སྐུ་ཚབ་ཡ་གི་བྱ་བ་ལེའུ་དྲུག་པ།

ཉེ་གནས་(སློབ་མ་)བདུན་ལ་འདམས་པ།

༡ འོ་ཉི་མ་ཡ་ལ་ཉེ་གནས་(སློབ་མ་)མང་འགྲོ་མང་འགྲོ་ཕེལ་ཏེ་འོང་ཟིན། དེ་ནས་ཧེལ་ལེན་གྱི་སྐད་སྨྲ་མཁན་གྱི་ཡ་ཧུ་དྰ་པ་ཡ་དང་ཨིབ་རི་པའི་སྐད་སྨྲ་མཁན་ཡ་ཟ་ཅེས་གྱོན་ཅེས་བགོད་མཁན་གྱི་སྐད་ཆ་ཡིས་བྱས་ཏེ་འཁྲུག་ཟིན། ཉི་མ་རྟག་པར་ཟ་ཅེས་གྱོན་ཅེས་བགོད་འོང་མཁན་ཡ་གིས་ཧེལ་ལེན་གྱི་སྐད་སྨྲ་མཁན་གྱི་ཁྱོ་ག་ཤི་བའི་བུད་མེད་ཡ་ལ་(ཁྱོ་ག་ཤོར་བའི་བུད་མེད་ཡ་ལ་)ཉུང་ངུ་སྟེར་ཀོ་ནུག་སྨྲས་ཏེ་ཧེལ་ལེན་གྱི་སྐད་སྨྲ་མཁན་ཡ་གིས་སྨྲ་ཟིན། ༢ དེ་ནས་བཅུ་གཉིས་དེ་གིས་༼སྐུ་ཚབ་བཅུ་གཉིས་དེ་གིས་༽ཉེ་གནས་(སློབ་མ་)གང་པོ་ལ་སྐད་བརྒྱབ་སྟེ་ཁོང་ལ། (བོས་ཏེ་ཁོང་ལ།) ཉན་དོང་ཨ་པོ་འོག་མ་ཡ། ཨལ་ལོ་ཧིམ་གྱི་བཀའ་སྟེར་ཅེས་བཤོལ་ཏེ་ཟ་ཅེས་གྱོན་ཅེས་བསྐྱངས་ཏེ་སྡོད་ཅེས་ངེད་ལ་ཡག་པོ་མི་འོང་མཁན། ༣ འོ་སོང་བས་ཁྱེད་ཀྱི་བར་དཀྱིལ་ལས་(ཁྱེད་ཀྱི་དཀྱིལ་ལས་)རྣམ་པར་དག་པའི་ཐུགས་དང་རིག་ཤེས་ཀྱིས་བཀང་བའི་མི་བདུན་ལ་འདམ་དོང་། དེ་ནས་ཟ་ཅེས་གྱོན་ཅེས་བགོད་མཁན་གྱི་ཁྲལ་(ལས་ཀ་)འོ་རང་གིས་ཁོང་ལ་འགེལ་མཁན། ༤ དེ་ནས་ངེད་ཀྱིས་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཅེས་དང་མི་ཡ་ལ་ཨལ་ལོ་ཧིམ་གྱི་བཀའ་ཤོད་ཅེས་ལ་དུས་ཚོད་སྟེར་ཏོང་། སྨྲས་ཏེ། 

༥ བཅུ་གཉིས་དེ་གིས་སྨྲས་པའི་སྐད་ཆ་ཉེ་གནས་(སློབ་མ་)གང་པོ་ལ་སེམས་འཐད་ཟིན། འོ་སོང་བས་ཉེ་གནས་ཀྱིས་(སློབ་མས་ཀྱིས་)ཡིད་ཆེས་དང་རྣམ་པར་དག་པའི་ཐུགས་ཀྱིས་བཀང་བའི་སི་ཏེ་ཕྰན། ཕི་ལིབ། པྲོ་ཀོ་རུ། ནི་ཀ་ནོར། ཏི་མོན། པར་མེ་ནྰ་དང་ཡ་ཧུ་དྰ་པའི་གསུང་རབ་ལ་ཞུགས་པའི་ཨན་ཏི་ཡོག་ཡྰ་རྒྱལ་སའི་ནི་ཀོ་ལྰ་ལ་འདམ་ཟིན། ༦ དེ་ནས་ཁོང་གིས་འདམས་པའི་མི་བདུན་ལ་སྐུ་ཚབ་ཡ་གི་མདུན་ལ་འཁྱེར་འོང་ཟིན། དེ་ནས་སྐུ་ཚབ་ཡ་གིས་ཨལ་ལོ་ཧིམ་ལ་གསོལ་བ་བཏབ་སྟེ་རང་གི་ལག་པ་འོ་མི་བདུན་གྱི་ཐོག་ལ་འཇོག་ཟིན།།

༧ འོ་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་བཀའ་ཕེལ་ཏེ་འགྲོ་ཟིན། ཡེ་རུ་སྰ་ལེམ་ལ་ཉེ་གནས་ཡ་(སློབ་མ་ཡ)ད་རུང་མང་འགྲོ་མང་འགྲོ་ཕེལ་ཏེ་འགྲོ་ཟིན། དེ་ནས་ཡ་ཧུ་དྰ་པའི་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཡ་ཡང་༼མཆོད་དཔོན་ཡ་ཡང་༽མང་མོས་ཀྱིས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཏེ་(བཀའ་ལ་བཀའ་ཉན་ཏེ་)ཡེ་ཤུ་ལ་བློ་འགེལ་ཟིན།།

སི་ཏེ་ཕྰན་ལ་བཟུང་བ།

༨ སི་ཏེ་ཕྰན་གྱིས་ནི་ཨལ་ལོ་ཧིམ་ལས་དབང་དང་ཐུགས་རྗེ་མང་མོ་འབྱོར་ཏེ་མི་ཡ་གི་བར་དཀྱིལ་ལ་(མི་ཡ་གི་དཀྱིལ་ལ་)ལས་ཀ་ཡ་མཚན་ཆེ་བ་ཡ་(ཧང་སང་ཅེས་ཀྱི་ལས་ཀ་ཡ་)དང་རྟགས་ཡ་སྟོན་ཟིན། ༩ ཡིན་ནས་མི་རེ་འགའ་ཡིས་ཁོ་ལ་དགྲ་བྱེད་ཟིན། སུ་སུས་སྨྲ་ན། གཡོག་པོ་བྱས་བསྡད་དེ་ཐོན་ཏེ་འོངས་པའི་མི་ཁྱུ། ༼རང་དབང་ཐོབ་སྨྲ་མཁན་གྱི་འཛོམ་ཁང་གི་ཡ་ཧུ་དྰ་པ་ཡ།༽ དེ་ནས་ཀི་རེ་ནེ་པ་དང་ཨ་ལེག་སན་དྲི་ཡྰ་རྒྱལ་སའི་ཡ་ཧུ་དྰ་པ་ཡ། དེ་ནས་ཀི་ལིག་ཡྰ་ས་གནས་དང་ཨེ་ཞི་ཡྰ་གླིང་ཆེན་ལས་འོངས་པའི་ཡ་ཧུ་དྰ་པ་ཡ་ཡིན་མཁན། ཁོང་གང་པོས་ཀྱིས་འགྲིགས་ཏེ་སི་ཏེ་ཕྰན་མཉམ་པོ་རྩོད་པ་རྒྱབ་ཀོ་ཡོད་མཁན། (ཁ་འཛིན་རྒྱབ་ཀོ་ཡོད་མཁན།) ༡༠ རྩོད་པ་རྒྱབ་པ་དང་(རྩོད་པ་རྒྱབ་མཁན་གང་ལ་)སི་ཏེ་ཕྰན་གྱིས་རྣམ་པར་དག་པའི་ཐུགས་ལས་རིག་པ་ཆེན་མོ་འབྱོར་མཁན་སོང་བས་ཁོང་གིས་ལན་རྒྱབ་མ་ཁུགས།

༡༡ འོ་སོང་བས་ཁོང་གིས་མི་གཉིས་གསུམ་ལ་ཊང་ཀ་བསྟེར་ཏེ། འོ་མི་དེ་གིས་མོ་ཤེས་དང་ཨལ་ལོ་ཧིམ་ལ་སྐུར་པ་འདེབས་པའི་སྐད་ཆ་སྨྲས་པ་ངེད་ཀྱིས་ཐོས་ཡོད་མཁན་སྨྲ་དོང་། སྨྲས་ཏེ། ༡༢ འོ་འདྲ་བྱས་ཏེ་ཁོང་གིས་རྒན་པོ། བཀའ་ཁྲིམས་ཀྱི་དགེ་རྒན་དང་ཡ་ཧུ་དྰ་པ་གཞན་པ་ཡ་ལ་ཞེ་སྡང་ལང་འཇུག་ཟིན། དེ་ནས་ཁོང་གིས་སི་ཏེ་ཕྰན་ལ་བཟུང་སྟེ་གྲོས་མི་གང་པོའི་མདུན་ལ་འཁྱེར་འོང་ཟིན། ༡༣ དང་ཁོང་གིས་སི་ཏེ་ཕྰན་གྱི་སྐོར་ལ་དཔང་པོ་རྫུན་རྒྱབ་མཁན་ཡ་ལ་ཁྱེར་ཏེ་འོང་ཟིན། དེ་ནས་དཔང་པོ་རྫུན་རྒྱབ་མཁན་ཡ་གིས་གྲོས་མི་གང་པོ་ལ། འདི་མི་དེ་གིས་ནི་ནམ་བྱེད་ན་ཡང་འོ་རང་གི་དྲང་པོའི་མཆོད་ཁང་དང་མོ་ཤེས་བསྟེར་བའི་བཀའ་ཁྲིམས་ལ་སྐུར་པ་འདེབས་ཀོ་ནུག ༡༤ ནྰ་ཙ་རེལ་གྱི་ཡེ་ཤུས་མཆོད་ཁང་ཧྲུམ་མཁན་ལོ། མོ་ཤེས་བསྟེར་བའི་བཀའ་ཁྲིམས་ལ་དབྱུགས་བཞག་སྟེ་ཁྲིམས་གཞན་པ་བཟོ་མཁན་ལོ། འདི་མི་དེ་གིས་འདི་ཅོག་འདྲའི་སྐད་ཆ་སྨྲས་པ་རང་ངེད་ཀྱིས་ཐོས་ཡོད། སྨྲས་ཏེ། འོ་དཔང་པོ་རྫུན་རྒྱབ་མཁན་ཡ་གིས།

༡༥ དེ་ནས་གྲོས་མི་གང་པོས་ཀྱིས་སི་ཏེ་ཕྰན་ལ་ཤར་རེ་བལྟས་སྡོད་ཟིན། འོའི་རྗེས་ལ་རང་ཁོང་གིས་སི་ཏེ་ཕྰན་གྱི་གདོང་པ་ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱི་གདོང་པ་ཅོག་འདྲ་འོད་རྒྱབ་མཁན་མཐོང་ཟིན།། །།

Your encouragement is valuable to us

Your stories help make websites like this possible.