མར་ཀུ་ལེའུ་༡༤།

ཡ་ཤུ་བ་ལ་གསོད་ཅེས་སྨྲས་ཏེ་མགོ་སྐོར་བྱེད་ཀྱོ།

1 གཟའ་འཁོར་གཅིག་ཐུག་སྐྱོབ་མཁན་གྱི་དུས་ཆེན་དང་འཕར་མཁན་གྱི་རྫས་མ་ལུད་པའི་འཁུར་བ་ཟ་མཁན་གྱི་དུས་ཆེན་སླེབ་ཅེས་ལ་ཉི་མ་གཉིས་དེ་རང་ཡོད་མཁན། མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཡ་ཤུ་བ་ལ་མི་ཡ་གིས་མ་ཚོར་བར་བྱས་ཏེ་བཟུང་སྟེ་གསོད་ཅེས་འཚོལ་གོ་ཡོད་མཁན། 2 ཡིན་ན་ཡང་། དུས་ཆེན་གྱི་དུས་ལ་ནི་གསོད་ཅེས་མི་འོང་མཁན། འོ་ཉི་མ་ཡ་ལ་གསོད་ན་ནི་འཁྲུགས་ཤིག་ཟིང་ཆ་འགྲོ་མཁན། སྨྲས་ཏེ་ཁོང་གིས་གྲོས་རྒྱབ་ཟིན།།

བུད་མེད་གཅིག་གིས་ཡ་ཤུ་བ་ལ་རྩིས་བྱས་ཏེ་དྲི་མ་ཞིམ་པོ་ཁ་མཁན་གྱི་སྣུམ་སྐུད་ཀྱོ།

3 འོ་ལས་ཡ་ཤུ་བ་བེ་ཐན་ཡྰ་ཡུལ་ལ་མཛེ་ཐོན་ཏེ་དྲག་ཀྱོའི་སི་མོན་གྱི་ཁང་པ་ལ་མགྲོན་ལ་རྒལ་ཟིན། འོ་ལས་ས་ལ་སྙེ་འབོལ་ལ་བསྙེས་ཏེ་ལྟོ་ཟ་ཅེས་ལ་བསྡད་དེ་ཡོད་མཁན་གང་ལ་བུད་མེད་གཅིག་ཤེལ་རྡོའི་སྣོད་ལ་རིན་མང་པོ་འགྲོ་མཁན་དང་དྲི་མ་ཞིམ་པོ་ཁ་མཁན་གྱི་སྣུམ་ཁྱོང་སྟེ་འོང་ཟིན། འོ་ལས་མོས་འོ་སྣོད་ཧྲུམ་སྟེ་སྣུམ་འབོས་ཏེ་ཡ་ཤུ་བའི་མགོ་ལ་སྐུད་ཟིན། 4 འདི་ཅོག་གྲོ་བྱེད་མཁན་དེ་མི་ཡ་གིས་བློ་ལ་མ་བརྒལ་བའི་ལ་ལ་ཞེ་སྡང་བྱས་ཏེ་རང་གི་ནང་ནས་རྩོད་པ་རྒྱབ་ཟིན། འདི་སྣུམ་ཅི་ལས་འཕྲོག་བརླག་གཏོང་གྱོ། 5 འདི་སྣུམ་བཙོངས་པ་ཡིན་ན་ནི་དངུལ་གྱི་གྲ་བལ་གསུམ་བརྒྱ་སྨྲས་ཏེ་ཡང་ལྷག་པ་འབྱོར་ཅེས་ཡོད་མཁན། འོ་ལས་འོ་ཊང་ཀ་དེ་སྤྲང་པོ་ཡ་ལ་བགོས་སྟེར་ཅེས་འོང་ཅེས་ཡོད་མཁན། སྨྲས་ཏེ་ཁོང་གིས་སྨྲ་ཟིན། འོ་ལས་འོ་བུད་མེད་ལ་བཀའ་སྒྱུར་གཏོང་ཟིན། 6 འདི་ཉན་ཏེ་ཡ་ཤུ་བས་སྨྲ་ཟིན། མོ་ལ་མ་སྨྲ། ཅི་ལས་མོ་ལ་ནོངས་པ་རྒྱབ་མཁན། མོས་ནི་ང་ལ་བཟང་པོ་ཞིག་བྱེད་ཀྱོ་ཡིན་པ། 7 རོགས་བྱེད་ཅེས་སེམས་ཡོད་ན་མི་སྤྲང་པོ་ཡ་ནི་ནམ་སྨྲ་ན་ཁྱེད་མཉམ་པོ་རང་འོང་ཅེས་ཡོད། ང་ནི་ད་ཁྱེད་མཉམ་པོ་མང་པོ་སྡོད་ཅེས་མེད། 8 མོས་ངའི་དོན་དག་ལ་བྱེད་ཁུག་མཁན་གྱི་ལས་ཀ་ཡག་པོ་ཞིག་བྱེད་ཀྱོ། མོས་ངའི་གཟུགས་པོ་རོ་འཇོག་སའི་ཕུག་པ་ལ་བདོག་ཅེས་ལ་གདོང་ལ་རང་གྲ་སྒྲིག་སྐུད་ཀྱོ་ཡིན་པ། 9 ངའི་སྨྲ་མཁན་གྱི་གཏམ་ཉན་ཏེ་ཞོག །འཛམ་བུ་གླིང་གང་གྱ་ལ་རང་འདི་ལོན་བཟང་ཤོད་མཁན་གང་ལ་མོས་ང་ལ་བཟང་པོ་ཞིག་བྱེད་ཀྱོ་དེ་ཡང་དྲན་པ་སོས་ཏེ་ཤོད་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

ཡ་ཤུ་བ་ལ་འཛིན་འཇུག་མཁན་གྱི་ཀར་ཡོད་པ་ཡུ་དྰའི་དོན་དག་ལ།

10 འོ་ལས་ཉེ་གནས་འགོ་ཆེ་བ་བཅུ་གཉིས་གི་ནང་ལ་ཀར་ཡོད་པ་ཡུ་དྰ་སྨྲ་མཁན་དེ་གིས། ཡ་ཤུ་བ་ལ་འཛིན་འཇུག་མཁན་སྨྲས་ཏེ་སེམས་ལ་སྐྱེས་ཏེ་ལེ་ཝི་ཆེན་པོའི་རྩར་ལ་རྒལ་ཟིན། 11 འོ་ལས་ཁོང་གིས་དགེ་དང་བྱས་ཏེ་ཊང་ཀ་སྟེར་མཁན་སྨྲས་ཏེ་སྨྲ་ཟིན། འོ་ཡིན་འཇུག་ཡུ་དྰས་ཡ་ཤུ་བ་ལ་ཁོང་གི་ལག་པ་ལ་ཆུད་འཇུག་ཅེས་ཀྱི་ལམ་འཚོལ་ཟིན།།

ཡ་ཤུ་བས་རང་གི་ཉེ་གནས་ཡ་མཉམ་པོ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་ཟ་འོ།

12 གཟའ་འཁོར་གཅིག་ཐུག་འཕར་མཁན་གྱི་རྫས་མ་ལུད་པའི་འཁུར་བ་ཟ་མཁན་གྱི་དུས་ཆེན་གྱི་ཉི་མ་དང་པོ་ལ་ཡ་ཧུ་དྰ་པ་ཡ་གི་ཁང་པ་གྲངས་མ་རང་། འདི་སྐྱོབ་མཁན་གྱི་དུས་ཆེན་གྱི་ལུག་ཡིན། སྨྲས་ཏེ་ལུག་བེའུ་རེ་རེ་བསད་དེ་ཟ་མཁན། འོ་ཉི་མ་ལ་ཉེ་གནས་ཡ་ཡ་ཤུ་བའི་རྩར་ལ་འོངས་ཏེ། དགེ་རྒན་ལ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་ཟ་ཅེས་ལ་ག་ན་གྲ་སྒྲིག་བཟོ་དོང་ལགས། སྨྲས་ཏེ་འདྲི་ཟིན། 13 འོ་ལས་ཡ་ཤུ་བས་ཉེ་གནས་གཉིས་ལ་བསྐུལ་ཏེ་སྨྲ་ཟིན། ཁྱེད་གཉིས་གྲོང་ཁྱེར་ལ་སོང་། གྲོང་ཁྱེར་ལ་སླེབ་མཁན་གང་ལ་ཁྱེད་ཀྱིས་ཟངས་བུམ་ལ་ཆུ་འཁུར་ཀྱོའི་མི་གཅིག་མཇལ་ཟིན་ཅེས་ཡོད། འོ་མིའི་རྟིང་ད་རྟིང་བརྒལ་ཏེ་ 14 ཁོ་གང་དྲ་ཁང་པ་ལ་འཇུག་མཁན། འོ་ཁང་པའི་བདག་པོའི་རྩར་ལ་བརྒལ་ཏེ། རང་གི་ཉེ་གནས་ཡ་མཉམ་པོ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་ཟ་མཁན་གྱི་ཁང་མིག་ག་ན་འབྱོར་འོང་སྨྲས་ཏེ་དགེ་རྒན་གྱིས་འདྲི་འོ་ནུ། སྨྲས་ཏེ་སྨྲ་དོང་། 15 འོ་ལས་ཁོས་ཁྱེད་ལ་ཁང་པའི་ཐོག་སྟེང་ལ་གདན། སྙེ་འབོལ་ཡ་བསྒྲིགས་ཏེ་ཟ་ཅེས་ལ་གྲ་སྒྲིག་བྱས་འཇོག་ཀྱོའི་ཁང་མིག་ཆེན་པོ་ཞིག་སྟོན་ཅེས་ཡོད། འོ་ལ་རང་འོ་རང་གི་དགོང་ཟས་གང་པོ་རང་གྲ་སྒྲིག་བྱས་ཏེ་ཞོག །སྨྲས་ཏེ་ཡ་ཤུ་བས་སྐུལ་ཟིན། 16 འོ་ལས་ཁོང་གཉིས་གྲོང་ཁྱེར་ལ་བརྒལ་ཏེ་གང་པོ་རང་ཡ་ཤུ་བས་སྨྲ་ཀྱོ་ཅོག་གྲོ་རང་མཇལ་ཟིན་ཏེ་སྐྱོབ་མཁན་གྱི་དུས་ཆེན་གྱི་དགོང་ཟས་འོ་ལ་རང་གྲ་སྒྲིག་བཟོ་ཟིན།།

17 ནམ་སྲོད་རུབ་བརྒལ་ཏེ་འགབ་ལས་ཡ་ཤུ་བ་ཉེ་གནས་བཅུ་གཉིས་མཉམ་པོ་རང་འོང་ཟིན། 18 འོ་ལས་དགོང་ཟས་ཟ་མཁན་ཟ་མཁན་ཚད་ལ་རང་ཡ་ཤུ་བས་སྨྲ་ཟིན། ཁྱེད་ཁྱུའི་ནང་ལས་མན་ན་གཅིག་གིས་ང་ལ་འཛིན་འཇུག་ཅེས་ཡོད་སྨྲས་ཏེ་ང་ལ་རྒྱུས་ཡོད་པ། འདི་ལ་ང་མཉམ་པོ་བཟས་སྡོད་མཁན་དེ་གིས་རང་ང་ལ་འཛིན་འཇུག་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན། 19 འདི་གཏམ་ཐོས་ཏེ་ཁོང་ཁྱུའི་སེམས་ཞི་མ་བདེ། འོ་ལས་ཉེ་གནས་ཡ་གིས་རེ་རེ་བྱས་ཏེ། དགེ་རྒན་ལགས། ང་ལ་ནི་སྨྲ་ཀྱོ་མིན་པ། སྨྲས་ཏེ་འདྲི་ཟིན། 20 འོ་ལས་ཡ་ཤུ་བས་སྨྲ་ཟིན། ཁྱེད་མན་ན་བཅུ་གཉིས་ཀྱི་ནང་ལ་གཅིག་ཡོད་པ། སྡེར་མ་གཅིག་ལ་ང་མཉམ་པོ་འཁུར་བ་སྤག་མཁན་མན་ན་གཅིག་གིས་ང་ལ་འཛིན་འཇུག་ཅེས་ཡོད། 21 ད་ཨལ་ལོ་ཧིམ་གྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་འབྲི་ཀྱོ་ཅོག་གྲོ་རང་མིའི་བུ་འཆི་ཅེས་ཡོད། ཡིན་ན་ཡང་། འཛིན་འཇུག་མཁན་དེ་གིས་ནི་འཇིགས་པོ་རང་སྡུག་པོ་འཁུར་དགོས་ཅེས་ཡོད། ཁོ་སྐྱེ་རང་མ་སྐྱེས་པ་ཡོད་ན་ཡག་པོ་འོང་ཅེས་སྲིད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

22 ཁོང་ཕོ་བེ་ཡ་ཟ་རང་ཟ་མཁན་གང་ལ་ཡ་ཤུ་བས་འཁུར་བ་བླངས་ཏེ་ཨལ་ལོ་ཧིམ་ལ་བསྟོད་སྒྲ་བསྟེར་ཏེ་ཧྲལ་ཟིན། འོ་ལས། འདི་འཁུར་བ་བླངས་ཏེ་ཟོ། འདི་ངའི་གཟུགས་པོ་ཡིན་པ། སྨྲས་ཏེ་ཉེ་གནས་ཡ་ལ་བགོད་ཟིན། 23 འོ་ལས་རྒུན་ཆང་བླུག་ཀྱོའི་ཕོར་པ་བླངས་ཏེ་ཨལ་ལོ་ཧིམ་ལ་འུར་ཆེ་བསྟེར་ཏེ་ཉེ་གནས་ཡ་ལ་སྟེར་ཟིན། འོ་ལས་ཁོང་གང་པོས་རང་འཐུང་ཟིན། 24 འོ་ལས་ཁོང་གིས་འཐུང་རང་འཐུང་མཁན་གང་ལ་ཡ་ཤུ་བས་སྨྲ་ཟིན། འདི་དེ་ངའི་ཁྲག་ཡིན་པ། ངའི་ཁྲག་མི་མང་པོ་རང་གི་དོན་དག་ལ་གཞོལ་ཏེ་འགྲོ་ཅེས་ཡོད། འོ་ལས་གཞོལ་ཏེ་བརྒལ་ཏེ་འགབ་ལས་ཨལ་ལོ་ཧིམ་གྱི་འཇོག་ཀྱོའི་དམ་བཅའ་དོན་དག་འགྲུབ་ཅེས་ཡོད། 25 ངའི་སྨྲ་མཁན་གྱི་གཏམ་ཉན་ཏེ་ཞོག །ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་མ་སླེབས་བར་དུ་ངས་གཉིས་པར་རང་རྒུན་ཆང་འཐུང་ཅེས་མེད། ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་སླེབས་ཏེ་འགབ་ལས་ནི་ངས་སྤྱོད་གཤིས་གསར་པ་ཞིག་བྱས་ཏེ་འཐུང་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

26 འོ་ལས་ཁོང་ཕོ་བེ་ཡ་གིས་ཨལ་ལོ་ཧིམ་ལ་བསྟོད་སྒྲ་སྟེར་ཟིན་པ་རང་ཁ་སྐྱུར་པོའི་སྒང་ངོས་ལས་རྒལ་ཟིན།།

ཡ་ཤུ་བས་པེ་ཏྲོ་ལ་སྔོན་ནས་ཤེས་ཏེ་གཏམ་སྨྲ་ཀྱོ།

27 འོ་ལས་ལམ་ལ་འགྲོ་མཁན་གང་ལ་ཡ་ཤུ་བས་སྨྲ་ཟིན། འདི་དགོང་མོ་ཁྱེད་གང་པོས་རང་ང་ལ་དད་པ་ལོག་ཅེས་ཡོད། འོ་ཙམ་ལ་ཡ་ཧུ་དྰ་པའི་གསུང་རབ་ལ་འབྲི་ཀྱོའི་འདི་སྐད་ཆ་དོན་དག་འགྲུབ་ཅེས་ཡོད།

ངས་ལུག་གི་བདག་པོ་ལ་ཚད་མེད་པའི་སྡུག་པོ་འབབ་འཇུག་ཅེས་ཡོད།།

འོ་ལས་ལུག་ཡ་འདྲོག་སྟེ་རྦད་འཐོར་བགོད་འཐོར་འགྲོ་ཅེས་ཡོད།།

སྨྲས་ཏེ་བྲིས་ཏེ་ཡོད་པ། 28 ཡིན་ན་ཡང་། ཤི་སྟེ་གསོན་པོར་ལངས་ཏེ་འགབ་ལས་ང་ཁྱེད་ཀྱི་གདོང་ད་གདོང་བརྒལ་ཏེ་ཁྱེད་ལ་ག་ལིལ་ལུང་པ་ལ་ཐུག་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།

29 འོ་ལས་པེ་ཏྲོས། གང་པོས་རང་ཁྱོད་ལ་དད་པ་ལོག་ན་ཡང་ངས་ནི་ནམ་ཡང་དད་པ་མི་ལོག །སྨྲས་ཏེ་སྨྲ་ཟིན། 30 འོ་ལས་ཡ་ཤུ་བས་སྨྲ་ཟིན། ངའི་གཏམ་ཉོན་པེ་ཏྲོ། ནངས་པར་སྔ་དྲོ་བྱ་པོ་ལན་གཉིས་འབོད་མཁན་སྨྲས་ཏེ་གདོང་ལ་རང་ཁྱོད་ཀྱིས་ང་ལ་ལན་གསུམ་ཐུག་ངོ་མི་ཤེས་སྨྲས་ཏེ་སྨྲ་ཀྱོ་འོང་ཅེས་ཡོད། སྨྲས་ཏེ་སྨྲ་ཟིན། 31 འོ་ཙམ་ལ་པེ་ཏྲོས། མིན་པ་དགེ་རྒན། ཁྱོད་མཉམ་པོ་འཆི་དགོས་ན་ཡང་། ཁྱོད་ལ་ངོ་མི་ཤེས་སྨྲས་ཏེ་ངས་ནམ་ཡང་མི་སྨྲ། སྨྲས་ཏེ་སྨྲ་ཟིན། འོ་ལས་ཉེ་གནས་གཞན་པ་ཡ་གིས་ཀྱང་པེ་ཏྲོས་སྨྲ་ཀྱོ་ཅོག་གྲོ་རང་སྨྲ་ཟིན།།

ཡ་ཤུ་བས་གསོལ་བ་འདེབས་ཀྱོ།

32 ཁ་སྐྱུར་པོའི་སྒང་ལ་སླེབས་ཏེ་ཁོང་ཕོ་བེ་ཡ་གེད་ཤེ་མ་ནེ་སྨྲ་མཁན་གྱི་ས་ཆ་ཡངས་པོ་གཅིག་ལ་རྒལ་ཟིན། འོ་ལས་འོ་ལ་ཡ་ཤུ་བས་ཉེ་གནས་ཡ་ལ། ང་ཏ་ཕར་ལ་བརྒལ་ཏེ་གསོལ་བ་འདེབས་འགྲོ་མཁན། ཁྱེད་འདི་ལ་སྡོད་ཏོང་ལོ། སྨྲས་ཏེ་སྨྲ་ཟིན། 33 པེ་ཏྲོ། ཡ་ཀོ་བོས་དང་ཡུ་ཧ་ནན་ལ་ཡ་ཤུ་བས་རང་མཉམ་པོ་རང་བླངས་ཏེ་རྒལ་ཟིན། འོ་ལས་འཇིགས་པོ་རང་སེམས་ན་སྟེ་ཚ་གི་ཚི་གི་བྱས་ཏེ། 34 ངའི་སེམས་སྡུག་བསྔལ་གྱི་མཆོང་མཁན་རང་ཡོད་པ། སྙིང་ཕོང་ཅེས་ཅོག་གྲོ་རང་རྒལ་ཟིན། ཁྱེད་འདི་ལ་གཉིད་མ་ལོག་པར་བྱས་ཏེ་སྡོད་ཏོང་ལོ། སྨྲས་ཏེ་ཉེ་གནས་གསུམ་ལ་སྨྲ་ཟིན། 35 འོ་ལས་འོ་ལས་ཀྱང་ཕར་ཙམ་ལ་ཕྱིན་ཏེ་ས་ལ་ཁེབས་བཙུགས་བརྒྱབ་སྟེ་འདི་ཅོག་གྲོ་སྨྲས་ཏེ་གསོལ་བ་འདེབས་ཟིན། ཨོ་ཨ་ཕ། འོང་མཁན་སྨྲ་ན་འདི་སྡུག་པོའི་ཉི་མ་ངའི་ཐོག་ལ་འབབ་མ་འཇུག 36 །ཨོ་ཡབ་ཆེན་ཨ་ཕ། ཁྱོད་ཀྱིས་བྱེད་མི་ཐུབ་མཁན་གྱི་ལས་ཀ་ཅི་ཡང་མེད། འདི་སྡུག་པོའི་ལས་ཀ་ང་ལས་འཁྱེར་ཏོང་། ཡིན་ན་ཡང་ངའི་སེམས་ལ་གནས་ཀྱོ་ཅོག་གྲོ་མིན་པ། ཁྱོད་ཀྱི་སེམས་ལ་སྐྱེ་ཀྱོ་ཅོག་གྲོ་རང་དོན་དག་འགྲུབ་ཆུག །སྨྲས་ཏེ་ཡ་ཤུ་བས་གསོལ་བ་འདེབས་ཟིན།།

37 འོ་ལས་ཉེ་གནས་གསུམ་ཡོད་སའི་ས་ཆ་ལ་འོང་ཟིན། ཁོང་གསུམ་གཉིད་ལོག་ཟིན་ནུ་བ། འོ་ལས་ཡ་ཤུ་བས་པེ་ཏྲོ་ལ། ཨེ་སི་མོན། ཁྱོད་གཉིད་ཀྱང་ལོག་ཟིན་གྱོ། ང་མཉམ་པོ་ཆུ་ཚོད་གཅིག་ཀྱང་ལངས་ཏེ་སྡོད་མི་ཁུག་མཁན། སྨྲས་ཏེ་འདྲི་ཟིན། 38 བར་ཆད་ལ་མ་ཆུད་འཇུག་སྨྲས་ཏེ་ཁྱེད་གཉིད་མ་ལོག་པར་བྱས་ཏེ་གསོལ་བ་འདེབས་ཏོང་། སེམས་ཉིད་བདེན་པར་རང་གྲ་སྒྲིག་ཡོད། ཡིན་ན་ཡང་གཟུགས་པོ་དེ་དམའ་འཕམ་པ་ནུ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

39 འོ་ལས་གཉིས་པར་རང་ཕར་ཙམ་ལ་ཕྱིན་ཏེ་གདོང་ལ་ཅོག་གྲོ་རང་བྱས་ཏེ་གསོལ་བ་འདེབས་ཟིན། 40 འོ་ལས་ལོག་འགྲོ་མཁན་གང་ལ་ནི་ཁོང་གསུམ་གཉིས་པར་རང་ཡང་གཉིད་ལོག་ཟིན་ནུ་བ། ཁོང་གིས་མིག་རང་ཁ་འབྱེད་མ་ཁུགས། འོ་ལས་ཁོང་གིས་ཡ་ཤུ་བ་ལ་ཅི་སྨྲ་ཅེས་ཅི་སྨྲ་ཅེས་རྒལ་ཟིན།།

41 འོ་ལས་ཡ་ཤུ་བ་གཉིས་པར་རང་ཡང་ཕར་ཙམ་ལ་ཕྱིན་ཏེ་གསོལ་བ་བཏབ་སྟེ། འོ་ལས་གཉིས་པར་རང་ཡང་ལོག་འོངས་ཏེ་སྨྲ་ཟིན། ཁྱེད་ད་རུང་ཡང་ཉལ་ཏེ་ངལ་འཚོས་སྡོད་ཀོ་ཡོད་པ། འགྲིག་ཟིན་ད་ནི། ངའི་དུས་ཚོད་སླེབ་ཟིན་ཟིན། ལྟོས། ད་ནི་མིའི་བུ་ངོ་ལོག་པའི་ལག་པ་ལ་ཆུད་ཅེས་བྱེད་ཟིན། 42 ལངས་ཏེ་འགྲོ་ད་ནི། ང་ལ་འཛིན་འཇུག་མཁན་གྱི་མི་ཡང་འོང་རང་འོང་གོ་ནུ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།

ཡ་ཤུ་བ་ལ་འཛིན་གྱོ།

43 ཡ་ཤུ་བས་འདི་གཏམ་སྨྲ་རང་སྨྲ་མཁན་གང་ལ་ཉེ་གནས་འགོ་ཆེ་བ་བཅུ་གཉིས་ཀྱི་ནང་ལ་ཀར་ཡོད་པ་ཡུ་དྰ་སྨྲ་མཁན་དེ་སླེབས་འོང་ཟིན། བེར་ཀ་དང་དཔའ་དམ་འཐོགས་ཏེ་མི་ཁྱུ་གཅིག་ཁོ་མཉམ་པོ་རང་འོང་ཟིན། མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ། བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་དང་འགོ་པ་ཆེན་པོ་ཡ་གིས་ཁོང་ལ་གཏོང་གྱོ་ཡིན་མཁན། 44 འཛིན་འཇུག་མཁན་གྱི་ཡུ་དྰས། གང་དྲ་ལ་ངས་མཆུ་བྱེད་མཁན། འོ་དེ་རང་ཡ་ཤུ་བ་ཡིན། ཁོ་ལ་བཟུང་སྟེ་ཡག་པོ་བྱས་ཏེ་སྲུངས་ཏེ་འཁྱེར་ཏོང་། སྨྲས་ཏེ་གདོང་ལ་རང་སྨྲ་ཀྱོ་ཡོད་མཁན། 45 འོ་ལས་ཡ་ཤུ་བ་ལ་ཐུག་ལོང་མེད་པ་རང་ཡུ་དྰས། དཔོན་པོ། དཔོན་པོ་ལགས། སྨྲས་ཏེ་མཆུ་བྱེད་ཟིན། 46 འོ་ལས་འོ་མི་ཁྱུས་ཡ་ཤུ་བ་ལ་འཛིན་ཟིན།

47 ཡ་ཤུ་བའི་འགྲམ་ལ་ལངས་ཏེ་སྡོད་ཀྱོའི་མི་གཅིག་གིས་རང་གི་དཔའ་དམ་ཤུབས་བཏོན་ཏེ་ལེ་ཝི་འགོ་ཆེ་བའི་གཡོག་པོའི་རྣ་མཆོག་རེབ་བཅད་སྟེར་ཟིན།

48 འོ་ལས་ཡ་ཤུ་བས་རང་ལ་འཛིན་འོང་གྱོའི་མི་ཁྱུ་ལ། ང་ཇག་པ་ཡིན་གནས་འོ་ནུག་པ། ང་ལ་འཛིན་ཅེས་ལ་ཁྱེད་ཀྱིས་བེར་ཀ་དང་དཔའ་དམ་འཐོགས་ཏེ་འོང་དགོས་མཁན། 49 ཉི་མ་གྲངས་མ་རང་ཡ་ཧུ་དྰ་པའི་མཆོད་ཁང་ལ་བསྡད་དེ་ཁྲིད་འདེབས་མཁན་གང་ལ་ནི་ཁྱེད་ཀྱིས་ང་ལ་མི་འཛིན་པས། ཡིན་ན་ཡང་ཨལ་ལོ་ཧིམ་གྱིས་གསུང་རབ་ལ་འབྲི་ཀྱོ་དེ་གང་པོ་རང་དོན་དག་འགྲུབ་རང་དགོས་མཁན། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན། 50 འོ་ཙམ་ལ་ཉེ་གནས་གང་པོ་རང་ཡ་ཤུ་བ་ལ་དབྱུགས་བཞག་སྟེ་འབྲོས་ཟིན།

51 བཀབ་ཆ་སྲབ་པ་ཞིག་གོན་གྱོའི་ཤར་པ་གཅིག་ནི་ཡ་ཤུ་བའི་རྟིང་ད་རྟིང་རྒལ་ཟིན། འོ་ལས་མི་ཡ་གིས་ཁོ་ལ་ཡང་འཛིན་ཅེས་བྱེད་མཁན་གང་ལ་ནི་ 52 ཁོས་འོ་བཀབ་ཆ་སྲབ་པ་དེ་ལ་ཡང་དབྱུགས་བཞག་སྟེ་མཆོངས་ཏེ་རྒལ་ཟིན།།

འགོ་པ་ཡ་འཚོགས་ཀྱོའི་ས་ཆ་ལ་ཡ་ཤུ་བ།

53 འོ་ལས་ཁོང་གིས་ཡ་ཤུ་བ་ལ་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་འགོ་ཆེ་བའི་ཕོ་བྲང་ལ་འཁྱེར་ཟིན། འོ་ལས་ལེ་ཝི་ཆེན་པོ། འགོ་པ་ཆེན་པོ་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་འཛོམ་འོང་ཟིན། 54 པེ་ཏྲོ་དེ་རྒྱང་མ་རྒྱང་མ་བྱས་ཏེ་ཡ་ཤུ་བའི་རྟིང་ཉེ་སྟེ་ལེ་ཝི་འགོ་ཆེ་བའི་ཕོ་བྲང་གི་དཀྱིལ་རྡོ་ལ་སླེབ་ཟིན། འོ་ལས་སྒོ་སྲུང་མཁན་གྱི་མི་ཡ་མཉམ་པོ་བསྡད་དེ་མེ་དུགས་ཟིན།

55 ལེ་ཝི་ཆེན་པོ་དང་གྲོས་མི་གང་པོས་རང་ཡ་ཤུ་བ་ལ་གསོད་དགོས་མཁན་སྨྲས་ཏེ་མངོན་རྟགས་འཚོལ་ཟིན། མངོན་རྟགས་ག་ཚོད་འཚོལ་ན་ཡང་རྙེད་ཟིན་མ་ཁུགས། 56 མི་མང་པོས་རང་ཡ་ཤུ་བ་ལ་སྙད་བཙུགས་ཏེ་ཡང་ཁོང་གི་སྨྲ་ཀྱོའི་གཏམ་གཅིག་ཀྱང་མ་འགྲིགས། 57 རྟིང་ལས་ལ་ལ་མི་ལངས་ཏེ་སྨྲ་ཟིན། 58 འདི་མིས་ནི། ངས་མིས་བཟོ་ཀྱོའི་འདི་མཆོད་ཁང་ཧྲུམ་སྟེ་ཉི་མ་གསུམ་ལ་རང་མིས་མ་བྱས་པའི་མཆོད་ཁང་གཅིག་བཟོ་མཁན། སྨྲས་ཏེ་སྨྲ་ཀྱོ། ཁོས་འདི་ཅོག་གྲོ་སྨྲ་མཁན་དེ་ངེད་ཀྱིས་ཐོས་ཀྱོ། སྨྲས་ཏེ་སྨྲ་ཟིན། 59 ཡིན་ན་ཡང་། ཁོང་གི་ཤོད་ཀྱོའི་གཏམ་ཡང་འགྲིག་མ་ཁུགས།

60 འོ་ལས་ལེ་ཝི་འགོ་ཆེ་བ་ལངས་ཏེ་གང་པོའི་དཀྱིལ་ལ་བརྒལ་ཏེ་ཡ་ཤུ་བ་ལ། ཨེ། ད་ལྟ་ཅི་ལས་ཁ་འཛུམ་པ་སྡོད་མཁན། ངེད་ལ་འདི་མི་ཡ་གི་སྨྲ་ཀྱོའི་གཏམ་སྒྲ་མི་གསལ་མཁན། སྨྲས་ཏེ་འདྲི་ཟིན། 61 ཡ་ཤུ་བས་ལན་གཅིག་ཀྱང་མ་བརྒྱབ། ཁ་འཛུམ་རང་སྡོད་ཟིན། འོ་ལས་ལེ་ཝི་འགོ་ཆེ་བས་གཉིས་པར་རང་འདྲི་ཟིན། སྨྲ་དོང་། ཁྱོད་བསྟོད་སྒྲ་སྟེར་དགོས་མཁན་གྱི་ཨལ་ལོ་ཧིམ་གྱི་སྲས་པོ་བསྐུས་པ་དེ་རང་ཡིན་པ། 62 ཡིན་པ། ང་འོ་དེ་རང་ཡིན་པ། འོ་ལས་འོང་མཁན་གྱི་དུས་ཚོད་ལ་ཁྱེད་ཀྱིས་མིའི་བུ་ལ་དབང་ཆ་ཆེན་པོ་གོན་མཁན་གྱི་ཨལ་ལོ་ཧིམ་གྱི་གཡས་པ་ངོས་ལས་སྡོད་ཀྱོ་མཐོང་ཅེས་ཡོད། འོ་ལས་{ནམ་མཁའ་ལས་མར་} རྨུགས་པའི་ཁ་ཁ་ད་འོང་མཁན་མཐོང་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།

63 འོ་ཙམ་ལ་ལེ་ཝི་འགོ་ཆེ་བའི་ཞེ་སྡང་གིས་རང་གི་གཡོགས་སན་ཧྲལ་ཏེ། ད་ནི་འོ་རང་ལ་གཏམ་གཞན་པ་མི་དགོས་མཁན། 64 ཁོས་ཨལ་ལོ་ཧིམ་ལ་སྐུར་པ་འདེབས་ཀྱོ་དེ་ཁྱེད་ཀྱིས་ཐོས་ཟིན། ཁྱེད་ལ་ཅི་གནས་འོ་ནུ་བ། སྨྲ་དོང་། འདི་མི་ནི་མ་དག་པ་ཡིན། ཁོ་ལ་གསོད་རང་དགོས་མཁན། སྨྲས་ཏེ་འཚོགས་ཀྱོའི་འགོ་པ་གང་པོས་རང་འགྲིགས་ཏེ་སྨྲ་ཟིན། 65 འོ་ལས་ལ་ལས་ཡ་ཤུ་བ་ལ་ཐུ་ལུད་རྒྱབ་ཟིན། འོ་ལས་ཡ་ཤུ་བའི་མིག་ལ་བཀབ་སྟེ་འགྲམ་ལྕག་བརྒྱབ་སྟེ། ཁྱོད་མཁྱེན་པ་བདག་པོ་ཡིན་ན་ད་གཟོད་སྨྲ་དོང་། སུས་བརྡུངས་པ་ཁྱོད་ལ། སྨྲས་ཏེ་འདྲི་ཟིན། འོ་ལས་སྒོ་སྲུང་མཁན་གྱི་མི་ཡ་གིས་ཡ་ཤུ་བ་ལ་བཟུང་སྟེ་རྡུང་ཟིན།།

པེ་ཏྲོས་ཡ་ཤུ་བ་ལ་ངོ་མི་ཤེས་སྨྲས་ཏེ་སྨྲ་ཀྱོ།

66 འོ་ཙམ་ཐུག་ཀྱང་པེ་ཏྲོ་མ་འོག་དཀྱིལ་རྡོ་ལ་བསྡད་དེ་ཡོད་མཁན། འོ་ལས་ལེ་ཝི་འགོ་ཆེ་བའི་གཡོག་མོ་གཅིག་འོངས་ཏེ། 67 པེ་ཏྲོ་ལ་མེ་དུགས་ཏེ་སྡོད་མཁན་མཐོང་སྟེ་ཁོའི་གདོང་པ་ལ་ཤར་རེ་བལྟས་ཏེ། ཁྱོད་ཀྱང་འོ་ན་ཙ་རེད་ཀྱི་ཡ་ཤུ་བ་མཉམ་པོ་རང་འགྲོ་འོ་ཡོད་མཁན་ལེ། སྨྲས་ཏེ་སྨྲ་ཟིན། 68 འོ་ལས་པེ་ཏྲོས། མིན་པ། ཁྱོད་ཀྱིས་ཅིའི་དོན་དག་ལ་གཏམ་སྨྲ་ཀྱོ། ངས་ནི་ཧ་མ་གོ །སྨྲས་ཏེ་སྨྲ་ཟིན་པ་རང་དཀྱིལ་རྡོའི་རྒྱལ་སྒོ་ལ་རྒལ་ཟིན། འོ་ཙམ་ལ་བྱ་པོ་འབོད་ཟིན།

69 འོ་ལས་འོ་བུད་མེད་ཀྱིས་པེ་ཏྲོ་ལ་གཉིས་པར་རང་ཡང་མཐོང་སྟེ་འོ་ལ་ལངས་ཏེ་སྡོད་མཁན་གྱི་མི་ཡ་ལ། ཏོ་མི་ཡང་འོ་ཁྱུའི་ནང་གི་མི་རང་ཡིན་པ་ནུ། སྨྲས་ཏེ་སྨྲ་ཟིན། 70 འོ་ལས་པེ་ཏྲོས་གཉིས་པར་རང་མིན་པ་སྨྲ་ཟིན། འོ་ལས་ཏོག་ཙམ་ཞིག་གི་རྟིང་ལས་འོ་ལ་ལངས་ཏེ་སྡོད་ཀྱོའི་མི་ཡ་གིས་ཀྱང་། ཁྱོད་ནི་ག་ལིལ་ལུང་པའི་མི་ནུ་བ། ཁྱོད་ཀྱི་སྐད་ལུགས་ག་ལིལ་ལུང་པའི་སྐད་ལུགས་ཡིན་པ། ཁྱོད་བདེན་པར་རང་འོ་ཁྱུའི་ནང་གི་མི་རང་ཡིན་པ་ནུ། སྨྲས་ཏེ་སྨྲ་ཟིན། 71 འོ་ལས་པེ་ཏྲོས་མནའ་བསྐྱེལ་ཏེ་སྨྲ་ཟིན། ངས་རྫུན་རྒྱབ་ཀྱོ་ཡིན་ཟིན་སྨྲ་ན་ཨལ་ལོ་ཧིམ་གྱིས་རང་ང་ལ་ཉེས་པ་འགེལ་ཆུག །འོ་མི་ལ་ང་ནི་ངོ་རང་མི་ཤེས། སྨྲས་ཏེ་པེ་ཏྲོས་གཏམ་དྲགས་སྤྲུགས་ཏེ་སྨྲ་ཟིན། 72 འོ་ཙམ་ལ་གཉིས་པར་རང་བྱ་པོ་འབོད་ཟིན། འོ་ལས། བྱ་པོ་ལན་གཉིས་འབོད་མཁན་སྨྲས་ཏེ་གདོང་ལ་རང་ཁྱོད་ཀྱིས་ལན་གསུམ་ཐུག་ང་ལ་ངོ་མི་ཤེས་སྨྲས་ཏེ་སྨྲ་ཀྱོ་འོང་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བའི་སྨྲ་ཀྱོའི་གཏམ་པེ་ཏྲོས་དྲན་པ་གསོ་ཟིན་པ་རང་ཁོ་གཞུག་གཅིག་གཞུག་ངུ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.