ཡ་ཤུ་བ་ཡ་རུ་ཤ་ལེམ་གྲོང་ཁྱེར་ལ་སླེབ་ཀྱོ།
1 ཁོང་ཕོ་བེ་ཡ་ཡ་རུ་ཤ་ལེམ་གྱི་འགྲམ་གྱི་ཁ་སྐྱུར་པོའི་སྒང་ལ་ཡོད་མཁན་གྱི་བེད་ཕ་གེ་དང་བེ་ཐན་ཡྰ་སྨྲ་མཁན་གྱི་ཡུལ་གཉིས་ལ་སླེབ་ཟིན། འོ་ལ་སླེབས་ཏེ་ཡ་ཤུ་བས་ཉེ་གནས་གཉིས་ལ་སྐད་བརྒྱབ་སྟེ་ 2 སྨྲ་ཟིན། ཁྱེད་གཉིས་ཏ་ཕར་གྱི་ཡུལ་ལ་སོང་། འོ་ལས་ཡུལ་གྱི་ཟུར་ལ་རང་ཁྱེད་ཀྱིས་སུས་ཀྱང་མ་ཞོན་པའི་བོང་བུ་གཅིག་བཏགས་ཏེ་འཇོག་ཀྱོ་མཇལ་ཟིན་ཅེས་ཡོད། འོ་དེ་བཏང་སྟེ་ངའི་རྩར་ལ་ཁྱེར་ཤོག 3 །སུ་ཞིག་གིས་ཀྱང་། ཁྱེད་གཉིས་ཀྱིས་ཅི་བྱེད་ཀོ་ཡོད་པ། སྨྲས་ཏེ་འདྲི་ཟིན་སྨྲ་ན། དབང་པོ་ལ་དགོས་ཅེས་བརྒལ་ཏེ་ཡོད་པ། ཁོས་མགྱོགས་པར་སློག་གཏོང་ཅེས་ཡོད། སྨྲ་དོང་། སྨྲས་ཏེ་ཡ་ཤུ་བས་ཉེ་གནས་གཉིས་ལ་གདོང་ད་གདོང་གཏོང་ཟིན།
4 འོ་ལས་ཁོང་གཉིས་གདོང་ད་གདོང་བརྒལ་ཏེ་ཡུལ་གྱི་ཟུར་ལ་སླེབ་མཁན་གང་ལ་ཁང་པ་གཅིག་གི་དཀྱིལ་མདོའི་སྒོ་ལ་བོང་བུ་གཅིག་བཏགས་འཇོག་ཀྱོ་མཇལ་ཟིན་ཟིན། བོང་བུ་གཏོང་མཁན་གང་ལ་ 5 འོ་ལ་ལངས་ཏེ་སྡོད་ཀྱོའི་མི་ཡ་གིས། འདི་བོང་བུ་ལ་ཁྱེད་ཀྱིས་ཅི་ལས་གཏོང་མཁན། སྨྲས་ཏེ་འདྲི་ཟིན། 6 འོ་ལས་ཁོང་གཉིས་ཀྱིས་ཡ་ཤུ་བས་སློབ་ཀྱོ་ཅོག་གྲོ་རང་སྨྲ་ཟིན། འོ་ལས་མི་ཡ་གིས་ཁོང་གཉིས་ལ་འོ་བོང་བུ་འཁྱེར་འཇུག་ཟིན།
7 འོ་ལས་ཁོང་གཉིས་ཀྱིས་འོ་བོང་བུ་ཡ་ཤུ་བའི་རྩར་ལ་ཁྱོང་སྟེ་རང་གི་གཡོག་མཁན་གོས་གཟན་ཡ་ཤུས་ཏེ་བོང་བུའི་ཁ་ལ་འདིང་ཟིན། འོ་ལས་ཡ་ཤུ་བ་འོ་བོང་བུའི་ཁ་ལ་ཞོན་ཟིན། 8 འོ་ལས་འོ་ལས་འགྲོ་མཁན་གང་ལ་མི་མང་པོས་རང་རང་རང་གི་གཡོག་མཁན་གོས་གཟན་ཡ་ཤུས་ཏེ་ལམ་ལ་འདིང་ཟིན། འོ་ལས་ལ་ལས་ཞིང་ཡ་ལ་ཡོད་མཁན་གྱི་སྡོང་པོའི་ཡལ་ག་ཡ་བཅད་དེ་ལམ་ལ་འདིང་ཟིན། 9 འོ་ལས་ཡ་ཤུ་བའི་གདོང་རྟིང་འགྲོ་མཁན་གྱི་མི་བུངས་ཤིག་ཡ་གིས་སྐད་ཆེན་པོ་ཞིག་བཏོན་ཏེ་སྨྲ་ཟིན།
ང་ལ་ཐར་འཇུག་དོང་།།
ཡ་ཝེའི་མིང་ལ་འོང་མཁན་དེ་ལ་བསྟོད་སྒྲ་སྟེར་ཏོང་།།
10 ཡ་ཝེའི་མིང་ལ་འོ་རང་གི་ཨ་ཁྱེ་མེས་མེ་ད་བིད་ཀྱིས་ཅོག་གྲོ་རྒྱལ་པོ་བྱེད་མཁན་དེ་རང་འོང་ཅེས་བྱེད་ཀོ་ནུ།།
མི་རོགས་ལ་བསྟོད་སྒྲ་སྟེར་ཏོང་།།
མཐོ་ཤོས་དེ། ང་ལ་ཐར་འཇུག་དོང་།།
སྨྲས་ཏེ་མི་ཡ་གིས་སྐད་བཏོན་ཏེ་སྨྲ་ཟིན།།
11 འོ་ལས་ཡ་ཤུ་བ་ཡ་རུ་ཤ་ལེམ་གྲོང་ཁྱེར་ལ་སླེབ་ཟིན། འོ་ལས་ཡ་ཧུ་དྰ་པའི་མཆོད་ཁང་ལ་ཕྱིན་ཏེ་མཆོད་ཁང་གི་ས་ཆ་གང་པོ་རང་བསྐོར་ཏེ་མཐོང་ཟིན། འོ་ལས་ནམ་སྲོད་ཅེས་བྱེད་ཀྱོ་སོང་གོ་རང་ཉེ་གནས་བཅུ་གཉིས་ལ་ཡང་བླངས་ཏེ་བེ་ཐན་ཡྰ་ཡུལ་ལ་རྒལ་ཟིན།།
སེ་ཡབ་མ་ཡར་པོའི་སྡོང་པོ།
12 རྟིང་མ་ཉི་མའི་སྔ་དྲོ་ཁོང་ཕོ་བེ་ཡ་བེ་ཐན་ཡྰ་ཡུལ་ལས་འཐོན་འགྲོ་མཁན་གང་ལ་ཡ་ཤུ་བ་ལམ་ལ་གྲོད་པ་ལྟོགས་ཟིན། 13 འོ་ལས་གཏོས་པ་ཐག་རིང་པོ་ལ་སེ་ཡབ་ཀྱི་སྡོང་པོ་བུངས་བུངས་གཅིག་མཐོང་སྟེ། སེ་ཡབ་ཡོད་པ་ནི། སོང་སྟེ་འགྲམ་ལ་རྒལ་ཟིན། སྡོང་པོའི་འགྲམ་ལ་སླེབ་མཁན་གང་ལ་ནི་ལོ་མ་ཞིག་མིན་པ་སེ་ཡབ་གཅིག་ཀྱང་མི་འདུག །སེ་ཡབ་ཡར་མཁན་གྱི་དུས་ཚོད་རང་མ་སླེབས་ཡོད་མཁན། 14 འོ་ལས་ཡ་ཤུ་བས་འོ་སྡོང་པོ་ལ། ད་ཡིན་འཇུག་སུ་ཞིག་གིས་ཀྱང་ཁྱོད་ལ་ཡར་ཀྱོའི་སེ་ཡབ་མ་ཟ་ཆུག །སྨྲས་ཏེ་བཀའ་སྒོ་ཟིན། ཡ་ཤུ་བས་འདི་ཅོག་གྲོ་སྨྲ་མཁན་དེ་ཉེ་གནས་ཡ་གིས་ཐོས་ཟིན།།
ཡ་ཤུ་བ་ཡ་ཧུ་དྰ་པའི་མཆོད་ཁང་ལ་རྒལ་གྱོ།
15 ཡ་རུ་ཤ་ལེམ་ལ་སླེབས་ཏེ་མཆོད་ཁང་ལ་རྒལ་ཟིན་པ་རང་ཡ་ཤུ་བས་འོ་ལ་ཚོང་བརྒྱབ་སྟེ་སྡོད་མཁན་གྱི་མི་ཡ་ལ་བསྙེགས་ཏེ་གཏོང་ཟིན། ཊང་ཀ་རྗེ་མཁན་གྱི་མི་ཡ་གི་ལྕོག་ཙེ་སློག་རི་རྒྱབ་ཟིན། འང་གུ་འཚོང་མཁན་གྱི་མི་ཡ་གི་སྡོད་མཁན་གྱི་སྡོད་ས་ཡ་སྒྲིལ་ཟིན། 16 འོ་ལས་སུ་ཞིག་ལ་ཡང་སྤུས་ཁུར་ཏེ་མཆོད་ཁང་གི་དཀྱིལ་མདོ་ལས་ཕར་ཚུར་འགྲོ་མ་བཅུག 17 །འོ་ལས་འོ་ཚོང་རྒྱབ་མཁན་གྱི་མི་ཡ་ལ་ཁྲིད་བཏབ་སྟེ་སྨྲ་ཟིན། ངའི་ཁང་པ་ལུང་པ་གང་པོ་རང་གི་མིའི་དོན་དག་ལ་གསོལ་བ་འདེབས་མཁན་གྱི་ཁང་པ་འོང་དགོས་མཁན། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲ་འོ་ནུ་སྨྲས་ཏེ་ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་ཏེ་མི་འདུག་པ། ཁྱེད་ཀྱིས་ནི་འདི་ཁང་པ་ལ་རྐུན་མ་ཡ་འཛོམ་མཁན་གྱི་ཕུག་པ་ག་བཟོ་ཟིན་ནུ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
18 མཆོད་ཁང་ལ་རྒལ་གྱོའི་སྐད་ཆ་ཐོས་ཏེ་འགབ་ལས་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཡ་ཤུ་བ་གསོད་ཅེས་ལ་ནམ་བྱེད་འགྲིག་ཁུག་འགྲོ་སྨྲས་ཏེ་གྲོས་རྒྱབ་ཟིན། མི་བུངས་ཤིག་ཡ་ཡ་ཤུ་བའི་ཁྲིད་ལ་འཇིགས་པོ་རང་ཧ་ལས་ཟིན། འོ་སོང་པས་འགོ་པ་ཡ་ཡ་ཤུ་བ་ལ་འཇིགས་ཟིན། 19 ནམ་སྲོད་དེ་འགབ་ལས་ཡ་ཤུ་བ་དང་ཉེ་གནས་ཡ་གཉིས་པར་རང་གྲོང་ཁྱེར་ལས་ཐོན་ཏེ་རྒལ་ཟིན།།
སེ་ཡབ་མ་ཡར་པོའི་སྡོང་པོ་ལ་དཔེ་བཞག་སྟེ་ཁྲིད་འདེབས་ཀྱོ།
20 རྟིང་མ་ཉི་མའི་སྔ་དྲོ་རང་ཁོང་ཕོ་བེ་ཡ་ལམ་ལས་འགྲོ་མཁན་གང་ལ་འོ་སེ་ཡབ་མ་ཡར་པོའི་སྡོང་པོ་དྲིམ་ཐུག་རང་སྐམ་གྱོ་མཐོང་ཟིན། 21 འོ་ལས་ཡ་ཤུ་བའི་སྨྲ་ཀྱོའི་གཏམ་དྲན་པ་སོས་ཏེ་པེ་ཏྲོས་སྨྲ་ཟིན། ལྟ་དོང་དཔོན་པོ་ལགས། ཁྱོད་ཀྱིས་བཀའ་སྒྱུར་གཏོང་གྱོའི་སྡོང་པོ་ནི་སྐམ་ཟིན་ནུ། སྨྲས་ཏེ་སྨྲ་ཟིན། 22 འོ་ལས་ཡ་ཤུ་བས་སྨྲ་ཟིན། ཨལ་ལོ་ཧིམ་ལ་རང་སེམས་བློ་འགེལ་དོང་། 23 ངའི་སྨྲ་མཁན་གྱི་གཏམ་ཉན་ཏེ་ཞོག །ཁྱེད་ཀྱིས་སེམས་གཉིས་མ་འཕྱངས་པར་བྱས་ཏེ་སེམས་བློ་འགེལ་ཁུག་ཟིན་སྨྲ་ན་ཏོ་སྒང་ལ། རྒྱ་མཚོ་ལ་རྡིབས་སོང་། སྨྲས་ཏེ་སྨྲ་ན་ཡང་ཁོ་རྡིབ་འགྲོ་ཅེས་ཡོད། 24 འོ་སོང་པས་ངས་ཁྱེད་ལ་སྨྲ་མཁན། ཁྱེད་ཀྱིས་ཨལ་ལོ་ཧིམ་ལ་གསོལ་བ་བཏབ་སྟེ་ཅི་རྫས་སློང་ཟིན་སྨྲ་ན་ཡང་། འོ་རྫས་ང་ལ་འབྱོར་ཏེ་ཡོད་སྨྲས་ཏེ་སེམས་བློ་འགེལ་དོང་། འོ་ལས་ཁྱེད་ལ་འབྱོར་ཅེས་ཡོད། 25 གསོལ་བ་འདེབས་མཁན་གྱི་དུས་ལས་ཁྱེད་ཀྱིས་སུ་ཞིག་ལ་བཀོན་འཇོག་ཀྱོ་ཡོད་ན་ཁོ་ལ་གློད་གཏོང་དོང་། འོ་ལས་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕས་ཁྱེད་ཀྱི་བྱེད་ཀྱོའི་ངོ་ལོག་ལ་ཡང་གློད་གཏོང་ཅེས་ཡོད། 26 ཁྱེད་ཀྱིས་མི་གཞན་པ་ལ་གློད་མི་གཏོང་ཟིན་སྨྲ་ན་ནི་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕས་ཀྱང་ཁྱེད་ལ་གློད་གཏོང་ཅེས་མེད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཡ་ཤུ་བ་ལ་དབང་ཆ་ཐོབ་ཀྱོའི་དོན་དག་ལ་འདྲི་ཀྱོ།
27 འོ་ལས་ཁོང་ཕོ་བེ་ཡ་གཉིས་པར་རང་ཡ་རུ་ཤ་ལེམ་ལ་ལོག་འོངས་ཏེ་ཡ་ཧུ་དྰ་པའི་མཆོད་ཁང་ལ་རྒལ་ཟིན། འོ་ལས་ཡ་ཤུ་བ་མཆོད་ཁང་ལ་ཕར་ཚུར་རྒྱུ་མཁན་གང་ལ་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ། བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་དང་འགོ་པ་ཆེན་པོ་ཡ་ཡ་ཤུ་བའི་རྩར་ལ་འོངས་ཏེ་འདྲི་ཟིན། 28 རང་ལ་ག་ནས་དབང་ཆ་འབྱོར་ཏེ་འདི་ལས་ཀ་ཡ་བྱེད་མཁན། འདི་ལས་ཀ་བྱེད་ཅེས་ལ་རང་ལ་སུས་དབང་ཆ་བསྟེར་བ། སྨྲས་ཏེ་འདྲི་ཟིན། 29 འོ་ལས་ཡ་ཤུ་བས་སྨྲ་ཟིན། ངས་ཀྱང་ཁྱེད་ལ་གཏམ་གཅིག་འདྲི་མཁན། ཁྱེད་ཀྱིས་ལན་རྒྱབ་ཟིན་སྨྲ་ན་ངས་ཀྱང་། ག་ནས་དབང་ཆ་འབྱོར་ཏེ་འདི་ལས་ཀ་བྱེད་ཀྱོ་སྨྲ་མཁན་དེ་ཁྱེད་ལ་ཤོད་མཁན། 30 སྨྲ་དོང་། ཁྲུས་སྟེར་མཁན་གྱི་ཡུ་ཧ་ནན་ལ་ག་ནས་དབང་ཆ་འབྱོར་བ། མི་ལས་ནི་ཨལ་ལོ་ཧིམ་ལས། སྨྲས་ཏེ་ཡ་ཤུ་བས་འདྲི་ཟིན།
31 འོ་ལས་ཁོང་གིས་ཅི་ལན་རྒྱབ་ཅེས་སྨྲས་ཏེ་རང་གི་ནང་ནས་གྲོས་རྒྱབ་ཟིན། ཨལ་ལོ་ཧིམ་ལས་སྨྲ་ཅེས་སྨྲ་ན། ཅི་ལས་ཁྱེད་ཀྱིས་ཡུ་ཧ་ནན་ལ་ཡིད་མ་ཆེས་པ། སྨྲས་ཏེ་སྨྲ་འགྲོ་མི་རོགས་ཀྱིས། 32 མི་ལས་སྨྲ་ཅེས་སྨྲ་ན་ག་འདྲ་བྱས་ཏེ་སྨྲ་ཅེས། སྨྲས་ཏེ་གྲོས་རྒྱབ་ཟིན། ཅི་སྨྲ་ཟིན་སྨྲ་ན། ཡུ་ཧ་ནན་བདེན་པར་རང་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོད་མཁན། སྨྲས་ཏེ་མི་གང་པོས་རང་སྨྲ་མཁན་སོང་གོ་རང་ཁོང་འཇིགས་ཟིན། 33 འོ་སོང་གོ་རང་ཁོང་གིས། ཀྱེ། ངེད་ལ་ནི་རྒྱུས་མེད། སྨྲས་ཏེ་ལན་རྒྱབ་ཟིན། འོ་ཙམ་ལ་ཡ་ཤུ་བས། འོ་ན་འདི་ལས་ཀ་ཡ་བྱེད་ཅེས་ལ་ག་ནས་དབང་ཆ་འབྱོར་ཀྱོ་སྨྲ་མཁན་དེ་ངས་ཀྱང་ཁྱེད་ལ་མི་ཤོད། སྨྲས་ཏེ་སྨྲ་ཟིན།། །།