སྐུ་ཚབ་ཡ་གི་བྱ་བ་ལེའུ་བཞི་པ།

པེ་ཏྲོ་དང་ཡུ་ཧ་ནན་འགོ་པ་ཡ་འཛོམས་སའི་ས་ཆ་ལ།

༡ པེ་ཏྲོ་དང་ཡུ་ཧ་ནན་མི་ཡ་མཉམ་པོ་སྐད་ཆ་སྨྲ་བ་དང་(སྐད་ཆ་སྨྲ་མཁན་གང་ལ་)མཆོད་ཁང་གི་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཡ་༼མཆོད་དཔོན་ཡ་༽དང་མཆོད་ཁང་གི་སྲུང་མཁན་གྱི་མི་ཡ་གི་འགོ་པ་འོང་ཟིན། དེ་ནས་ཁོང་མཉམ་པོ་༼ཤི་སྟེ་ལས་འགབ་ཤོས་ཀྱི་དུས་ཚོད་ལ་སུ་ཡང་གསོན་པོར་ལང་ཅེས་མེད་(གསོན་པོར་འགྱུར་ཅེས་མེད་)སྨྲ་མཁན་གྱི་༽སྰ་ཅུ་སེ་པ་ཡ་ཡང་འོང་ཟིན། ༢ པེ་ཏྲོ་དང་ཡུ་ཧ་ནན་གྱིས། ཡེ་ཤུ་ཤི་སྟེ་ལས་གསོན་པོར་ལངས་ཡོད། (གསོན་པོར་ལངས་ཏེ་ཡོད།) འོ་འདྲ་བྱས་ཏེ་མི་གཞན་པ་ཡ་ཡང་ཤི་སྟེ་ལས་གསོན་པོར་ལང་མཁན། (གསོན་པོར་ལང་ཅེས་ཡོད།) སྨྲས་ཏེ་མི་ཡ་ལ་སློབ་མཁན་ཐོས་པས་སྰ་ཅུ་སེ་པ་ཡ་ཞེ་སྡང་ལངས་ཏེ་ ༣ ཁོང་གཉིས་ལ་འཛིན་ཟིན། དེ་ནས་འོ་ཉི་མ་ཁ་མཆུ་རྩོད་ཅེས་ལ་ཕྱི་མོ་ཕྱིན་པ་སོང་བས་ཉི་མ་རྗེས་མ་ཐུག་བཙོན་ཁང་ལ་འཇོག་ཟིན། ༤ བཙོན་ཁང་ལ་བླུགས་འཇོག་ན་ཡང་ཁོང་གཉིས་ཀྱིས་བཤད་པའི་ལོན་ལ་མི་མང་མོས་ཉན་ཏེ་ཡེ་ཤུ་ལ་བློ་འགེལ་ཟིན། འོ་ཙམ་ཐུག་ལ་ཡེ་ཤུ་ལ་བློ་འགེལ་མཁན་གྱི་(ཡིད་ཆེས་བྱེད་མཁན་གྱི་)སྐྱེས་པ་ཁྱོ་ག་གཅིག་ཀྱང་ལྔ་སྟོང་ཙམ་འགྲོ་ཟིན།། (འགྲོ་ཟིན་ཏེ་ཡོད་མཁན།།) 

༥ ནངས་པར་ཉི་མ་རྒྱལ་ཁྲིམས་བྱེད་མཁན་གྱི་མི་ཡ། རྒན་པོ་ཡ་དང་བཀའ་ཁྲིམས་གྱི་དགེ་རྒན་ཡ་ཡ་རུ་ཤ་ལེམ་ལ་འཛོམ་ཟིན། ༦ ཨན་ནྰ་སི་སྨྲ་མཁན་གྱི་ལེ་ཝི་འགོ་ཆེ་བ། ༼མཆོད་དཔོན་ཆེ་བ།༽ ཀ་ཡ་ཕྰ། ཡུ་ཧ་ནན། དང་ཨ་ལེག་སན་དེར་དང་ཨན་ནྰ་སིའི་གཉེན་ཚན་ཉེ་བ་གཞན་པ་ཡ་ཡང་(ཉེ་འབྲེལ་ཡང་)ཡོད་མཁན། ༧ དེ་ནས་ཁོང་འཛོམས་ཏེ་པེ་ཏྲོ་དང་ཡུ་ཧ་ནན་ལ་འཛོམས་སའི་ས་ཆ་ལ་འཁྱེར་ཟིན། དེ་ནས་འོ་དྲག་བཅུག་པའི་མི་ལ་བསྟན་ཏེ། ཁྱེད་གཉིས་ཀྱིས་ཅིའི་དབང་གིས་བྱས་ཏེ་(ཅིའི་དབང་ལས་)འདི་མི་ལ་དྲག་བཅུག་ཡོད་མཁན། (དྲག་བཅུག་པ།) སུའི་མིང་གིས་བྱས་ཏེ་(སུའི་མིང་ལས་)འདི་མི་ལ་དྲག་བཅུག་ཡོད་མཁན། (དྲག་བཅུག་པ་ཡིན་མཁན།) སྨྲས་ཏེ། ༨ དེ་ནས་རྣམ་པར་དག་པའི་ཐུགས་ཀྱིས་བཀང་སྟེ་པེ་ཏྲོས་ཁོང་ལ།

ཨོ་རྒྱལ་ཁྲིམས་བྱེད་མཁན་གྱི་མི་ཡ་དང་ཡིས་ར་ཨལ་གྱི་རྒན་པོ་ཡ། ༩ དེ་རིང་འདི་རྐང་པ་ཤོར་བའི་མི་ལ་ལས་ཀ་ཡག་པོ་བྱས་ཏེ་དྲག་བཅུག་ཡོད། (དྲག་བཅུག་པ་ཡིན་མཁན།) ཁོ་ལ་ག་འདྲ་བྱས་ཏེ་དྲག་བཅུག་ཡོད་སྨྲས་ཏེ་(དྲག་བཅུག་པ་ཡིན་མཁན་སྨྲས་ཏེ་)འདྲི་ཅེས་ལ་(འདྲི་ཅེས་ཀྱི་ཆེད་དུ་)ངེད་ལ་འདི་འཛོམས་སའི་ས་ཆ་ལ་བསྐྱས་པ་ནུག་པ། ༡༠ ཁྱེད་རང་ཉན་དོང་། ཡིས་ར་ཨལ་གྱི་མི་གང་པོས་ཀྱང་ཐོས་ཆུག  ཁྱེད་ཀྱི་མདུན་ལ་ལངས་ཏེ་སྡོད་མཁན་གྱི་འདི་མི་ལ་ནྰ་ཙ་རེལ་གྱི་དབང་སྐུར་ཐོབ་པའི་ཡེ་ཤུའི་མིང་གིས་བྱས་ཏེ་(མིང་ལས་)དྲག་ཡོད་པ། (དྲག་སྟེ་ཡོད་པ། ། དྲག་པ་ཡིན་པ།) ཁྱེད་ཀྱིས་ནི་ཡེ་ཤུ་ལ་རྒྱངས་ཤིང་ལ་ལྕགས་གཟེར་དིམ་སྟེ་དཔྱངས་ཏེ་གསོད་ཟིན། ཨལ་ལོ་ཧིམ་གྱིས་ནི་ཡེ་ཤུ་ལ་ཤི་བའི་ས་ཆ་ལས་གསོན་པོར་ལང་འཇུག་ཟིན། ༡༡ ཡེ་ཤུའི་སྐོར་ལ་འོ་རང་གི་གསུང་རབ་ལ་འདི་ཅོག་འདྲ་བྲིས་བཞག་ཡོད་པ། (བྲིས་བཞག་སྟེ་ཡོད་པ། ། བྲིས་བཞག་པ་ཡིན་མཁན།) 

རྩིག་བཟོ་མཁས་པ་ཡ་གིས་ཕན་མི་ཐོགས་མཁན་སྨྲས་ཏེ་དབྱུགས་བཞག་པའི་རྡོ་དེ་

མཆོད་ཁང་བཞེང་བ་དང་(བཞེང་མཁན་གང་ལ་)མི་འཇོག་ན་མི་འོང་མཁན་གྱི་རྡོ་ནི་ཁང་པའི་ཟུར་གྱི་རྨང་རྡོ་རང་གྱུར་ཡོད།། (འགྲོ་ཟིན།།) 

སྨྲས་ཏེ་བྲིས་བཞག་ཡོད་པ། (བྲིས་བཞག་སྟེ་ཡོད་པ། ། བྲིས་བཞག་པ་ཡིན་མཁན།) ༡༢ ཡེ་ཤུ་གཅིག་གིས་མིན་པ་སུ་གཞན་པས་ཀྱང་ཐར་པ་ཐོབ་འཇུག་མི་ཁུག་མཁན། མི་ལ་ཐར་པ་འཇུག་ཅེས་ལ་(ཐར་པ་འཇུག་ཅེས་ཀྱི་ཆེད་དུ་)ཨལ་ལོ་ཧིམ་གྱིས་འཛམ་བུ་གླིང་ལ་ཡེ་ཤུ་ལ་མིན་པ་སུ་གཞན་པ་ལ་ཡང་མ་བཏང་། སྨྲས་ཏེ། པེ་ཏྲོས།། 

༡༣ འཛོམས་པའི་མི་ཡ་གིས་པེ་ཏྲོ་དང་ཡུ་ཧ་ནན་གཉིས་ཡི་གེ་མང་མོ་མ་བསླབས་པའི་མི་ནུག་པ་སྨྲས་ཏེ་ངོ་ཤེས་ཟིན། (ཧ་གོ་ཟིན།) ཁོང་གཉིས་ཀྱིས་འདི་ཅོག་འདྲ་མ་འཇིགས་པར་བྱས་ཏེ་སྐད་ཆ་སྨྲ་མཁན་མཐོང་སྟེ་ཧང་སང་ཟིན། (ཧ་ལས་ཟིན།) དེ་ནས་ཁོང་གིས་འོ་གཉིས་ཡེ་ཤུ་མཉམ་པོ་བསྡད་པ་ནུག་སྨྲས་ཏེ་འོ་འཛོམས་པའི་མི་ཡ་གིས་ངོ་ཤེས་ཟིན། (ཧ་གོ་ཟིན།) ༡༤ དེ་ནས་འོ་རྐང་པ་ཤོར་བའི་མི་དྲག་སྟེ་པེ་ཏྲོ་དང་ཡུ་ཧ་ནན་མཉམ་པོ་ལངས་ཏེ་བསྡད་པ་མཐོང་བས་ཁོང་གིས་ཅི་ཡང་སྨྲ་མ་ཁུགས། ༡༥ འོ་སོང་བས་ཁོང་གཉིས་ལ་གྲོས་མི་གང་པོའི་ས་ཆ་ལས་ཕྱི་ལོགས་ལ་སོང་སྨྲས་ཏེ། དེ་ནས་ཁོང་གིས་ཁོང་རང་ནང་ལ་གྲོས་བརྒྱབ་སྟེ། ༡༦ འོ་མི་གཉིས་ལ་འོ་རང་གིས་ཅི་བྱེད་མཁན། ཁོང་གཉིས་ཀྱི་ལས་ཀ་ཡ་མཚན་པ་བྱས་པ་དེ་ནི་(ཧང་སང་ཅེས་ཅོག་འདྲའི་ལས་ཀ་བྱས་པ་དེ་ནི་)ཡ་རུ་ཤ་ལེམ་གྱི་མི་གང་པོས་ཚོར་ཟིན་ཏེ་ཡོད། འདི་སྐད་ཆ་ནི་འོ་རང་གིས་མིན་པ་སྨྲས་ཏེ་སྨྲ་མི་ཁུག་མཁན། ༡༧ ཡིན་ནས། འདི་སྐད་ཆ་མི་གཞན་པ་ཡ་ལ་ཐོས་འཇུག་ཅེས་མི་འོང་མཁན། འོ་སོང་བས་ཁོང་གཉིས་ལ། ད་ལས་(ད་ལས་འཛུགས་ལ་ ། ད་ཡིན་འཇུག་)ཡེ་ཤུའི་མིང་གི་སྐོར་ལ་སུ་ལ་ཡང་མ་སྨྲ། སྨྲས་ཏེ་འཇིགས་པ་བྱེད་མཁན། སྨྲས་ཏེ། ༡༨ དེ་ནས་ཁོང་གཉིས་ལ་ནང་ལ་ཁྱེར་ཏེ་བཀའ་སྒྱུར་བཏང་སྟེ། ད་ལས་(ད་ལས་འཛུགས་ལ་ ། ད་ཡིན་འཇུག་)ཡེ་ཤུའི་མིང་གི་སྐོར་ལ་སུ་ལ་ཡང་མ་སྨྲ། སུ་ལ་ཡང་མ་སློབ། སྨྲས་ཏེ་འགོ་པ་ཡ་གིས། 

༡༩ ཡིན་ནས་པེ་ཏྲོ་དང་ཡུ་ཧ་ནན་གྱིས་ཁོང་ལ། ཁྱེད་ཀྱིས་སྨྲས་པའི་སྐད་ཆ་ལ་ཉན་དོང་ནི་ཨལ་ལོ་ཧིམ་གྱིས་སྨྲས་པའི་སྐད་ཆ་ལ་ཉན་དོང། ཨལ་ལོ་ཧིམ་གྱི་མདུན་ལ་གང་དྲ་ཡག་པོ་ནུག  ཁྱེད་རང་གིས་རང་བསམ་བློ་གཏོང་དོང་ལགས། ༢༠ ངེད་ཀྱིས་ནི་མཐོང་བའི་དོན་རྐྱེན། ཐོས་པའི་སྐད་ཆ་མ་སྨྲས་པར་བྱས་ཏེ་ཁ་འཛུམ་པ་ལ་སྡོད་རང་མི་ཁུག་མཁན། སྨྲས་ཏེ། ༢༡ དེ་ནས་འགོ་པ་ཡ་གིས་ཁོང་གཉིས་ལ་གཉིས་པར་འཇིགས་པ་བྱེད་ཟིན་པ་དང་གཏོང་ཟིན། ཁོང་གཉིས་ཀྱི་ལས་ཀ་ཡ་མཚན་ཆེ་བ་ལ་(ཧང་སང་ཅེས་ཀྱི་ལས་ཀ་ལ་)མཐོང་སྟེ་མི་གང་པོས་ཨལ་ལོ་ཧིམ་ལ་གཟི་བརྗིད་བྱེད་ཀོ་ཡོད་མཁན། འོ་སོང་བས་འགོ་པ་ཡ་གིས་པེ་ཏྲོ་དང་ཡུ་ཧ་ནན་ལ་ཉེས་པ་སྟེར་ཅེས་ཀྱི་ཐབས་ཤེས་མ་འབྱོར་བ། (ཉེས་པ་སྟེར་མ་ཁུགས། ། ཆད་པ་གཅོད་མ་ཁུགས།) 

༢༢ འོ་འདྲའི་ཡ་མཚན་ཆེ་བ་ཞིག་བྱས་ཏེ་(འོ་འདྲའི་ཧང་སང་ཅེས་ཅོག་འདྲའི་ལས་ཀ་བྱས་ཏེ་)དྲག་བཅུག་པའི་མི་དེ་གི་ལོ་བཞི་བཅུ་༼ཁལ་གཉིས་༽སྨྲས་ཏེ་ཡང་ལྷག་པ་ཕྱིན་ཏེ་ཡོད་མཁན།། (བཞི་བཅུ་ལས་ཡར་ལ་ཡིན་མཁན།།) 

ཨལ་ལོ་ཧིམ་ལ་གསོལ་བ་བཏབ་པ།

༢༣ པེ་ཏྲོ་དང་ཡུ་ཧ་ནན་འཛོམས་སའི་ས་ཆ་ལས་ཐོན་ཏེ་རོགས་ཡ་གི་རྩར་ལ་ཕྱིན་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་མོ་ཡ་༼མཆོད་དཔོན་ཆེན་མོ་ཡ་༽དང་རྒན་པོ་ཡ་གིས་སྨྲས་པའི་སྐད་ཆ་གང་པོ་ཤོད་ཟིན། ༢༤ འོ་འདྲའི་སྐད་ཆའི་དོན་དག་ངོ་ཤེས་ཏེ་(ཧ་གོ་སྟེ་)ཁོང་གང་པོས་བློ་གཅིག་ལ་འགྲིགས་ཏེ་(སེམས་པ་གཅིག་པ་བྱས་ཏེ་)ཨལ་ལོ་ཧིམ་ལ། ཨོ་དབང་ཆ་ཆེན་མོ་གྱོན་མཁན་གྱི་ཨ་དོན། ནམ་མཁའ། ས་གཞི། རྒྱ་མཚོ་དང་འོ་ལ་ཡོད་པ་གང་པོ་ཁྱོད་ཀྱིས་བཟོས་ཡོད་མཁན། (བཟོས་པ་ཡིན་མཁན། ། བཟོ་ཟིན།) ༢༥ རྣམ་པར་དག་པའི་ཐུགས་ཀྱིས་བྱས་ཏེ་(ཐུགས་ལས་)ངེད་ཀྱི་མེས་མེས་ཡང་མེས་ད་བིད་ཀྱིས་འདི་ཅོག་འདྲ་སྨྲས་ཡོད་མཁན།

ས་གཞིའི་བརྒྱུད་པའི་མི་ཡ་(ཡ་ཧུ་དྰ་པ་མིན་པའི་བརྒྱུད་པའི་མི་ཡ་)ཅི་ལས་ཞེ་སྡང་ལང་མཁན།།

ལུང་པ་ལུང་པའི་མི་ཡ་ཅི་ལས་དོན་དག་མེད་པའི་སྐད་ཆ་ཡ་བསམ་བློ་གཏོང་མཁན།།

༢༦ ཡ་ཝྰེ་དང་ཁོའི་དབང་སྐུར་ཐོབ་པ་ལ་དགྲ་བྱེད་ཅེས་ལ།།

ས་གཞིའི་རྒྱལ་པོ་ཡ་དང་རྒྱལ་ཁྲིམས་བྱེད་མཁན་གྱི་མི་ཡ་འཛོམ་ཟིན།།

སྨྲས་ཏེ། ཨ་དོན་ལ་ཞབས་ཏོག་ཞུ་མཁན་གྱི་ད་བིད་ཀྱིས་སྨྲས་ཡོད་མཁན། ༢༧ ཨོ་ཨ་དོན། བདེན་པར་འོ་འདྲའི་སྐད་ཆ་ཡ་མདང་དེ་རིང་འགྲོ་འོ་ཡོད་མཁན། ཨ་དོན་ལ་དྲང་པོ་བྱས་ཏེ་ཞབས་ཏོག་ཞུ་མཁན་གྱི་ཡེ་ཤུ་ལ་༼ཨ་དོན་གྱི་རྣམ་པར་དག་པའི་སྲས་པོ་ཡེ་ཤུ་ལ་༽ཨ་དོན་གྱིས་དབང་སྐུར་ཐོབ་པ་བཟོ་ཟིན། ཡེ་ཤུ་ལ་དགྲ་བྱེད་ཅེས་ལ་ཧེ་རོ་དྰེ། པི་ལ་ཏུ། ཡིས་ར་ཨལ་པ་དང་མི་ལུང་པའི་མི་ཡ་(ཡ་ཧུ་དྰ་པ་མིན་པའི་བརྒྱུད་པའི་མི་ཡ་)འགྲིགས་ཏེ་འདི་རྒྱལ་ས་ལ་༼ཡ་རུ་ཤ་ལེམ་ལ་༽འཛོམ་ཟིན། ༢༨ གདོང་ལ་རང་(སྔ་མ་རང་ ། སྔན་ལ་རང་ ། སྔོན་ལ་རང་)ཁྱོད་ཀྱིས་བསམ་བློ་བཏང་བ་དེ་རང་ཁོང་གིས་བྱེད་ཟིན། ༢༩ ཨོ་ཨ་དོན། ད་ནི་ཁོང་གིས་འཇིགས་པ་བྱས་པའི་སྐད་ཆ་ལ་ཐོས་ཏོང་། ངེད་ཀྱིས་ཁྱོད་ལ་ཞབས་ཏོག་ཞུ་ཅེས་ཀྱི་སེམས་ཡོད་པ། ད་ལྟ་ཁྱོད་ཀྱི་བཀའ་(གསུང་)མ་འཇིགས་པར་བྱས་ཏེ་ཤོད་ཅེས་ལ་ངེད་ལ་རོགས་རམ་བྱེད་ཏོང་། ༣༠ རང་གི་སྙིང་རྗེས་བྱས་ཏེ་ནད་པ་ཡ་ལ་དྲག་འཇུག་དོང་། རང་ལ་དྲང་པོ་བྱས་ཏེ་ཞབས་ཏོག་ཞུ་མཁན་གྱི་ཡེ་ཤུའི་མིང་ལས་༼རང་གི་རྣམ་པར་དག་པའི་སྲས་པོ་ཡེ་ཤུའི་མིང་ལས་༽ཡ་མཚན་ཆེ་བའི་ལས་ཀ་ཡ་བྱེད་མཁན་(ཧང་སང་ཅེས་ཀྱི་ལས་ཀ་ཡ་བྱེད་མཁན་ ། ངོ་མཚར་ཆེ་བ་ཡ་བྱེད་མཁན་)དང་རྟགས་སྟོན་ཅེས་ཀྱི་དབང་སྟེར་ཏོང་། སྨྲས་ཏེ། འཛོམས་པའི་རོགས་ཡ་གིས།། 

༣༡ འོ་འདྲ་བྱས་ཏེ་གསོལ་བ་འདེབས་ཟིན་པ་དང་རང་ཁོང་འཛོམས་ཏེ་བསྡད་པའི་ས་ཆ་གཡོ་ཟིན། དེ་ནས་ཁོང་གང་པོ་རྣམ་པར་དག་པའི་ཐུགས་ཀྱིས་བཀང་སྟེ་ཨལ་ལོ་ཧིམ་གྱི་བཀའ་མ་འཇིགས་པར་བྱས་ཏེ་ཤོད་ཅེས་འཛུགས་ཟིན།།

སྣ་གང་པོའི་སྤྱི་མ། (སྤྱི་གཞུང་། ། ཀུང་འགྲོ།)

༣༢ ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་གང་པོའི་སེམས་དང་བསམ་བློ་གཅིག་པ་འགྲོ་འོ་ཡོད་མཁན། བྱད་ལག་ཡ་རང་དེ་སྨྲས་ཏེ་མ་བསྲིས་པར་བྱས་ཏེ་སྤྱི་མ་ལ་(སྤྱི་གཞུང་ལ་ ། ཀུང་འགྲོ་ལ་)བཞག་སྟེ་འཛོམ་གྱིས་སྤྱོད་གཏོང་གོ་ཡོད་མཁན། ༣༣ དེ་ནས་ཨ་དོན་ཡེ་ཤུ་ཤི་སྟེ་ལས་གསོན་པོར་ལངས་ཡོད་སྨྲས་ཏེ་(གསོན་པོར་ལངས་ཏེ་ཡོད་སྨྲས་ཏེ་ ། གསོན་པོར་ལངས་པ་ཡིན་པ་སྨྲས་ཏེ་)སྐུ་ཚབ་ཡ་གིས་དབང་ཆེན་མོ་འཐོགས་ཏེ་དཔང་པོ་སྟེར་ཀོ་ཡོད་མཁན། (དཔང་པོ་ཤོད་ཀོ་ཡོད་མཁན།) དེ་ནས་ཨལ་ལོ་ཧིམ་གྱིས་ཁོང་གང་པོ་ལ་སྙིང་རྗེ་མཐོང་གོ་ཡོད་མཁན། (སྙིང་རྗེ་བྱེད་ཀོ་ཡོད་མཁན།) ༣༤ ཁོང་གི་ནང་ལ་སུ་ལ་ཡང་ཟ་ཅེས་གྱོན་ཅེས་ལ་སྡུག་པོ་མེད་པ། རེ་འགའ་ཡིས་ཞིང་། རེ་འགའ་ཡིས་ཁྱིམ་བཙོངས་ཏེ། ༣༥ དེ་ནས་འོངས་པའི་ཊང་ཀ་སྐུ་ཚབ་ཡ་གི་རྩར་ལ་ཁྱེར་ཏེ་སྤྱི་མ་ལ་(སྤྱི་གཞུང་ལ་ ། ཀུང་འགྲོ་ལ་)འཇོག་འོ་ཡོད་མཁན། དེ་ནས་སྐུ་ཚབ་ཡ་གིས་འོ་ཊང་ཀ་དགོས་རིམ་པའི་འགྲོ་སོང་གཏོང་གོ་ཡོད་མཁན། (འོ་ཊང་ཀ་དགོས་མཁན་ཡ་ལ་བགོས་སྟེར་ཀོ་ཡོད་མཁན།) 

༣༦ དེ་ནས་ཡོ་སེབ་མིང་འཐོགས་པའི་ལེ་ཝི་པ་བརྒྱུད་པའི་མི་གཅིག་ཡོད་མཁན། ཁོ་ས་ཡིབ་པུ་སྨྲ་མཁན་གྱི་གླིང་ཕྲན་ལ་སྐྱེས་ཟིན། (སྐྱེས་པ།) སྐུ་ཚབ་ཡ་གིས་ཁོ་ལ་པྰར་ན་པྰ་སྨྲས་ཏེ་སྨྲ་འོ་ཡོད་མཁན། པྰར་ན་པྰ་སྨྲ་མཁན་གྱི་དོན་དག་དེ་མི་གཞན་པ་ལ་སྙིང་རུས་སྐྱེ་འཇུག་མཁན་དེ་ཡིན་མཁན། (སེམས་ཤུགས་སྟེར་མཁན་ཡིན་མཁན།) ༣༧ པྰར་ན་པྰས་ཀྱང་ཞིང་གཅིག་འཚོང་ཟིན་པ་དང་ཊང་ཀ་གང་པོ་སྐུ་ཚབ་ཡ་ལ་སྟེར་ཟིན།། །།

Your encouragement is valuable to us

Your stories help make websites like this possible.