བཟའ་ཚང་ཁ་ཕྱེ་སྟེ་ཁ་འཕྲལ་མཁན་གྱི་དོན་དག་ལ་འདྲི་ཀྱོ།
1 འོ་ལས་ཡ་ཤུ་བ་འོ་ས་ཆ་ལ་དབྱུགས་བཞག་སྟེ་ཡ་ཧུ་དྰ་ལུང་པ་ལ་འོངས་ཏེ་ཡོར་དན་གཙང་པོའི་ཕར་ཀན་ལྡེབས་ལ་ཡོད་མཁན་གྱི་ཡུལ་ཡ་ལ་འོང་ཟིན། འོ་ལས་འོ་ལ་ཡང་མི་མང་པོ་རང་བུངས་ཤིག་བརྒྱབ་སྟེ་འོང་ཟིན། འོ་ལས་གཉིས་པར་རང་གདོང་ཡ་ལ་ཁྲིད་འདེབས་མཁན་ཅོག་གྲོ་རང་བྱས་ཏེ་ཡ་ཤུ་བས་མི་ཡ་ལ་ཁྲིད་འདེབས་ཟིན།།
2 འོ་ལས་ལ་ལ་{བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་}ཕ་རི་སི་ཡ་གིས། ཅི་ཡང་གཏམ་གྱི་རྒྱུ་འབྱོར་མཁན་ནི་སྨྲས་ཏེ་ཡ་ཤུ་བའི་རྩར་ལ་འོངས་ཏེ་འདྲི་ཟིན། ཁྱོ་གས་རང་གི་བུད་མེད་མཉམ་པོ་ཁ་འཕྲལ་ཅེས་འོང་མཁན་ནི་མི་འོང་མཁན། སྨྲས་ཏེ་འདྲི་ཟིན། 3 འོ་ལས་ཡ་ཤུ་བས། མོ་ཤེས་ཁྱེད་ལ་ཅི་བཀའ་སྒོ་ཀྱོ། སྨྲས་ཏེ་འདྲི་ཟིན། 4 འོ་ལས་ཁོང་གིས། མོ་ཤེའི་བཀའ་ཁྲིམས་ལ་ཁྱོ་གས་ཁ་འཕྲལ་མཁན་གྱི་ཡི་གེ་བྲིས་ཏེ་རང་གི་བུད་མེད་ལ་ཁ་ཕྱེ་སྟེ་གཏོང་ཅེས་འོང་མཁན་སྨྲས་ཏེ་བྲིས་ཏེ་ཡོད་པ། སྨྲས་ཏེ་ལན་རྒྱབ་ཟིན། 5 འོ་ལས་ཡ་ཤུ་བས་སྨྲ་ཟིན། ཁྱེད་རྡོ་ཅོག་གྲོའི་སེམས་འཐོགས་ཀྱོའི་མི་ཡིན་མཁན་སོང་གོ་རང་མོ་ཤེས་ཁ་འཕྲལ་ཅེས་འོང་མཁན་སྨྲས་ཏེ་སྨྲ་ཀྱོ་ཡིན་པ། 6 ཨལ་ལོ་ཧིམ་གྱིས་ནི་དང་པོ་གདོང་ལ་རང་མི་བཟོ་མཁན་གང་ལ་སྐྱེས་པ་ཁྱོ་ག་དང་བུད་མེད་བཟོ་ཟིན། 7 འོ་སོང་པས་སྐྱེས་པ་ཁྱོ་གས་རང་གི་ཨ་ཕ་ཨ་མ་ལ་དབྱུགས་བཞག་སྟེ་རང་གི་བུད་མེད་མཉམ་པོ་བྱམས་ཏེ་སྡོད་མཁན། 8 འོ་ལས་ཁོང་གཉིས་དེ་གཅིག་རང་འོང་མཁན། འོ་སོང་པས་ཁོང་གཉིས་མིན་པ། ཁོང་གཉིས་གཅིག་རང་འོང་མཁན་ཡིན་པ། 9 འོ་ལས་ཨལ་ལོ་ཧིམ་གྱིས་འཛོམ་འཇུག་ཀྱོ་དེ་ལ་མིས་ཁ་འབྱེད་ཅེས་མི་འོང་མཁན། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
10 འོ་ལས་ཁོང་ཕོ་བེ་ཡ་སྡོད་མཁན་གྱི་ས་ཆ་ལ་ཕྱིན་ཏེ་འགབ་ལས་ཉེ་གནས་ཡ་གིས་ཀྱང་ཡ་ཤུ་བ་ལ་ཁ་འཕྲལ་མཁན་གྱི་དོན་དག་ལ་འདྲི་ཟིན། 11 འོ་ལས་ཡ་ཤུ་བས་སྨྲ་ཟིན། རང་གི་བུད་མེད་མཉམ་པོ་ཁ་ཕྲལ་ཏེ་བུད་མེད་གཞན་པ་འཁྱོང་མཁན་གྱི་མིས་ལོག་གཡེམ་བྱེད་ཀྱོ་ཡིན་པ། 12 འོ་ལས་བུད་མེད་ཀྱིས་ཀྱང་རང་གི་ཁྱོ་ག་མཉམ་པོ་ཁ་ཕྲལ་ཏེ་ཁྱོ་ག་གཞན་པ་ལ་འགྲོ་ཟིན་སྨྲ་ན་མོས་ཀྱང་ལོག་གཡེམ་བྱེད་ཀྱོ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཡ་ཤུ་བས་བུ་ཚ་ཡ་ལ་གསོལ་བ་འདེབས་ཀྱོ།
13 འོ་ལས་མི་ཡ་གིས་རང་རང་གི་བུ་ཚ་ཡ་ཁྱོང་སྟེ་ཡ་ཤུ་བའི་རྩར་ལ་འོང་ཟིན། ཡ་ཤུ་བས་བུ་ཚ་ཡ་གི་ཐོག་ལ་ལག་པ་བཞག་སྟེ་སྨྲ་མཁན་དེ་འོ་མི་ཡ་གི་སེམས་ལ་སྐྱེས་ཏེ་ཡོད་མཁན་ནུ་བ། འོ་ལས་ཉེ་གནས་ཡ་གིས་ནི་འོ་མི་ཡ་ལ་བཀའ་སྒྱུར་བཏང་སྟེ་འགེགས་ཟིན། 14 ཉེ་གནས་ཡ་གིས་འོ་ཅོག་གྲོ་བྱེད་མཁན་མཐོང་སྟེ་འགབ་ལས་ཡ་ཤུ་བ་ལ་ཡག་པོ་མ་མཉེས་ཏེ་སྨྲ་ཟིན། བུ་ཚ་ཡ་ངའི་རྩར་ལ་འོང་འཇུག་དོང་། ཁོང་ལ་མ་འགེགས། ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ནི་བུ་ཚ་ཅོག་གྲོ་རང་སེམས་འཐོགས་ཀྱོ་དང་དབང་མེད་པའི་མི་ཡ་གི་དོན་དག་ལ་རང་ཡིན་པ། 15 ངའི་སྨྲ་མཁན་གྱི་གཏམ་ཉན་ཏེ་ཞོག །མི་ཆེན་པོ་ཡ་བུ་ཚ་ཅོག་གྲོ་རང་སེམས་སྐྱེས་ཏེ་ངའི་རྩར་ལ་མི་འོང་ཟིན་སྨྲ་ན་ཁོང་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་འཇུག་མྱོང་ཅེས་མེད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན། 16 འོ་ལས་བུ་ཚ་ཡ་ལ་རང་གི་ཕང་པ་ལ་བླངས་ཏེ་ཁོང་གི་ཐོག་ལ་ལག་པ་བཞག་སྟེ་བྱིན་རླབས་གནང་ཟིན།།
རྒྱུ་ནོར་གྱི་འཇིགས་པ།
17 འོ་ལས་ཡ་ཤུ་བ་འོ་ལས་འགྲོ་ཅེས་བྱེད་མཁན་གང་ལ་མི་གཅིག་མཆོངས་ཏེ་འོངས་ཏེ་ཡ་ཤུ་བའི་མདུན་ལ་པུས་མོ་བཙུགས་ཏེ་སྨྲ་ཟིན། དགེ་རྒན་བཟང་པོ་ལགས། ཚེ་མཐའ་མེད་པ་ཐོབ་ཅེས་ལ་ངས་ཅི་བྱེད་དགོས་མཁན། སྨྲས་ཏེ་འདྲི་ཟིན། 18 འོ་ལས་ཡ་ཤུ་བས་སྨྲ་ཟིན། འོག་མས་ང་ལ་ཅི་ལས་བཟང་པོ་སྨྲ་མཁན། ཨལ་ལོ་ཧིམ་གཅིག་མིན་པ། སུ་གཞན་པ་ཡང་བཟང་པོ་མེད། 19 འོ་ལས་ཨལ་ལོ་ཧིམ་གྱི་བཀའ་ཁྲིམས་ཀྱི་བཀའ་ཡ་ནི་འོག་མ་ལ་རྒྱུས་ཡོད་རང་ཡོད། མི་མ་གསོད། ལོག་གཡེམ་མ་བྱེད། རྐུན་མ་མ་རྒྱབ། དཔང་པོ་སྡོད་མཁན་གང་ལ་རྫུན་མ་རྒྱབ། མི་ལ་མགོ་མ་སྐོར། འོ་ལས་རང་གི་ཨ་ཕ་ཨ་མ་ལ་རྩིས་བྱེད་ཏོང་། འོ་བཀའ་ཡ་འོག་མ་ལ་རྒྱུས་ཡོད་རང་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན། 20 འོ་ལས་འོ་མིས། འདི་བཀའ་ཡ་ནི་ངས་ཆད་མ་ཡིན་འཇུག་བརྩིས་ཏེ་རང་འོངས་ཏེ་ཡོད་པ། དགེ་རྒན་ལགས། སྨྲས་ཏེ་སྨྲ་ཟིན། 21 འོ་ལས་ཡ་ཤུ་བས་ཁོ་ལ་བལྟས་ཏེ་སྙིང་བརྩེ་ཆེན་པོ་སྐྱེས་ཏེ་སྨྲ་ཟིན། འོ་འདྲ་སྨྲ་ཟིན་སྨྲ་ན། འོག་མ་ཁྱོད་ཀྱིས་གཉིས་པར་རང་ཡང་བྱེད་དགོས་མཁན་གྱི་ལས་ཀ་གཅིག་ཡོད་པ། ཁྱོད་རང་གི་རྒྱུ་གང་ཡོད་མཁན་དེ་རང་བཙོངས་ཏེ་འོ་ཊང་ཀ་དེ་སྤྲང་པོ་ཡ་ལ་བགོས་སྟེར། འོ་ལས་ཁྱོད་ལ་ནམ་མཁའ་ལ་ནམ་ཡང་མི་ཡལ་མཁན་གྱི་གཏེར་གཅིག་གྲ་སྒྲིག་བྱས་ཏེ་འཇོག་ཀྱོ་འོང་མཁན། འོ་ལས་ཁྱོད་ངའི་རྟིང་ཉེ་སྟེ་ཤོག །སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན། 22 འདི་གཏམ་ཐོས་ཏེ་འོ་མིའི་གདོང་པ་འཆི་དོང་ཆགས་ཏེ་ལོག་རྒལ་ཟིན། ཁོ་ཕྱུག་པོ་འཇིགས་པོ་ཡོད་མཁན་སོང་གོ་རང་ཁོའི་སེམས་འཆི་ཟིན།
23 འོ་ལས་ཡ་ཤུ་བས་ཉེ་གནས་རེ་རེ་ལ་བལྟས་ཏེ་སྨྲ་ཟིན། མི་ཕྱུག་པོ་ཡ་ལ་ནི་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་འཇུག་ཅེས་ལ་ཁེན་པ་ཁག་པོ་འོང་མཁན་ལེ། 24 ཡ་ཤུ་བའི་གཏམ་ཐོས་ཏེ་ཉེ་གནས་ཡ་ལ་ཅི་པར་མན་གཅིག་གནས་ཟིན། འོ་ལས་ཡ་ཤུ་བས་གཉིས་པར་རང་སྨྲ་ཟིན། ཡིན་པ་འོག་མ་ཡ། ནོར་ལ་སེམས་བློ་འགེལ་མཁན་དེ་ནི་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་འཇུག་ཅེས་ལ་ཁེན་པ་ཁག་པོ་འོང་མཁན་ཡིན་པ། 25 མི་ཕྱུག་པོ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་འཇུག་མཁན་སྨྲས་ཏེ་ནི་རྔ་མོང་ཀ་ཁབ་ཀྱི་མིག་ནང་ལས་ཕར་འགྲོ་ཁུག་འགྲོ། 26 འདི་གཏམ་ཐོས་ཏེ་ཉེ་གནས་ཡ་ལ་ལྷག་རང་ཅི་པར་མན་གཅིག་གནས་ཟིན། འོ་ལས་ཁོང་རང་གི་ནང་ནས་རྩོད་པ་བརྒྱབ་སྟེ། འོ་འདྲ་ཡིན་ཟིན་སྨྲ་ན་སུའི་ཐར་པ་འབྱོར་ཁུག་ཅེས། སྨྲས་ཏེ་སྨྲ་ཟིན། 27 འོ་ཙམ་ལ་ཡ་ཤུ་བས་གཉིས་པར་རང་ཉེ་གནས་རེ་རེ་ལ་བལྟས་ཏེ་སྨྲ་ཟིན། འདི་ནི་མིས་བྱེད་རང་མི་ཁུག་མཁན་གྱི་ལས་ཀ་ཡིན་པ། ཨལ་ལོ་ཧིམ་གྱིས་ནི་བྱེད་ཐུབ་མཁན། ཨལ་ལོ་ཧིམ་གྱིས་དོན་དག་འགྲུབ་འཇུག་མི་ཐུབ་མཁན་གྱི་ལས་ཀ་ནི་ཅི་ཡང་མེད་པ། སྨྲས་ཏེ་སྨྲ་ཟིན།
28 འོ་ལས་པེ་ཏྲོས། ལྟ་དོང་དགེ་རྒན་ལགས། ངེད་ཀྱིས་ནི་གང་པོ་ལ་རང་དབྱུགས་བཞག་སྟེ་ཁྱོད་ཀྱི་རྟིང་ཉེ་སྟེ་འོང་ཟིན། སྨྲས་ཏེ་སྨྲ་ཟིན། 29 འོ་ལས་ཡ་ཤུ་བས་སྨྲ་ཟིན། ངའི་སྨྲ་མཁན་གྱི་གཏམ་ཉན་ཏེ་ཞོག །ང་དང་ངའི་ལོན་བཟང་གི་དོན་དག་ལ་རང་གི་ཁང་པ། ཨ་ཕ་ཨ་མ། སྤུན་སྤུན་ད། ཆུང་མ། བུ་བུ་མོ་ཡ་དང་ཞིང་ཡ་ལ་དབྱུགས་འཇོག་མཁན་གྱི་མི་ལ་ནི་ 30 ཨལ་ལོ་ཧིམ་གྱིས་ད་ལྟའི་དུས་ལ་ཡང་བྱིན་གྱིས་མང་མཁན་ཐུག་རློབ་ཅེས་ཡོད། སྡུག་པོ་འཁུར་མཁན་མཉམ་པོ་མཉམ་པོ་རང་ཁོས་ཁང་པ། ཨ་མ། སྤུན་སྤུན་ད། བུ་བུ་མོ་དང་ཞིང་ཡ་འབྱོར་ཅེས་ཡོད། འོ་ལས་མ་འོངས་པའི་དུས་ལ་ཨལ་ལོ་ཧིམ་གྱིས་ཁོ་ལ་ཚེ་མཐའ་མེད་པ་སྟེར་ཅེས་ཡོད། 31 ཡིན་ན་ཡང་འོ་ཙམ་ལ་གདོང་ལ་འོང་གྱོ་ཡ་གི་ནང་ལ་མང་པོ་རང་རྟིང་ལས་འོང་ཅེས་ཡོད། འོ་ལས་རྟིང་ལས་འོང་གྱོ་ཡ་གི་ནང་ལ་མང་པོ་རང་གདོང་ལ་འོང་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཡ་ཤུ་བས་ལན་གསུམ་པ་རང་ལ་འབབ་འོང་མཁན་གྱི་སྡུག་པོའི་དོན་དག་ལ་སྒྲ་གསལ་གྱོ།
32 ཁོང་ཕོ་བེ་ཡ་ཡ་རུ་ཤ་ལེམ་གྲོང་ཁྱེར་ངོས་ལས་འགྲོ་མཁན་རང་ཡོད་མཁན། འོ་ལས་ཡ་ཤུ་བ་ཉེ་གནས་ཡ་གི་གདོང་ད་གདོང་འགྲོ་འོ་ཡོད་མཁན། ཡ་རུ་ཤ་ལེམ་ལ་སླེབས་ཏེ་ཅི་འོང་མཁན་སྨྲས་ཏེ་ཉེ་གནས་ཡ་གི་སེམས་འགུལ་གླེང་སྨྲ་གླེང་རྒལ་ཟིན། འོ་ལས་ཡ་ཤུ་བའི་རྟིང་ཉེ་སྟེ་འོང་མཁན་གྱི་མི་ཡ་ཡང་འཇིགས་ཟིན། འོ་ལས་གཉིས་པར་རང་ཡ་ཤུ་བས་ཉེ་གནས་བཅུ་གཉིས་ལ་མི་གཞན་པ་མེད་པའི་ས་ཆ་ལ་ཁྱེར་ཏེ་སྨྲ་ཟིན། 33 ལྟོས་ཨ། ད་འོ་རང་ཡ་རུ་ཤ་ལེམ་ལ་འགྲོ་རང་འགྲོ་འོ་ཡོད་པ། འོ་ལ་སླེབས་ཏེ་འགབ་ལས་མིའི་བུ་མཆོད་ཁྲི་བྱེད་མཁན་གྱི་ལེ་ཝི་ཆེན་པོ་དང་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གི་ལག་པ་ལ་ཆུད་ཅེས་ཡོད། འོ་ལས་ཁོང་གིས་ཁོ་ལ་གསོད་དགོས་མཁན་སྨྲས་ཏེ་བརྒྱུད་པ་གཞན་པའི་མི་ཡ་གི་ལག་པ་ལ་རྩིས་རྒྱབ་ཅེས་ཡོད། 34 འོ་ལས་འོ་རྩིས་ལེན་མཁན་གྱི་མི་ཡ་གིས་ཁོ་ལ་ཞབས་འདྲེན་བསྐོན་ཏེ་ཐུ་ལུད་བརྒྱབ་སྟེ་བརྡུངས་ཏེ་གསོད་ཅེས་ཡོད། ཡིན་ན་ཡང་ཉི་མ་གསུམ་ཉི་མ་དེ་ལ་ནི་ཁོ་གསོན་པོར་ལང་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་ཉེ་གནས་ཡ་ལ་ཤོད་ཟིན།།
ཉེ་གནས་གཉིས་ཀྱི་སེམས་ལ་སྐྱེ་ཀྱོའི་གཏམ།
35 འོ་ལས་ཟེ་བད་ཡྰའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན་ཡ་ཤུ་བའི་རྩར་ལ་འོངས་ཏེ། ངེད་ཀྱི་སེམས་ལ་སྐྱེ་ཀྱོའི་གཏམ་ཁྱོད་ཀྱིས་དོན་དག་འགྲུབ་འཇུག་དོང་ལགས། སྨྲས་ཏེ་ཞུ་ཟིན། 36 འོ་ལས་ཡ་ཤུ་བས། ཁྱེད་གཉིས་ཀྱི་སེམས་ལ་ཅི་སྐྱེས་ཏེ་ཡོད་པ། ངས་ཅི་བྱེད་དགོས་མཁན། སྨྲས་ཏེ་འདྲི་ཟིན། 37 འོ་ལས་ཁོང་གཉིས་ཀྱིས། ཁྱོད་ཆེན་པོ་བྱས་ཏེ་བསྡད་དེ་འགབ་ལས་ (ཁྱོད་ཀྱི་གཟི་བརྗིད་ལ་) ངེད་སྤུན་གཉིས་ལ། ཁྱོད་ཀྱི་གཡས་པ་ངོས་ལས་གཅིག །གཡོན་མ་ངོས་ལས་གཅིག་སྡོད་འཇུག་མཁན་སྨྲས་ཏེ་དོ་དམ་འཇོག་དོང་ལགས། སྨྲས་ཏེ་ཞུ་ཟིན། 38 འོ་ལས་ཡ་ཤུ་བས་སྨྲ་ཟིན། ཁྱེད་ཀྱིས་ཅི་སློང་གྱོ་སྨྲས་ཏེ་ཁྱེད་རང་ལ་རང་རྒྱུས་མི་འདུག །ངས་རྣོག་དགོས་མཁན་ཅོག་གྲོའི་སྡུག་བསྔལ་ཁྱེད་ཀྱིས་རྣོག་ཁུག །ངས་འཁུར་དགོས་མཁན་ཅོག་གྲོའི་སྡུག་པོ་ཡ་ཁྱེད་ཀྱིས་འཁུར་ཁུག །སྨྲས་ཏེ་འདྲི་ཟིན། 39 འཁུར་ཁུག་ལགས། སྨྲས་ཏེ་ཁོང་གཉིས་ཀྱིས་སྨྲ་ཟིན། འོ་ཙམ་ལ་ཡ་ཤུ་བས་སྨྲ་ཟིན། ཡིན་པ། ངས་རྣོག་མཁན་ཅོག་གྲོའི་སྡུག་བསྔལ་ཁྱེད་ཀྱིས་ཀྱང་རྣོག་ཅེས་ཡོད། ངས་འཁུར་དགོས་མཁན་ཅོག་གྲོའི་སྡུག་པོ་ཡང་ཁྱེད་ཀྱིས་འཁུར་ཅེས་ཡོད། 40 ཡིན་ན་ཡང་ངའི་གཡས་པ་གཡོན་མ་ངོས་ལས་སུ་སུ་སྡོད་མྱོང་མཁན་སྨྲ་མཁན་དེ་ནི་ངས་སྨྲ་མི་མྱོང་མཁན། ངའི་ཨ་ཕས་གང་དྲའི་མི་ལ་གྲ་སྒྲིག་བཟོས་ཏེ་བཞག་པ། འོ་དེ་རང་སྡོད་མྱོང་ཅེས་ཡོད། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
41 ཡ་ཀོ་བོས་དང་ཡུ་ཧ་ནན་གྱི་གཏམ་ཐོས་ཏེ་ཉེ་གནས་གཞན་བཅུ་པོས་ཁོང་གཉིས་ལ་ཞེ་སྡང་བྱེད་ཟིན། 42 འོ་ལས་ཡ་ཤུ་བས་ཉེ་གནས་གང་པོ་ལ་རང་འཛོམ་བཅུག་སྟེ་སྨྲ་ཟིན། འདི་འཛམ་བུ་གླིང་ལ་རྒྱལ་པོ་བྱེད་མཁན་ཡ་གིས་རང་གི་ལུང་པ་ཡ་གི་ཐོག་ལ་དབང་བཅས་ཏེ་སྡོད་མཁན། ཁོང་གི་འཇོག་ཀྱོའི་མི་ཆེན་པོ་ཡ་གིས་ལུང་པ་ཡ་ལ་གཉའ་གནོན་བྱེད་མཁན། འོ་དེ་ཁྱེད་ལ་རྒྱུས་ཡོད་རང་ཡོད་པ། 43 ཁྱེད་ཀྱི་ནང་ལ་ནི་འོ་ཅོག་གྲོ་འོང་ཅེས་མི་འོང་མཁན། ཁྱེད་ཀྱི་ནང་ལ་ཆེན་པོ་འོང་ཅེས་སེམས་སྐྱེ་མཁན་དེ་གིས་ཨ་པོ་འོག་མ་གང་པོ་ལ་རང་ཞབས་ཏོག་ཞུ་དགོས་མཁན། 44 འོ་ལས་གང་པོ་སྨྲས་ཏེ་ཆེན་པོ་འོང་ཅེས་འཚོལ་མཁན་དེ་མི་གང་པོའི་གཡོག་པོ་འོང་དགོས་མཁན། 45 མིའི་བུ་ཡང་། མིས་རང་ལ་ཞབས་ཏོག་ཞུ་འཇུག་སྨྲས་ཏེ་མིན་པ། ཕར་ཀན་ཞབས་ཏོག་ཞུ་ཅེས་ལ་འོང་གྱོ་ཡིན་པ། མི་མང་པོ་ལ་རང་ངོ་ལོག་ལས་ཐར་འཇུག་ཅེས་ལ་རང་གི་སྲོག་རང་གླུད་སྟེར་ཅེས་སྨྲས་ཏེ་འོང་གྱོ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།།
ཡ་ཤུ་བས་མིག་མི་མཐོང་མཁན་གྱི་མི་གཅིག་ལ་མིག་མཐོང་མཁན་བཟོ་ཀྱོ།
46 འོ་ལས་ཁོང་ཕོ་བེ་ཡ་ཡེ་རི་ཀོ་གྲོང་ལ་སླེབ་ཟིན། འོ་ལས་ཡ་ཤུ་བ་ཉེ་གནས་དང་མི་བུངས་ཤིག་ཡ་མཉམ་པོ་འོ་གྲོང་ལས་ཐོན་ཏེ་འགྲོ་མཁན་གང་ལ་ལམ་གྱི་ཟུར་ལ་མིག་མི་མཐོང་མཁན་གྱི་མི་གཅིག་བསླངས་ཏེ་བསྡད་དེ་ཡོད་མཁན། ཁོ་ཏི་མྰའི་བུ་བར་ཏི་མྰ་ཡིན་མཁན། 47 འོ་ལས་ན་ཙ་རེད་ཀྱི་ཡ་ཤུ་བ་འདི་ལམ་ལས་འོང་གོ་ནུ་སྨྲས་ཏེ་ཐོས་ཏེ་འགབ་ལས་ཁོས་སྐད་བཏོན་ཏེ་སྨྲ་ཟིན། ཨོ་ད་བིད་བརྒྱུད་པའི་སྲས་པོ་ཡ་ཤུ་བ། ང་ལ་སྙིང་རྗེ་བྱས་ཏེ་ལྟ་དོང་ལགས། 48 འོ་ལས་མི་མང་པོས་རང་ཁོ་ལ་བཀའ་སྒྱུར་བཏང་སྟེ། ཁ་བཙུམ་སྡོད། སྨྲས་ཏེ་སྨྲ་ཟིན། འོ་ལས་ཁོས་ད་རུང་ཡང་སྐད་ཆེན་པོ་བཏོན་ཏེ། ཨོ་ད་བིད་བརྒྱུད་པའི་སྲས་པོ། ང་ལ་སྙིང་རྗེ་བྱས་ཏེ་ལྟ་དོང་ལགས། སྨྲས་ཏེ་སྐད་འདོན་ཟིན། 49 འོ་ལས་ཡ་ཤུ་བ་འཐེན་བྱས་ཏེ། ཏོ་མི་འདི་ལ་ཁྱེར་ཤོག །སྨྲས་ཏེ་སྨྲ་ཟིན། འོ་ལས་མི་ཡ་གིས་ཁོ་ལ་སྐད་བརྒྱབ་སྟེ། ཁྱོད་རང་དགེ་དང་བྱེད་ཏོང་། ལང་དོང་། དགེ་རྒན་གྱིས་ཁྱོད་ལ་སྐད་རྒྱབ་ཀོ་ནུ། སྨྲས་ཏེ་སྨྲ་ཟིན། 50 འོ་ལས་ཁོ་རང་གི་གཡོག་མཁན་གོས་གཟན་ལ་དབྱུགས་བཞག་སྟེ་ཧོབ་ལངས་ཏེ་ཡ་ཤུ་བའི་རྩར་ལ་འོང་ཟིན། 51 འོ་ལས་ཡ་ཤུ་བས། སྨྲ་དོང་། ངས་ཁྱོད་ལ་ཅི་རོགས་བྱེད་དགོས་མཁན། སྨྲས་ཏེ་འདྲི་མཁན་གང་ལ། དཔོན་པོ་ལགས། ངའི་མིག་མཐོང་མཁན་བཟོ་དོང་ལགས། སྨྲས་ཏེ་ཁོས་ཞུ་ཟིན། 52 འོ་ལས་ཡ་ཤུ་བས། ཁྱོད་ཀྱིས་ང་ལ་སེམས་བློ་འགེལ་གྱོ་སོང་གོ་རང་ཁྱོད་དྲག་ཟིན། སོང་ད་ནི། སྨྲས་ཏེ་སྨྲ་ལོང་མེད་པ་རང་ཁོའི་མིག་མཐོང་མཁན་རྒལ་ཟིན། འོ་ལས་ཁོ་ཡ་ཤུ་བའི་རྟིང་ཉེ་སྟེ་འོང་ཟིན།། །།