ཡ་ཤུ་བ་གསོན་པོར་ལང་གྱོ།
1 རྟིང་མ་ཉི་མའི་དགོང་སྲོད་ལ་ངལ་འཚོ་མཁན་གྱི་ཉི་མ་ཡོལ་ཟིན་ཏེ་འགབ་ལས་མིར་ཡམ་མག་དལ་མ་ནི། ཡ་ཀོ་བོས་ཀྱི་ཨ་མ་མིར་ཡམ་དང་ས་ལོ་མེས་ཡ་ཤུ་བའི་ཕུང་པོ་ལ་སྐུད་ཅེས་སྨྲས་ཏེ་དྲི་མ་ཞིམ་པོ་ཁ་མཁན་གྱི་སྣུམ་དང་སྤོས་ཡ་ཉོ་རྒལ་ཟིན། 2 འོ་ལས་གཟའ་ཉི་མའི་སྔ་དྲོ་ཉི་མ་འཆར་འཆར་ལ་ཁོང་ཕུང་པོ་བདོག་ཀྱོའི་ས་ཆ་ལ་རྒལ་ཟིན། 3 ལམ་ལ་འོང་མཁན་གང་ལ་ནི་ཁོང་གིས། ཕུག་པ་ལ་བཀག་འཇོག་ཀྱོའི་འོ་ཙམ་ཆེན་པོའི་རྡོ་སུས་ཁ་ཕྱེ་སྟེར་ཅེས་ད། སྨྲས་ཏེ་འོང་ཟིན། 4 ཕུག་པ་ལ་སླེབས་ཏེ་ལྟ་མཁན་གང་ལ་ནི་འོ་རྡོ་བསྒྲིལ་ཏེ་ཕར་འཇོག་ཟིན་གྱོ་ནུ་བ། 5 འོ་ལས་ཁོང་ཕུག་པ་ནང་ལ་འཇུག་ཟིན། ནང་ལ་འཇུག་མཁན་གང་ལ་ནི་གཡས་པ་ངོས་ལས་བཀབ་ཆ་དཀར་པོ་གོན་གྱོའི་ཤར་པ་གཅིག་ནུ་བ། ཁོ་ལ་མཐོང་སྟེ་ཁོང་འཕྲིག་བྱས་ཏེ་འཇིགས་ཟིན། 6 འོ་ལས་འོ་ཤར་པས་སྨྲ་ཟིན། འཇིགས་མི་དགོས་མཁན། ཁྱེད་ཀྱིས་རྒྱངས་ཤིང་ལ་འཕྱངས་ཏེ་གསོད་ཀྱོའི་ན་ཙ་རེད་ཀྱི་ཡ་ཤུ་བ་ལ་འཚོལ་གྱོ་མིན་པ། ཡ་ཤུ་བ་ནི་གསོན་པོར་ལང་ཟིན། མི་རོགས་འདི་ལ་མེད། ལྟ་དོང་། མི་རོགས་ཀྱི་ཕུང་པོ་བདོག་འཇོག་ཀྱོའི་ས་ཆ་འདི་དེ་རང་ཡིན་པ། 7 ད་ནི་ཁྱེད་བརྒལ་ཏེ་མི་རོགས་ཀྱི་ཉེ་གནས་དང་པེ་ཏྲོ་ལ་ཡང་། ཡ་ཤུ་བ་ཁྱེད་ཀྱི་གདོང་ད་གདོང་ག་ལིལ་ལུང་པ་ལ་ཕྱིན་ཏེ་ཡོད། ཡ་ཤུ་བ་རང་གི་རང་སྨྲས་འཇོག་ཀྱོ་ཅོག་གྲོ་རང་ཁྱེད་ཀྱིས་ཡ་ཤུ་བ་ལ་འོ་ལ་ཐུག་ཅེས་ཡོད། སྨྲས་ཏེ་སྨྲ་དོང་། སྨྲས་ཏེ་འོ་བཀབ་ཆ་དཀར་པོ་གོན་གྱོའི་ཤར་པས་བུད་མེད་ཡ་ལ་སྨྲ་ཟིན། 8 འོ་ལས་ཁོང་གི་སེམས་འགུལ་གླེང་སྨྲ་གླེང་བརྒལ་ཏེ་འདར་ཏེ་འདར་ཏེ་ཕུག་པ་ལས་ཐོན་ཏེ་མཆོང་ཟིན། ཁོང་འཇིགས་པོ་རང་འཇིགས་ཀྱོ་སོང་གོ་རང་འདི་གཏམ་སུ་ལ་ཡང་མ་བཤད།།
ཡ་ཤུ་བ་རང་གི་ཉེ་གནས་ཡ་གི་རྩར་ལ་ཐུག་འོང་གྱོ།
9 གཟའ་ཉི་མའི་སྔ་དྲོ་ནམ་འཛད་པ་རང་གསོན་པོར་ལངས་ཏེ་འགབ་ལས་ཡ་ཤུ་བ་གདོང་ཤོས་རང་མིར་ཡམ་མག་དལ་མ་ནི་རྩར་ལ་ཐོན་འོང་ཟིན། མོ་ལས་རང་ཡ་ཤུ་བས་འདྲེ་བདུན་བསྙེགས་ཏེ་གཏོང་གྱོ་ཡིན་མཁན། 10 འོ་ལས་མོ་ཉེ་གནས་ཡ་གི་རྩར་ལ་བརྒལ་ཏེ་ཡ་ཤུ་བ་ལ་ཐུག་ཀྱོའི་སྐད་ཆ་ཤོད་ཟིན། ཉེ་གནས་ཡ་ནི་སྡུག་བསྔལ་ཁུར་ཏེ་ངུས་ཏེ་བསྡད་དེ་ཡོད་མཁན། 11 འོ་ལས་མིར་ཡམ་གྱིས། ཡ་ཤུ་བ་གསོན་པོར་ལང་ཟིན་ནུ། ངས་དབང་པོ་ལ་ཐུག་ཟིན། སྨྲས་ཏེ་ཤོད་མཁན་གང་ལ་ཁོང་གིས་ཡིད་མ་ཆེས།
12 རྟིང་ལས་ཡ་ཤུ་བ་སྤྱོད་གཤིས་གཞན་པ་བྱས་ཏེ་ཡུལ་ལ་འགྲོ་རང་འགྲོ་མཁན་གྱི་ཉེ་གནས་གཉིས་ཀྱི་རྩར་ལ་ཐོན་འོང་ཟིན། 13 འོ་ལས་ཁོང་གཉིས་ལོག་འོངས་ཏེ་འོ་གཏམ་ཉེ་གནས་གཞན་པ་ཡ་ལ་ཤོད་ཟིན། ཁོང་གཉིས་ཀྱི་གཏམ་ཐོས་ཏེ་ཡང་ཉེ་གནས་ཡ་གིས་ཡིད་མ་ཆེས།
14 རྟིང་ལས་ཉེ་གནས་བཅུ་གཅིག་ལྟོ་ཆས་བཟས་ཏེ་སྡོད་མཁན་གྱི་དུས་ལས་ཡ་ཤུ་བ་ཁོང་གི་རྩར་ལ་ཡང་ཐོན་འོང་ཟིན། ཁོང་གིས་ཡིན་པ་ནི་མིན་པ་སྨྲ་མཁན་གྱི་སེམས་བྱས་ཏེ། གསོན་པོར་ལངས་ཏེ་འགབ་ལས་ཡ་ཤུ་བ་ལ་ཐུག་ཀྱོའི་མི་ཡ་གི་ཤོད་ཀྱོའི་གཏམ་ལ་ཡིད་མ་ཆེས་པ་སོང་གོ་རང་ཡ་ཤུ་བས་ཁོང་ལ་བཀའ་སྒྱུར་གཏོང་ཟིན། 15 འོ་ལས་སྨྲ་ཟིན། ད་ནི་ཁྱེད་འཛམ་བུ་གླིང་གང་གྱ་ལ་རང་བརྒལ་ཏེ་མི་གང་པོ་ལ་རང་ལོན་བཟང་གི་དོན་དག་ལ་ཤོད་ཏོང་། 16 འོ་ལས་སེམས་བློ་བཀལ་ཏེ་ཁྲུས་ལེན་མཁན་ཡ་ལ་ཐར་པ་འབྱོར་ཅེས་ཡོད། སེམས་བློ་མི་འགེལ་མཁན་ཡ་གིས་ནི་ཨལ་ལོ་ཧིམ་གྱི་འགེལ་མཁན་གྱི་ཉེས་པ་འཁུར་དགོས་ཅེས་ཡོད། 17 སེམས་བློ་འགེལ་མཁན་གྱི་མི་ཡ་གིས་ནི་ལས་ཀ་ཡ་མཚན་ཆེ་བ་ཡ་བྱེད་མཁན་གྱི་དབང་འབྱོར་ཅེས་ཡོད། ཁོང་གིས་ངའི་མིང་ལས་འདྲེ་ཡ་བསྙེགས་ཏེ་གཏོང་ཅེས་ཡོད། མ་བསླབས་པའི་གཏམ་གསར་པ་གསར་པ་ཡ་སྨྲ་ཅེས་ཡོད། 18 སྦྲུལ་འཛིན་ན་ཡང་། དུག་སླེབ་ན་ཡང་། ཁོང་ལ་ཅི་ཡང་སྐྱོན་འགྲོ་ཅེས་མེད། ཁོང་གིས་ནད་པ་ཡ་གི་ཐོག་ལ་ལག་པ་འཇོག་མཁན་གང་ལ་ནད་པ་ཡ་དྲག་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
19 དབང་པོས་འདི་གཏམ་སྨྲས་ཚར་ཏེ་འགབ་ལས་ཨལ་ལོ་ཧིམ་གྱིས་ཁོ་ལ་ནམ་མཁའ་ལ་འཁྱེར་ཟིན། འོ་ལས་ཡ་ཤུ་བ་ཨལ་ལོ་ཧིམ་གྱི་གཡས་པ་ངོས་ལས་སྡོད་ཟིན།
20 འོ་ལས་ཉེ་གནས་ཡ་ག་ན་ཐེ་ཏེ་རང་བརྒལ་ཏེ་དབང་པོའི་བྱེད་ཀྱོའི་ལས་ཀའི་དོན་དག་ལ་ཤོད་ཟིན། འོ་ལས་དབང་པོས་ཁོང་ལ་རོགས་རམ་བྱས་ཏེ་ལས་ཀ་ཡ་མཚན་པ་བྱེད་མཁན་གྱི་དབང་བསྟེར་ཏེ། ཁོང་གི་ཤོད་མཁན་གྱི་གཏམ་བདེན་པ་ཡིན་སྨྲས་ཏེ་སྟོན་ཟིན།། །།