ངལ་འཚོ་མཁན་གྱི་ཉི་མ་ལ་ལག་པ་བསྐམས་པའི་མི་ལ་དྲག་འཇུག་མཁན།
༡ འོ་ལས་གཉིས་པར་ངལ་འཚོ་མཁན་གྱི་ཉི་མ་གཅིག་ཡ་ཤུ་བ་ཡ་ཧུ་དྰ་པའི་ཚོགས་ཁང་ལ་རྒལ་ཟིན། འོ་ལ་ལག་པ་གཅིག་བསྐམས་པའི་མི་གཅིག་ཡོད་མཁན་ནུ། ༢ འཛོམས་པའི་མི་ཡ་གི་ནང་ལ་མི་རེ་འགའས། ཡ་ཤུ་བ་ལ་སྐྱོན་འགེལ་ཅེས་ལ་ག་ནས་གཏམ་གྱི་རྒྱུ་འབྱོར་ཀོ་ཨ། སྨྲས་ཏེ་སེམས་ལ་བསམ་ཏེ་ཡོད་མཁན། འོ་ལས། ཡ་ཤུ་བས་ངལ་འཚོ་མཁན་གྱི་ཉི་མ་ལ་རང་དྲག་འཇུག་མཁན་ནམ། སྨྲས་ཏེ་ཁོང་དཔྱོད་པ་བཅད་སྡོད་ཟིན། ༣ འོ་ལས་ཡ་ཤུ་བས་ལག་པ་བསྐམས་པའི་མི་ལ། ཁྱོད་ལངས་ཏེ་འདི་ལ་ཤོག །སྨྲས་ཏེ་སྨྲ་ཟིན། ༤ འོ་ལས་འཛོམས་པའི་མི་ཡ་ལ་འདྲི་ཟིན། བཀའ་ཁྲིམས་ལ་ངལ་འཚོ་མཁན་གྱི་ཉི་མ་ལ་ཅི་བྱེད་ཏོང་སྨྲས་ཏེ་བྲིས་ཏེ་ཡོད་པས། ལས་ཀ་ཡག་པོ་བྱེད་ཏོང་ནི་བཙོག་པ་བྱེད་ཏོང་། མི་ལ་ཐར་འཇུག་དོང་ནི་འཆི་འཇུག་དོང་། སྨྲས་ཏེ་འདྲི་ཟིན། འོ་ཙམ་ལ་སུས་ཀྱང་ལན་མ་བརྒྱབ། ༥ འོ་ལས་ཕར་ཚུར་གྱི་མི་རེ་རེ་ལ་བལྟས་ཏེ། ཁོང་གི་སེམས་བཙོག་པ་བྱས་ཏེ་བསྡད་པ་དེ་བལྟས་ཏེ་ཡ་ཤུ་བ་ལ་ཞེ་སྡང་ཡང་ལང་ཟིན། སེམས་ཀྱང་ན་ཟིན། འོ་ལས་འོ་མི་ལ། ཁྱོད་ཀྱི་ལག་པ་རྐྱོང་དོང་། སྨྲས་ཏེ་སྨྲ་ཟིན། འོ་ལས་ཁོའི་ལག་པ་རྐྱོང་ལོང་མེད་པ་རང་འོ་ལག་པ་དྲག་ཟིན། ལག་པ་གཞན་པ་ཅོག་འདྲ་རང་འོ་ལག་པ་དྲག་ཆགས་ཟིན།
༦ ཡ་ཧུ་དྰ་པའི་ཚོགས་ཁང་ལས་ཐོན་ཏེ་འགབ་ལས་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་གིས་ནི་རྒྱལ་པོ་ཧེ་རོ་དྰེའི་མི་ཡ་མཉམ་པོ་ཐུག་སྟེ། ཡ་ཤུ་བ་ལ་ག་འདྲ་བྱས་ཏེ་གསོད་ཅེས་སྨྲས་ཏེ་གྲོས་རྒྱབ་ཟིན།།
ག་ལིལ་མཚོའི་ཟུར་ལ་མིའི་བུངས་མ།
༧ འོ་ལས་ཡ་ཤུ་བ་འོ་ས་ཆ་ལ་དབྱུགས་བཞག་སྟེ་ཡངས་པོའི་ས་ཆ་ལ་འགྲོ་ཅེས་སོང་སྟེ་རང་གི་ཉེ་གནས་ཡ་མཉམ་པོ་ག་ལིལ་མཚོའི་ཟུར་ལ་རྒལ་ཟིན། འོ་ལས་ག་ལིལ་ལུང་པའི་མི་མང་པོ་རང་ཡ་ཤུ་བའི་རྗེས་བསྙེགས་ཏེ་འོང་ཟིན། ༨ འོ་ལས་མི་ཡ་གིས་ཡ་ཤུ་བས་བྱེད་མཁན་གྱི་ལས་ཀའི་དོན་དག་ལ་ཐོས་པ་རང་ཡ་ཧུ་དྰ་ལུང་པ། ཡ་རུ་ཤ་ལེམ་གྲོང་ཁྱེར། ཨི་དུམ་ཡྰ་ལུང་པ། ཡོར་དན་གཙང་པོའི་ཕར་ཀན་གྱི་ལུང་པ། འོ་ལས་ཚོར་གྲོང་། ཚི་དོན་གྲོང་དང་འོའི་རྩར་ཟུར་གྱི་ཡུལ་ཡ་ལས་ཀྱང་མི་མང་པོ་རང་ཡ་ཤུ་བའི་རྩར་ལ་འཛོམ་འོང་ཟིན། ༩ འོ་ལས་མི་བུངས་མས་རང་ལ་ཆིར་ཏེ་མ་འོང་འཇུག་སྨྲས་ཏེ་ཡ་ཤུ་བས་ཉེ་གནས་ཡ་ལ་གྲུ་གཅིག་འཁྱོང་འཇུག་ཟིན། ༡༠ ཡ་ཤུ་བས་མི་མང་པོ་ལ་རང་དྲག་བཅུག་པ་སོང་བས་ནད་པ་གང་པོས་རང་ཡ་ཤུ་བ་ལ་རེག་ཅེས་སྨྲས་ཏེ་ཆིར་ཏེ་འོང་ཟིན། ༡༡ འདྲེ་ཞུགས་པའི་མི་ཡ་གིས་ཡ་ཤུ་བ་ལ་མཐོང་སྟེ་འགབ་ལས་ཡ་ཤུ་བའི་རྐང་པ་ལ་ཁེབས་བཙུགས་བརྒྱབ་སྟེ་སྐད་བཏོན་ཏེ། ཁྱོད་ཨལ་ལོ་ཧིམ་གྱི་སྲས་པོ་ཡིན་པ་ནུ་བ། སྨྲས་ཏེ་སྨྲ་ཟིན། ༡༢ འོ་ལས་ཡ་ཤུ་བས་ཁོང་ལ། ང་སུ་ཡིན་པས་སྨྲས་ཏེ་བཤད་དེ་མ་འགྲོ། སྨྲས་ཏེ་བཀའ་སྒོ་ཟིན།།
ཡ་ཤུ་བས་རང་གི་ཉེ་གནས་བཅུ་གཉིས་ལ་འདམ་མཁན།
༡༣ འོ་ལས་ཡ་ཤུ་བ་རི་ཁ་ཞིག་ལ་འཛེག་ཟིན་པ་དང་རང་ལ་དགོས་མཁན་གྱི་མི་ཡ་ལ་སྐད་རྒྱབ་ཟིན། འོ་ལས་ཁོང་ཡ་ཡ་ཤུ་བའི་རྩར་ལ་འོང་ཟིན། ༡༤-༡༥ འོ་ལས་ཡ་ཤུ་བས་སྐུ་ཚབ་ཡ་མིང་བཞག་པའི་ཉེ་གནས་བཅུ་གཉིས་ལ་འདམ་ཟིན། ཡ་ཤུ་བས་ཁོང་ལ་ཅི་ལས་འདམས་པ་སྨྲ་ན། ཁོང་རང་མཉམ་པོ་བྱམས་མཁན་རང་བྱེད་འཇུག །འོ་ལས་ཁོང་ལ་དྲག་མཁན་གྱི་དབང་དང་འདྲེ་ཡ་ལ་འདོན་མཁན་གྱི་དབང་འབྱོར་འཇུག །འོ་ལས་མི་ཡ་ལ་ལོན་བཟང་ཤོད་ཅེས་ལ་གཏོང་ཁུག་འཇུག་སྨྲས་ཏེ་ཡ་ཤུ་བས་ཁོང་ལ་འདམས་པ་ཡིན་པ། ༡༦ ཉེ་གནས་བཅུ་གཉིས་ཀྱི་མིང་འདི་ཡ་ཡིན་པ།
ཡ་ཤུ་བས་པེ་ཏྲོ་མིང་བཞག་པའི་སི་མོན། ༡༧ ཟེ་བད་ཡྰའི་བུ་གཉིས་ཡ་ཀོ་བོས་དང་ཡུ་ཧ་ནན། ཁོང་གཉིས་ལ་ཡ་ཤུ་བས་བྭ་ནེར་གེ་སྨྲ་མཁན་གྱི་མིང་འཇོག་ཟིན། བྭ་ནེར་གེ་སྨྲ་མཁན་དེ་གནམ་ལ་སྐད་འདོན་མཁན་གྱི་སྤྱོད་གཤིས་བྱེད་མཁན་གྱི་བརྒྱུད་པ་སྨྲས་པ་ཡིན་པ། ༡༨ འོ་ལས་ཨན་དྲེ་ཡྰ། ཕི་ལིབ། བར་ཐོལ་མྰ། མད་ཐྰ། ཐོ་མྰ། ཨལ་ཕྰའི་བུ་ཡ་ཀོ་བོས། ཐད་དྰ། བརྩོན་འགྲུས་པ་སྨྲ་མཁན་གྱི་སི་མོན། ༡༩ འོ་ལས་ཡ་ཤུ་བ་ལ་འཛིན་འཇུག་མཁན་གྱི་ཀར་ཡོད་པ་ཡུ་དྰ།།
ཡ་ཤུ་བ་ལ་སྐྱོན་འགེལ་མཁན།
༢༠ འོ་ལས་ཡ་ཤུ་བ་རང་སྡོད་མཁན་གྱི་ས་ཆ་ལ་རྒལ་ཟིན། འོ་ལས་གཉིས་པར་མི་བུངས་མ་ཆེན་པོ་ཞིག་ཡ་ཤུ་བའི་རྩར་ལ་འཛོམ་འོངས་པ་སོང་བས་ཡ་ཤུ་བ་དང་ཉེ་གནས་ཡ་ལ་ལྟོ་ཟ་ལོང་ཞིག་ཀྱང་མ་འོངས། ༢༡ འདི་སྐད་ཆ་ཐོས་ཏེ་ཡ་ཤུ་བའི་ཉེ་བ་ཡ་གིས། ཁོ་སྨྱོས་པ་ཡིན་འགྲོ། ཁོ་ལ་ལེན་འགྲོ་མཁན། སྨྲས་ཏེ་རང་གི་ཁང་པ་ལས་ཐོན་ཏེ་རྒལ་ཟིན།
༢༢ འོ་ལས་ཡ་རུ་ཤ་ལེམ་ལས་འོངས་པའི་བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་ཡ་གིས་ཀྱང་སྨྲ་ཟིན། ཁོ་ལ་བ་འལ་ཟེ་བུལ་སྨྲ་མཁན་དེ་འཇུག་ཟིན་ནུ། འདྲེའི་རྒྱལ་པོས་ག་ཁོ་ལ་འདྲེ་ཡ་ལ་འདོན་མཁན་གྱི་དབང་སྟེར་ཀོ་ནུ། སྨྲས་ཏེ་ཁོང་གིས་སྨྲ་ཟིན། ༢༣ འོ་ལས་ཡ་ཤུ་བས་ཁོང་ལ་རང་གི་རྩར་ལ་སྐད་བརྒྱབ་སྟེ་འོ་སྐད་ཆ་ལ་དཔེ་གཞན་དག་ལ་བཞག་སྟེ་ཧ་གོ་འཇུག་ཟིན། ས་ཏན་གྱིས་ས་ཏན་ལ་རང་ག་འདྲ་བྱས་ཏེ་འདོན་ཁུག་ཅེས། ༢༤ རྒྱལ་ཁམས་གཅིག་གི་མི་ཡ་གིས་རང་གི་ནང་ལ་རང་འཛིང་ན་འོ་རྒྱལ་ཁམས་རང་རྫོགས་མཁན། ༢༥ འོ་ལས་གཉིས་པར། ཁང་པ་གཅིག་གི་མི་ཡ་རང་གི་ནང་ལ་རང་འཛིང་སྟེ་སྡོད་ན་འོ་ཁང་པ་རང་ནོངས་ཏེ་འགྲོ་མཁན། ༢༦ འདི་ཅོག་འདྲ་བྱས་ཏེ་རང་ས་ཏན་དང་ཁོའི་ཉེ་གནས་ཡ་རང་གི་ནང་ལ་རང་འཛིང་སྟེ་སྡོད་ན་ཁོང་གི་དབང་བསྟངས་ཏེ་འགྲོ་མཁན། མིན་པས།
༢༧ འོ་ལས་གཉིས་པར་ཡང་། ཤུགས་ཆེན་པོ་ཡོད་མཁན་གྱི་མི་ལ་སྡོམ་ན་མིན་པ། ཁོའི་ཁང་པའི་ནང་ལ་ཞུགས་ཏེ་སྤུས་འཁྱེར་མི་ཁུག་མཁན་ཨ་ལེ། ཁོ་ལ་བསྡམས་ཏེ་འགབ་ལས་ནི་སྤུས་ཡ་འཁྱེར་ཁུག་མཁན་ཨ་ལེ།
༢༨ ངའི་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག །མིའི་བྱེད་མཁན་གྱི་ངོ་ལོག་གང་པོ་རང་འདག་ཁུག་མཁན། ཨལ་ལོ་ཧིམ་ལ་སྐུར་པ་བཏབ་པའི་ངོ་ལོག་ཀྱང་འདག་ཁུག་མཁན། ༢༩ ཡིན་ནས་སེམས་ཉིད་རྣམ་པར་དག་པ་ལ་དགྲ་བྱས་ཏེ་སྐུར་པ་འདེབས་མཁན་གྱི་མིའི་ངོ་ལོག་དེ་ནི་ནམ་ཡང་འདག་ཁུག་ཅེས་མེད། ཁོས་ནི་ནམ་ཡང་འདག་མི་ཁུག་མཁན་གྱི་ངོ་ལོག་བྱས་པ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།
༣༠ མི་ཡ་གིས། ཁོ་ལ་འདྲེ་འཇུག་ཟིན་ནུ། སྨྲས་ཏེ་སྨྲས་པ་སོང་བས་ཡ་ཤུ་བས་འདི་སྐད་ཆ་ཧ་གོ་བཅུག་པ་ཡིན་པ།།
ཡ་ཤུ་བའི་ཨ་མ་དང་སྤུན་ཡ།
༣༡ འོ་ཙམ་ལ་ཡ་ཤུ་བའི་ཨ་མ་དང་འོག་མ་ཡ་སླེབས་འོང་ཟིན། ཁོང་ཁང་པའི་ཕྱི་ལོགས་ལ་རང་བསྡད་དེ་མི་གཅིག་ལ་ཡ་ཤུ་བ་ལ་སྐད་རྒྱབ་གཏོང་ཟིན། ༣༢ འོ་ལས་ཡ་ཤུ་བའི་རྩར་ཟུར་ལ་སྡོད་མཁན་གྱི་མི་ཡ་གིས། ཁྱོད་ཀྱི་ཨ་མ་དང་འོག་མ་ཡ་གིས་ཕྱི་ལོགས་ལ་ཁྱོད་ལ་སྐད་རྒྱབ་ཀོ་ནུ། སྨྲས་ཏེ་ཤོད་ཟིན། ༣༣ འོ་ཙམ་ལ་ཡ་ཤུ་བས། ངའི་ཨ་མ་དང་འོག་མ་ཡ་སུ་ཡིན་པས། སྨྲས་ཏེ་འདྲི་ཟིན་པ་དང་ ༣༤ རང་གི་རྩར་ཟུར་ལ་བསྡད་པའི་མི་ཡ་ངོས་ལས་བལྟས་ཏེ་སྨྲ་ཟིན། ལྟོས་ཨ། ངའི་ཨ་མ་དང་སྤུན་ཡ་འདི་ཡ་རང་ཡིན་པ། ༣༥ ཨལ་ལོ་ཧིམ་ལ་ཡག་པོ་གནས་མཁན་གྱི་ལས་ཀ་བྱེད་མཁན་ཡ་རང་ངའི་ཨ་མ་དང་སྤུན་ཡ་ཡིན་པ། སྨྲས་ཏེ་ཡ་ཤུ་བས་སྨྲ་ཟིན།། །།