རྒུན་གྱི་ཞིང་ཕྱེད་མ་ལ་བརྒྱབ་སྟེ་ཁོག་པ་ནག་པོ་བྱེད་མཁན་གྱི་མི་ཡ་ལ་དཔེ་འཇོག་ཀྱོ།
1 འོ་ལས་ཡ་ཤུ་བས་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ། བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་དང་འགོ་པ་ཆེན་པོ་ཡ་ལ་འདི་གཏམ་དཔེ་ལ་དཔེ་བཞག་སྟེ་ཁྲིད་འདེབས་ཟིན། མི་གཅིག་གིས་ཞིང་གཅིག་གང་གྱ་རང་རྒུན་གྱི་སྡོང་པོ་འཛུགས་ཟིན་ནུ་ལོ། འོ་ལས་རྒུན་གྱི་ཞིང་གི་མཐའ་སྐོར་རང་དགར་བ་བརྒྱབ་སྟེ་རྒུན་འཚིར་མཁན་གྱི་ཀོལ་དང་པ་ལིབ་བཟོ་ཟིན་ནུ་ལོ། འོ་ལས་འོ་ཞིང་ཕྱེད་མ་ལ་བསྟེར་ཏེ་ཁོ་རང་དེ་ཡུལ་ཐག་རིང་པོ་ལ་རྒལ་ཟིན་ནུ་ལོ། 2 འོ་ལས་རྒུན་འཚོད་མཁན་གྱི་དུས་ལས་ཕར་ཁོས་རང་གི་གཡོག་པོ་གཅིག་ལ། ང་ལ་ཐོབ་མཁན་གྱི་བོགས་བླངས་ཏེ་ཁྱེར་ཤོག །སྨྲས་ཏེ་གཏོང་ཟིན་ནུ་ལོ། 3 འོ་ལས་ཞིང་རྒྱབ་མཁན་གྱི་མི་ཡ་གིས་འོ་གཡོག་པོ་ལ་ཅི་ཡང་མ་བསྟེར་བར་བྱས་ཏེ་བརྡུངས་ཏེ་གཏོང་རྫོང་ཟིན་ནུ་ལོ།
4 འོ་ལས་ཞིང་གི་བདག་པོས་གཉིས་པར་རང་གཡོག་པོ་གཞན་པ་གཅིག་གཏོང་ཟིན་ནུ་ལོ། འོ་ལས་འོ་མི་ཡ་གིས་ཁོ་ལ་ལྷག་བཙོག་པ་བྱས་ཏེ་བརྡུངས་ཏེ་མགོ་ལ་གནོད་འཚེ་བཏང་སྟེ་གཏོང་རྫོང་ཟིན་ནུ་ལོ།
5 འོ་ལས་ཞིང་གི་བདག་པོས་གཡོག་པོ་གཞན་པ་གཅིག་གཏོང་ཟིན་ནུ་ལོ། ཁོ་ལ་ནི་ཁོང་གིས་གསོད་ཟིན་ནུ་ལོ། འདི་ཅོག་གྲོ་བྱས་ཏེ་ཞིང་གི་བདག་པོས་གཡོག་པོ་གཞན་པ་མང་པོ་ལ་རང་གཏོང་ཟིན་ནུ་ལོ། འོ་ལས་འོ་མི་ཡ་གིས་ལ་ལ་ལ་བརྡུངས་ཏེ་གཏོང་རྫོང་ཟིན་ནུ་ལོ། ལ་ལ་ལ་ནི་གསོད་ཟིན་ནུ་ལོ།
6 རྟིང་ཤོས་ལ་རང་ལ་ཐོབ་མཁན་གྱི་བོགས་ལེན་འགྲོ་ཅེས་ལ་སུ་གཞན་པ་ཡང་མེད་པ་སོང་གོ་རང་འོ་ཞིང་གི་བདག་པོས་རང་གི་བྱམས་པ་བྱས་ཏེ་འཇོག་ཀྱོའི་བུ་ལ་རང་གཏོང་ཟིན་ནུ་ལོ། ངའི་བུ་ལ་ནི་ཁོང་གིས་རྩིས་བྱེད་མཁན། སྨྲས་ཏེ་ཁོའི་སེམས་ལ་སྐྱེ་ཟིན་ནུ་ལོ། 7 འོ་ལས་འོ་ཞིང་རྒྱབ་མཁན་གྱི་མི་ཡ་གིས་བདག་པོའི་བུ་རང་འོང་མཁན་མཐོང་གོ་རང་ནི་གྲོས་བརྒྱབ་སྟེ། ལྟ་དོང་། འོ་དེ་ནི་འདི་ཕ་གཞིའི་བདག་པོ་རང་ཡིན། ཤོག་ད་ནི་ཁོ་ལ་གསོད་མཁན། ཁོ་ལ་གསོད་ཟིན་སྨྲ་ན་ཞིང་འོ་རང་དེ་རང་འོང་མཁན་ཡིན། སྨྲས་ཏེ་གྲོས་བརྒྱབ་སྟེ་ 8 ཁོང་གིས་བདག་པོའི་བུ་ལ་བསད་དེ་ཞིང་ལས་ཕྱི་ལ་དབྱུགས་རྫོང་ཟིན་ནུ་ལོ། སྨྲས་ཏེ་ཡ་ཤུ་བས་གཏམ་དཔེ་ཤོད་ཟིན།
9 འོ་ལས་ཡ་ཤུ་བས་འདྲི་ཟིན། ཞིང་གི་བདག་པོས་འོ་ཞིང་བཟོ་མཁན་གྱི་མི་ཡ་ལ་ཅི་བྱེད་འགྲོ་ད། བདག་པོ་ཁོ་རང་རང་འོངས་ཏེ་ཁོང་ལ་བསད་དེ་ཞིང་མི་གཞན་པ་ཡ་ལ་ཕྱེད་མ་ལ་རྩིས་མི་རྒྱབ་འགྲོ་ན།
10 རྩིག་བཟོ་མཁས་པའི་ཕན་མི་ཐོགས་མཁན་སྨྲས་ཏེ་དབྱུགས་འཇོག་ཀྱོའི་རྡོ་དེ།།
མཆོད་ཁང་བཟོ་མཁན་གང་ལ་མི་འཇོག་ན་མི་འོང་མཁན་གྱི་རྡོ་རང་རྒལ་ཟིན།།
11 ཡ་ཝེས་རང་འདི་ཅོག་གྲོ་འོང་འཇུག་ཟིན།།
འདི་ལས་ཀ་མཐོང་སྟེ་འོ་རང་ལ་ཡིད་ཆེས་པ་ཞིག་གནས་འོ་ནུ།།
སྨྲས་ཏེ་ཡ་ཧུ་དྰ་པའི་གསུང་རབ་ལ་འབྲི་ཀྱོའི་འདི་སྐད་ཆ་ཁྱེད་ཀྱིས་མ་བཀླགས་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
12 ལེ་ཝི་ཆེན་པོ། བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་དང་འགོ་པ་ཆེན་པོ་ཡ་གིས། ཡ་ཤུ་བས་འོ་གཏམ་དཔེ་ཁོང་གི་དོན་དག་ལ་རང་སྨྲ་ཀྱོ་ཡིན་སྨྲས་ཏེ་ཧ་གོ་སྟེ་ཡ་ཤུ་བ་ལ་འོ་ཙམ་ལ་རང་འཛིན་ཅེས་སེམས་སྐྱེ་ཟིན། ཡིན་ན་ཡང་མི་བུངས་ཤིག་ཡ་ལ་མཐོང་སྟེ་ཁོང་འཇིགས་ཏེ་ཡ་ཤུ་བ་ལ་མ་རེག་པར་བྱས་ཏེ་འོ་ལས་ཐོན་ཏེ་རྒལ་ཟིན།།
ཤོ་གམ་འཇལ་མཁན་གྱི་དོན་དག་ལ་འདྲི་ཀྱོ།
13 རྟིང་ལས་ཁོང་གིས་ལ་ལ་{བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་} ཕ་རི་སི་དང་རྒྱལ་པོ་ཧེ་རོ་དྰེ་ངོས་ཀྱི་མི་ཡ་ལ། ཡ་ཤུ་བ་ལ་ཁོག་པ་བསྐོར་ཏེ་གཏམ་ཅི་ཡང་གི་རྒྱུ་འབྱོར་མཁན་ནི་སྨྲས་ཏེ་བལྟས་སོང་། སྨྲས་ཏེ་ཡ་ཤུ་བའི་རྩར་ལ་གཏོང་ཟིན། 14 འོ་ལས་ཁོང་ཡ་ཤུ་བའི་རྩར་ལ་འོངས་ཏེ་སྨྲ་ཟིན། དགེ་རྒན་ལགས། ཁྱོད་ཀྱིས་ནམ་སྨྲ་ན་དོན་དམ་གྱི་གཏམ་གཅིག་རང་སྨྲ་མཁན་སྨྲས་ཏེ་ངེད་ལ་རྒྱུས་ཡོད་པ། ཁྱོད་ཀྱིས་མི་ངོ་མ་བལྟས་པར་བྱས་ཏེ་ཆེན་པོ་ཆད་མ་གང་པོ་ལ་རང་གཏམ་ཐད་ཀ་ཤར་རེ་རང་སྨྲ་འོ་ནུ། མི་གང་པོ་ལ་རང་ཨལ་ལོ་ཧིམ་གྱི་ལམ་བདེན་པ་རང་སློབ་ཀོ་ནུ། ད་ངེད་ལ་སྨྲ་དོང་། རོ་མ་པ་རྒྱལ་པོ་ཀེ་སར་ལ་ཤོ་གམ་འཇལ་མཁན་དེ་གྲ་སྒྲིག་ཡིན་པ་ནི་མིན་པ། ངེད་ཀྱིས་འཇལ་དགོས་མཁན་ནི་མི་དགོས་མཁན། སྨྲས་ཏེ་ཁོང་གིས་འདྲི་ཟིན། 15 ཁོང་གི་ཡིན་མདོག་བསྟན་ཏེ་སྨྲ་ཀྱོའི་གཏམ་ངོ་ཤེས་ཏེ་ཡ་ཤུ་བས་སྨྲ་ཟིན། ཁྱེད་ཀྱིས་ང་ལ་ཅི་ལས་ཁོག་པ་བསྐོར་ཏེ་གཏམ་གྱི་རྒྱུ་འཚོལ་མཁན། ང་ལ་ཤོ་གམ་འཇལ་མཁན་གྱི་ཊང་ཀ་གཅིག་སློང་ལེ། སྨྲས་ཏེ་སྨྲ་ཟིན། 16 འོ་ལས་ཁོང་གིས་དངུལ་གྱི་གྲ་བལ་གཅིག་ཁྱོང་སྟེ་འདོན་མཁན་གང་ལ་ཡ་ཤུ་བས། འདི་ལ་སུའི་མཚན་དང་པར་ནུག་པ། སྨྲས་ཏེ་འདྲི་ཟིན། རོ་མ་པ་རྒྱལ་པོ་ཀེ་སར་དེ་ནུ་བ། སྨྲས་ཏེ་ཁོང་གིས་སྨྲ་ཟིན། 17 འོ་ལས་ཡ་ཤུ་བས། འོ་ན་རྒྱལ་པོ་དེ་རྒྱལ་པོ་ལ་རང་སྟེར་ཏོང་། འོ་ལས་ཨལ་ལོ་ཧིམ་དེ་ཨལ་ལོ་ཧིམ་ལ་རང་སྟེར་ཏོང་། སྨྲས་ཏེ་ལན་རྒྱབ་ཟིན། ཡ་ཤུ་བས་འདི་ཅོག་གྲོ་ལན་རྒྱབ་ཀོ་རང་ཁོང་ཧ་ལས་ཟིན།།
ཤི་སྟེ་ལས་གསོན་པོར་ལང་མཁན་གྱི་དོན་དག་ལ་འདྲི་ཀྱོ།
18 འོ་ལས་ཤི་སྟེ་ལས་རྟིང་ཤོས་དུས་ཚོད་ལ་སུ་ཡང་གསོན་པོར་ལང་ཅེས་མེད་སྨྲ་མཁན་གྱི་སད་དུ་ཀི་ཡ་ཡང་གཏམ་འདྲི་ཅེས་སྨྲས་ཏེ་ཡ་ཤུ་བའི་རྩར་ལ་འོང་ཟིན། 19 དགེ་རྒན་ལགས། མོ་ཤེས་བཀའ་ཁྲིམས་ལ་འདི་ཅོག་གྲོ་འབྲི་ཀྱོ་ནུ་བ། སྐྱེས་པ་ཁྱོ་ག་གཅིག་བུ་བུ་མོ་མ་སྐྱེས་པར་བྱས་ཏེ་འཆི་ཟིན་སྨྲ་ན། ཁོའི་ཁང་པ་ལ་བུ་བུ་མོ་འོང་འཇུག་སྨྲས་ཏེ་ཁོའི་ཨ་པོ། འོག་མ། གང་དྲས་ཡིན་ན་ཡང་མནའ་མ་ལ་འཁྱོང་དགོས་མཁན་སྨྲས་ཏེ་མོ་ཤེས་འབྲི་ཀྱོ་ནུ་བ། 20 ད་ཁང་པ་གཅིག་ལ་ཨ་པོ་འོག་མ་སྤུན་བདུན་ཡོད་མཁན། འོ་ལས་ཨ་པོ་ཆེ་ཤོས་དེ་མནའ་མ་ཁྱོང་སྟེ་བུ་བུ་མོ་མ་སྐྱེས་པར་བྱས་ཏེ་ཡང་འཆི་ཟིན།
21 འོ་ལས་གཉིས་པའི་བུ་དེ་གིས་མནའ་མ་ལ་ཁྱོང་སྟེ་བག་མ་བྱེད་ཟིན། འོ་ལས་ཁོ་ཡང་བུ་བུ་མོ་རང་མ་སྐྱེས་པར་བྱས་ཏེ་འཆི་ཟིན།
22 འོ་འདྲ་བྱས་ཏེ་རང་ཁོང་སྤུན་བདུན་ཀ་རང་འོ་བུད་མེད་གཅིག་མཉམ་པོ་རང་བག་མ་བྱས་ཏེ་བུ་ཚ་གཅིག་ཀྱང་མ་སྐྱེས་པར་བྱས་ཏེ་རང་འཆི་ཟིན། འོ་ལས་རྟིང་ཤོས་ལ་ནི་འོ་བུད་མེད་ཀྱང་ཤི་སྟེ་རྒལ་ཟིན།
23 ད་ནི་སྨྲ་དོང་ལགས། ཁོང་གསོན་པོར་ལང་མཁན་གྱི་དུས་ཚོད་ལ་འདི་བུད་མེད་གང་དྲའི་ཆུང་མ་འོང་མཁན། མོ་ནི་ཨ་པོ་འོག་མ་སྤུན་བདུན་ཀ་རང་གི་ཆུང་མ་རྒལ་གྱོ་ཡིན། སྨྲས་ཏེ་སད་དུ་ཀི་པ་ཡ་གིས་སྨྲ་ཟིན།
24 འོ་ལས་ཡ་ཤུ་བས་སྨྲ་ཟིན། ཁྱེད་ཀྱིས་བསམ་བློ་གཏོང་གྱོ་དེ་འཛོལ་གྱོ་ཡིན་པ། ཁྱེད་ཀྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་འབྲི་ཀྱོའི་སྐད་ཆ་ཡང་ཧ་མི་གོ་བས། ཨལ་ལོ་ཧིམ་གྱི་དབང་ཆ་ག་ཚོད་པ་ཆེན་པོ་ཡོད་པ་འོ་དེ་ཡང་ངོ་མི་ཤེས་པས། 25 འཆི་ཀྱོའི་མི་ཡ་གསོན་པོར་ལང་མཁན་གྱི་དུས་ཚོད་ལ་བག་མ་བྱེད་མཁན་གྱི་སྐད་ཆ་རང་མི་འོང་མཁན། འོ་དུས་ཚོད་ལ་མི་ཡ་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་ཡ་འདྲ་མཉམ་རང་འོང་ཅེས་ཡོད། 26 ཤི་སྟེ་གསོན་པོར་ལང་མཁན་གྱི་དོན་དག་ལ་ནི་ཁྱེད་ཀྱིས་མོ་ཤེས་ཡ་ཧུ་དྰ་པའི་གསུང་རབ་ལ་འབྲི་ཀྱོའི་མེ་འབར་ཏེ་སྡོད་མཁན་གྱི་ཚེར་མའི་སྡོང་པོའི་སྐད་ཆ་ནམ་ཡང་མ་བཀླགས་པ། འོ་ཙམ་གང་ལ་ཨལ་ལོ་ཧིམ་གྱིས་མོ་ཤེ་ལ། ང་ཨབ་ར་ཧམ། ཨི་སྰག་དང་ཡ་ཀོབ་ཀྱི་ཨལ་ལོ་ཧིམ་ཡིན་པ། སྨྲས་ཏེ་སྨྲ་ཟིན། 27 ཨལ་ལོ་ཧིམ་ནི་གཤིན་པོ་ཡ་དེ་མིན་པ། གསོན་པོ་ཡ་གི་ཨལ་ལོ་ཧིམ་རང་ཡིན་པ། ཁྱེད་ཀྱིས་བསམ་བློ་གཏོང་གྱོ་དེ་འཇིགས་པོ་རང་འཛོལ་གྱོ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
བཀའ་ཆེ་ཤོས་ཀྱི་དོན་དག་ལ་འདྲི་ཀྱོ།
28 བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་གཅིག་གིས་ཁོང་གིས་གཡོ་སྒྱུ་བྱེད་ཀྱོ་དེ་ཉན་ཏེ་སྡོད་ཟིན། ཡ་ཤུ་བས་སད་དུ་ཀི་པ་ཡ་ལ་རིག་ཤེས་ཆེན་པོ་བྱས་ཏེ་ལན་རྒྱབ་མཁན་མཐོང་སྟེ་ཁོས་ཀྱང་གཏམ་གཅིག་འདྲི་ཅེས་སྨྲས་ཏེ་སྨྲ་ཟིན། འོ་ལས་ཁོས། བཀའ་ཁྲིམས་ཀྱི་བཀའ་དང་པོ་དེ་གང་དྲ་ཡིན་པ། སྨྲས་ཏེ་འདྲི་ཟིན། 29 འོ་ལས་ཡ་ཤུ་བས་སྨྲ་ཟིན། བཀའ་ཁྲིམས་ཀྱི་བཀའ་དང་པོ་འདི་རང་ཡིན་པ།
ཉན་དོང་ཡིས་ར་ཨལ་གྱི་མི་ཡ།
ཨལ་ལོ་ཧིམ་གཅིག་པོ་གཅིག་ཡོད་མཁན་དེ་རང་འོ་རང་གི་ཡ་ཝེ་ཡིན་པ།
འོ་རང་གིས་སུ་གཞན་པ་ལ་ཡང་མཆོད་པ་མི་འབུལ་མཁན།
30 ཁྱོད་ཀྱིས་ཡ་ཝེ་རང་གི་ཨལ་ལོ་ཧིམ་ལ་རང་གི་སེམས། ལུས་དང་ཁྱོད་མཉམ་པོ་གང་ཡོད་མཁན་དེ་རང་བསྟེར་ཏེ་
རང་གི་སེམས་ཡ་ཝེ་ཨལ་ལོ་ཧིམ་ངོས་ལས་རང་འགྱུར་ཏོང་། བཀའ་ཁྲིམས་ཀྱི་བཀའ་དང་པོ་འདི་རང་ཡིན་པ།
31 འོ་ལས་བཀའ་ཁྲིམས་ཀྱི་བཀའ་གཉིས་པ་དེ་འདི་ཡིན་པ།
ཁྱོད་ཀྱིས་རང་གི་གྲོགས་རོགས་ལ་རང་ལ་ཅོག་གྲོ་རང་སྙིང་བརྩེ་བྱེད་ཏོང་།
འདི་བཀའ་གཉིས་སྨྲས་ཏེ་བཀའ་ཆེ་བ་གཞན་པ་གང་དྲ་ཡང་མེད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
32 འོ་ལས་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་གྱིས་སྨྲ་ཟིན། དགེ་རྒན་གྱིས་སྨྲ་ཀྱོ་དེ་གྲ་སྒྲིག་ཡིན་པ། བདེན་པར་རང་དགེ་རྒན་གྱིས་སྨྲ་ཀྱོ་ཅོག་གྲོ་རང་ཨལ་ལོ་ཧིམ་གཅིག་པོ་གཅིག་རང་ཡོད་པ། ཨལ་ལོ་ཧིམ་སྨྲས་ཏེ་སུ་གཞན་པ་ཡང་མེད། 33 འོ་ལས་དུད་འགྲོ་བསད་དེ་དོག་གེ་བསྲེགས་ཏེ་སྟེར་མཁན་དང་ཁྲག་སྟེར་མཁན་སྨྲས་ཏེ་ནི་ཨལ་ལོ་ཧིམ་ལ་རང་གི་སེམས། ལུས་དང་རང་མཉམ་པོ་གང་ཡོད་མཁན་དེ་རང་བསྟེར་ཏེ་རང་གི་སེམས་ཡ་ཝེ་ཨལ་ལོ་ཧིམ་ངོས་ལས་འགྱུར་མཁན། འོ་ལས་རང་གི་གྲོགས་རོགས་ལ་རང་ལ་ཅོག་གྲོ་རང་སྙིང་བརྩེ་བྱེད་མཁན་དེ་རང་ཆེན་པོ་ཡིན་པ། སྨྲས་ཏེ་སྨྲ་ཟིན། 34 ཁོས་རིག་པ་ཡག་པོ་བྱས་ཏེ་ལན་རྒྱབ་ཀྱོ་དེ་ཉན་ཏེ་ཡ་ཤུ་བས་སྨྲ་ཟིན། ཁྱོད་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལས་ཐག་རིང་པོ་མེད། སྨྲས་ཏེ་སྨྲ་ཟིན། འོ་ཡིན་འཇུག་སུས་ཀྱང་ཡ་ཤུ་བ་ལ་གཏམ་འདྲི་ཅེས་ལ་སེམས་སྟོབས་བྱེད་མ་ཁུགས།།
བསྐུས་པ་དེ་ད་བིད་བརྒྱུད་པའི་སྲས་པོ་ཡང་། དབང་པོ་ཡང་། གཉིས་ཀ་རང་ག་འདྲ་བྱས་ཏེ་འོང་ཁུག་ཅེས།
35 ཡ་ཤུ་བས་ཡ་ཧུ་དྰ་པའི་མཆོད་ཁང་ལ་ཁྲིད་འདེབས་འདེབས་པ་གང་ལ་མི་ཡ་ལ་འདི་སྐད་ཆ་འདྲི་ཟིན། བསྐུས་པ་དེ་ནི་ད་བིད་བརྒྱུད་པའི་སྲས་པོ་འོང་ཅེས་ཡོད་སྨྲས་ཏེ་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་སྨྲ་མཁན་མིན་པ། འདི་ག་འདྲ་བྱས་ཏེ་འོང་ཁུག་མཁན། 36 ཅི་སྨྲ་ཟིན་སྨྲ་ན། རུ་ཨག་རྣམ་པར་དག་པ་ལས་དབང་འབྱོར་ཏེ་ད་བིད་རང་གི་རང་འདི་ཅོག་གྲོ་སྨྲ་ཀྱོ།
དགྲ་གང་པོ་རང་ཁྱོད་ཀྱི་རྐང་པའི་འོག་ལ་ཆུད་མ་བཅུག་བར་དུ།།
ངའི་གཡས་པ་ངོས་ལས་སྡོད་ཤོག །སྨྲས་ཏེ་
ཡ་ཝེས་ངའི་དབང་པོ་ལ་སྨྲ་འོ་ནུ།།
སྨྲས་ཏེ་ད་བིད་ཀྱིས་སྨྲ་ཟིན། 37 ད་བིད་རང་གི་རང་བསྐུས་པ་དེ་ལ་དབང་པོ་སྨྲས་ཏེ་སྨྲས་ཏེ་འགབ་ལས་ནི་ཁོ་ད་བིད་བརྒྱུད་པའི་སྲས་པོ་ག་འདྲ་བྱས་ཏེ་འོང་ཁུག་མཁན། སྨྲས་ཏེ་ཡ་ཤུ་བས་འདྲི་ཟིན།།
བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་ལས་འཛེམ་པར་བྱེད་ཏོང་།
མི་བུངས་ཤིག་ཡ་ལ་ཡ་ཤུ་བའི་ཁྲིད་ཡ་ལ་སེམས་དགའ་ཚོར་བྱས་ཏེ་ཉན་ཏེ་སྡོད་ཟིན། 38 འོ་ལས་ཡ་ཤུ་བས་ཁོང་ལ་ཁྲིད་འདེབས་མཁན་རང་སྨྲ་ཟིན། བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་ལས་འཛེམ་པར་བྱེད་ཏོང་། ཁོང་ཉམས་བསྟན་ཏེ་བཀབ་ཆ་རིང་པོ་གོན་ཏེ་འགྲོ་འོ་ནུ། ཁྲོམ་ཡ་ལ་སྐོར་བ་རྒྱབ་མཁན་གང་ལ་མི་ཡ་གིས་ཁོང་ལ་རྩིས་བྱས་ཏེ་མཇལ་འཇུག་སྨྲ་མཁན་དེ་འཚོལ་གོ་ནུ། 39 འོ་ལས་ཡ་ཧུ་དྰ་པའི་ཚོགས་ཁང་དང་མགྲོན་ཟ་མཁན་གྱི་ས་ཆ་ཡ་ལ་ཐོག་མའི་གྲལ་ཡ་ལ་སྡོད་ཅེས་འཚོལ་གོ་ནུ། 40 འོ་ལས་ཡུན་རིང་པོ་བྱས་ཏེ་གསོལ་བ་འདེབས་རྫུན་ཞིག་སྟོན་གོ་ནུ། སྨྲ་ཅེས་སྨྲ་ན་ནི། ཁོང་གིས་ཁྱོ་ག་འཆི་ཀྱོའི་བུད་མེད་ཡ་གི་རྒྱུའི་ཐོག་ལ་དབང་བྱས་ཏེ་ཟ་མཁན། འོ་ཅོག་གྲོའི་མི་ཡ་ལ་ནི་ཨལ་ལོ་ཧིམ་གྱིས་ཉེས་པ་ཆེན་པོ་འགེལ་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཁྱོ་ག་འཆི་ཀྱོའི་བུད་མེད་ཀྱིས་ཨལ་ལོ་ཧིམ་ལ་འབུལ་བ་སྟེར་ཀྱོ།
41 འོ་ལས་ཡ་ཤུ་བ་ཨལ་ལོ་ཧིམ་ལ་འབུལ་བ་སྟེར་མཁན་གྱི་སྒམ་གྱི་འགྲམ་ལ་བསྡད་དེ་མི་ཡ་གིས་འོ་སྒམ་ལ་ཊང་ཀ་བླུག་མཁན་དེ་བལྟས་ཏེ་སྡོད་ཟིན། མི་ཕྱུག་པོ་མང་པོས་ཊང་ཀ་མང་པོ་རང་བླུག་ཟིན། 42 འོ་ལས་ཁྱོ་ག་འཆི་ཀྱོའི་བུད་མེད་སྤྲང་པོ་གཅིག་འོངས་ཏེ་ཟངས་མའི་ཊང་ཀ་གཉིས་བླུག་ཟིན། 43 འོ་ལས་ཡ་ཤུ་བས་རང་གི་ཉེ་གནས་ཡ་ལ་རང་གི་རྩར་ལ་སྐད་བརྒྱབ་སྟེ་སྨྲ་ཟིན། ལྟོས་ཨ། མི་གཞན་པ་ཡ་གིས་སྨྲས་ཏེ་ནི་འདི་ཁྱོ་ག་འཆི་ཀྱོའི་བུད་མེད་སྤྲང་པོས་སྟེར་ཀྱོའི་གྲི་བུ་མང་པོ་ཡིན་པ། 44 ཅི་སྨྲ་ཟིན་སྨྲ་ན། མི་གཞན་པ་ཡ་གིས་ནི་རང་ལ་འབེལ་པོ་ཡོད་མཁན་གྱི་ཊང་ཀ་ལས་སུད་པ་ཞིག་སྟེར་ཟིན། འདི་ཁྱོ་ག་འཆི་ཀྱོའི་བུད་མེད་ཀྱིས་ནི་རང་གི་ཟ་ཅེས་ཉོས་ཏེ་ཟ་དགོས་མཁན་གྱི་ཊང་ཀ་གང་པོ་རང་སྟེར་ཟིན། སྨྲས་ཏེ་ཡ་ཤུ་བས་ཉེ་གནས་ཡ་ལ་སྨྲ་ཟིན།། །།