོ་ཡིན་འགྲོ། སྨྲ་དོང་། ༡༠ ལྟོས་ཨ། མིའི་བུ་ལ་འདི་འཛམ་བུ་གླིང་ལ་ངོ་ལོག་འདག་འཇུག་མཁན་གྱི་དབང་ཡོད་སྨྲས་ཏེ་ངས་ཁྱེད་ལ་སྟོན་མཁན། སྨྲས་ཏེ། འོ་ལས་འོ་ནད་པ་ལ། ༡༡ ངས་ཁྱོད་ལ་སྨྲ་མཁན། ལང་དོང་། གདན་ཁྱེར་ཏེ་ཁང་པ་ལ་སོང་། སྨྲས་ཏེ་སྨྲ་མཁན་གང་ལ་ ༡༢ འོ་ནད་པའི་མི་གང་པོ་རང་གི་མཐོང་དང་ལ་ཧོབ་ལངས་ཏེ་རང་གི་གདན་བསྡུས་ཏེ་ཁང་པ་ལ་ལོག་རྒལ་ཟིན། འདི་ཅོག་འདྲ་བྱས་ཏེ་དྲག་མཁན་མཐོང་སྟེ་མི་ཡ་ཧ་ལས་ཏེ་ཨལ་ལོ་ཧིམ་ལ་བཀུར་སྟི་བྱས་ཏེ་སྨྲ་ཟིན། འདི་ཅོག་འདྲའི་ཡ་མཚན་ཆེ་བ་ནི་ངེད་ཀྱིས་ད་ལྟ་ཐུག་ནམ་ཡང་མ་མཐོང་། སྨྲས་ཏེ་མི་ཡ་གིས་སྨྲ་ཟིན།།

ཡ་ཤུ་བས་ལེ་ཝི་སྨྲ་མཁན་གྱི་མི་ལ་རང་གི་ཉེ་གནས་བཟོ་མཁན།

༡༣ འོ་ལས་གཉིས་པར་ཡ་ཤུ་བ་ག་ལིལ་མཚོའི་ཟུར་ལ་རྒལ་ཟིན། འོ་ལས་མི་ཡ་རང་གི་རྩར་ལ་བུངས་མ་བརྒྱབ་སྟེ་འོངས་ཏེ་འགབ་ལས་ཡ་ཤུ་བས་ཁོང་ལ་ཁྲིད་འདེབས་ཟིན། ༡༤ འོ་ལས་འོ་ལས་འགྲོ་མཁན་གང་ལ་འགྲོ་ལམ་ལ་ཡ་ཤུ་བས་མི་གཅིག་ཤོ་གམ་སྡུད་མཁན་གྱི་འདུས་ས་ལ་བསྡད་པ་མཐོང་ཟིན། ཁོ་ཨལ་ཕྰའི་བུ་ལེ་ཝི་ཡིན་མཁན། འོ་ལས་ཡ་ཤུ་བས་ལེ་ཝི་ལ། ངའི་རྗེས་བསྙེགས་ཏེ་ཤོག །སྨྲས་ཏེ་སྨྲ་ཟིན། འོ་ལས་ལེ་ཝི་ལངས་ཏེ་ཡ་ཤུ་བའི་རྗེས་བསྙེགས་ཏེ་འོང་ཟིན།

༡༥ འགབ་ལས་ཡ་ཤུ་བ་ལེ་ཝིའི་ཁང་པ་ལ་ཉེ་གནས་ཡ་མཉམ་པོ་མགྲོན་པོ་ལ་རྒལ་ཟིན། འོ་ལས་ཡ་ཤུ་བའི་རྗེས་བསྙེགས་ཏེ་འོང་མཁན་གྱི་ཤོ་གམ་སྡུད་མཁན་དང་ངོ་ལོག་པ་གཞན་པ་མང་པོ་རང་ཁོང་ཡ་མཉམ་པོ་རང་བསྡད་དེ་ཟ་ཟིན། ༡༦ ཕ་རི་སི་ཁྱུའི་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཡ་ཤུ་བས་འདི་ཅོག་འདྲའི་ངོ་ལོག་པ་ཡ་མཉམ་པོ་བསྡད་དེ་ཟ་མཁན་མཐོང་སྟེ་འགབ་ལས་ཁོང་གིས་ཡ་ཤུ་བའི་ཉེ་གནས་ཡ་ལ། འདི་ཅི་ཡིན་པས། ཁོ་ནི་ཤོ་གམ་སྡུད་མཁན་དང་ངོ་ལོག་པ་གཞན་པ་ཡ་མཉམ་པོ་ཡང་བསྡད་དེ་ཟ་འོ་ནུ། སྨྲས་ཏེ་སྨྲ་ཟིན། ༡༧ འདི་སྐད་ཆ་ལ་ཉན་ཏེ་ཡ་ཤུ་བས་སྨྲ་ཟིན། ཐང་པོའི་མི་ལ་མིན་པ། ནད་པའི་མི་ལ་རང་ཨམ་ཆི་དགོས་མཁན། འདི་ཅོག་འདྲ་རང་། ང་ཆོས་དྲང་པོ་ཡིན། སྨྲས་ཏེ་སྨྲ་མཁན་གྱི་མི་ལ་མིན་པ། ང་ནི། ངོ་ལོག་པ་རང་ཡིན་པ། སྨྲས་ཏེ་སྨྲ་མཁན་ཡ་ལ་རང་། བཤགས་པ་བྱས་ཏེ་ངོ་ལོག་སྤངས་ཏེ་ངའི་རྩར་ལ་ཤོག །སྨྲས་ཏེ་སྐད་རྒྱབ་ཅེས་ལ་འོངས་པ་ཡིན་པ། སྨྲས་ཏེ་སྨྲ་ཟིན།།

ཟ་གཅོད་སྲུངས་ཏེ་སྡོད་མཁན་གྱི་དོན་དག་ལ་འདྲི་མཁན།

༡༨ ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་ཉེ་གནས་ཡ་དང་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་ཟ་གཅོད་སྲུངས་ཏེ་སྡོད་མཁན་གྱི་དུས་ལས་མི་རེ་འགའ་ཡ་ཤུ་བའི་རྩར་ལ་འོངས་ཏེ་འདྲི་ཟིན། ཁྲུས་གསོལ་སྟེར་མཁན་གྱི་ཡུ་ཧ་ནན་གྱི་ཉེ་གནས་ཡ་དང་ཕ་རི་སི་ཡ་ནི་ཟ་གཅོད་སྲུངས་ཏེ་སྡོད་མཁན། ཁྱོད་ཀྱི་ཉེ་གནས་ཡ་ནི་ནམ་ཡང་ཟ་གཅོད་སྲུངས་ཏེ་མི་སྡོད་པས། ཅི་ལས་ཡིན་འགྲོ་ལགས། སྨྲས་ཏེ་འོ་མི་ཡ་གིས་འདྲི་ཟིན། ༡༩ འོ་ལས་ཡ་ཤུ་བས་སྨྲ་ཟིན། བག་མ་ལ་འོངས་པའི་མགྲོན་པོ་ཡ་མག་པ་གསར་པ་མཉམ་པོ་རང་སྡོད་མཁན་གང་ལ་ནམ་ཡང་ཟ་གཅོད་སྲུངས་ཏེ་སྡོད་མཁན་ནམ། མི་སྡོད་མཁན། མག་པ་གསར་པ་མཉམ་པོ་ཡོད་མཁན་གང་ལ་ནི་ཟ་གཅོད་སྲུངས་ཏེ་སྡོད་རང་མི་སྡོད་མཁན། ༢༠ ཡིན་ནས་འདི་ཅོག་འདྲའི་དུས་ཚོད་གཅིག་ཀྱང་སླེབ་ཅེས་ཡོད། འོ་ཙམ་ལ་མི་ཡ་གིས་མག་པ་གསར་པ་ལ་བཟུང་སྟེ་འཁྱེར་ཅེས་ཡོད། འོ་ལས་ག་ཁོང་ཟ་གཅོད་སྲུངས་ཏེ་སྡོད་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།

༢༡ ༼འོ་ལས་ཡ་ཤུ་བས་འདི་སྐད་ཆ་ལ་སྐད་ཆ་གཞན་པ་གཉིས་ལ་དཔེ་བཞག་སྟེ་སྨྲ་ཟིན།༽ གཉིས་པར། སུས་ཀྱང་བཀབ་ཆ་རྙིང་པ་ལ་ལྷན་པ་གསར་པ་མི་རྒྱབ་མཁན་ཨ་ལེ། གལ་སྲིད་རྒྱབ་ན་བཀབ་ཆ་རྙིང་པ་བཟད་མེད་པ་སོང་བས་ད་རུང་ཨི་ཁུང་ཆེན་པོ་འགྲོ་མཁན།།

༢༢ གཉིས་པར་སྨྲ་ཅེས་རང་སྨྲ་ན། རྒུན་ཆང་གསར་པ་ཀོ་བའི་རྐྱལ་པ་རྙིང་པ་ལ་མི་བླུག་མཁན་ཨ་ལེ། ༼ཀོ་བའི་རྐྱལ་པ་རྙིང་པ་དེ་རྒྱོང་མི་ཁུག་མཁན།༽ གལ་སྲིད་བླུག་ན་ནི་རྐྱལ་པ་ཕོང་སྟེ་རྒུན་ཆང་ཡང་འབོ་མཁན། འོ་སོང་བས་རྒུན་ཆང་གསར་པ་བླུག་ཅེས་ལ་ནི་རྐྱལ་པ་གསར་པ་རང་དགོས་མཁན། སྨྲས་ཏེ་ཡ་ཤུ་བས་ཁྲིད་འདེབས་ཟིན།།

ངལ་འཚོ་མཁན་གྱི་ཉི་མའི་དོན་དག་ལ།

༢༣ ངལ་འཚོ་མཁན་གྱི་ཉི་མ་གཅིག་ཡ་ཤུ་བ་རང་གི་ཉེ་གནས་ཡ་མཉམ་པོ་ནས་ཞིང་ལས་ཀྱིས་བྱས་ཏེ་རྒལ་ཟིན། འོ་ལས་ཉེ་གནས་ཡ་གིས་ནས་སྲུས་བསྒྲུགས་ཏེ་ཕུར་ཏེ་ཟ་ཟིན། ༢༤ འོ་ལས་ཕ་རི་སི་རེ་འགའས། ཨེ་དགེ་རྒན། ལྟོས་གནང་། བཀའ་ཁྲིམས་ལ་བལྟས་ཏེ་ངལ་འཚོ་མཁན་གྱི་ཉི་མ་ལ་བྱེད་ཅེས་མི་འོང་མཁན་གྱི་ལས་ཀ་ཁྱོད་ཀྱི་ཉེ་གནས་ཡ་གིས་ཅི་ལས་བྱེད་མཁན། སྨྲས་ཏེ་ཡ་ཤུ་བ་ལ་འདྲི་ཟིན། ༢༥ འོ་ལས་ཡ་ཤུ་བས་སྨྲ་ཟིན། རྒྱལ་པོ་ད་བིད་དང་ཁོའི་རོགས་ཡ་གི་སྡུག་པོ་མྱངས་ཏེ་གྲོད་པ་ལྟོགས་མཁན་གྱི་དུས་ལས་ད་བིད་ཀྱིས་ཅི་བྱས་པ། ཁྱེད་ཀྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་མ་བཀླགས་པ། ༢༦ མི་རོགས་ཨལ་ལོ་ཧིམ་གྱི་ཕོ་བྲང་གི་ནང་ལ་ཞུགས་ཏེ་ཨལ་ལོ་ཧིམ་ལ་ཕུལ་བའི་འཁུར་བ་ཡ་བླངས་ཏེ་ཟ་ཟིན། འདི་ཨབ་ཡྰ་ཐར་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་འགོ་ཆེ་བ་ཡོད་མཁན་གང་ལ་བརྒལ་བའི་སྐད་ཆ་ཡིན་པ། འོ་ལས་བཀའ་ཁྲིམས་ལ་ལྟ་འགྲོ་ན་ནི་ལེ་ཝིས་མིན་པ། འོ་འཁུར་བ་སུ་གཞན་པས་ཀྱང་ཟ་ཅེས་མི་འོང་མཁན། མི་རོགས་ཀྱིས་ནི་རང་གི་ཡང་ཟ་ཟིན། རོགས་ཡ་ལ་ཡང་བགོས་སྟེར་ཟིན། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།

༢༧ འོ་ལས་སྐད་ཆ་ཐག་བཅད་དེ་སྨྲ་ཟིན། ཨལ་ལོ་ཧིམ་གྱིས་མི་ལ་ངལ་འཚོ་མཁན་གྱི་ཉི་མའི་དོན་དག་ལ་བཟོས་པ་མིན་པ། ངལ་འཚོ་མཁན་གྱི་ཉི་མ་ག་མིའི་དོན་དག་ལ་བཞག་པ་ཡིན་པ། ༢༨ འོ་སོང་བས་མིའི་བུ་ནི་ངལ་འཚོ་མཁན་གྱི་ཉི་མ་དེ་ཡང་བདག་པོ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.