ཡེ་ཤུས་རི་གཅིག་ལ་བསྡད་དེ་བསླབས་པ།
1 མི་མི་མང་འོང་མཁན་མཐོང་མཐོང་བ་ལ་(འོང་མཁན་མཐོང་ཟིན་ཏེ་རྗེས་ལ་)ཡེ་ཤུ་རི་གཅིག་ལ་འཛེགས་ཏེ་ས་ལ་སྡོད་ཟིན། ཡེ་ཤུའི་ཉེ་གནས་ཡ་ཡང་(སློབ་མ་ཡ་ཡང་)རྩར་ཟུར་ལ་སྡོད་འོང་ཟིན། 2 དེ་ནས་ཡེ་ཤུས་ཁོང་ལ་འདི་ཅོག་འདྲ་སྨྲས་ཏེ་སློབ་ཟིན།
3 ཨལ་ལོ་ཧིམ་ལ་རེ་བ་གང་པོ་འཆོལ་མཁན་གྱི་བསམ་བློ་འཁོར་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཁོང་ནམ་མཁའི་རྒྱལ་སྲིད་ལ་སྡོད་མྱོང་ཅེས་ནུག །
4 སེམས་ཁྲལ་བྱེད་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཨལ་ལོ་ཧིམ་གྱིས་ཁོང་གི་སེམས་ཁྲལ་གྱི་ཁུར་པོ་ཡ་འཁྱེར་ཅེས་ནུག །
5 སྙེམས་ཆུང་བྱེད་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
འཛམ་བུ་གླིང་ཁོང་དེ་འོང་ཅེས་ནུག །
6 བརྩི་བཀུར་ཏེ་(རྩིས་བྱས་ཏེ་)དྲང་པོ་འགྲོ་ཅེས་འཚོལ་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཁོང་གིས་བརྩི་བཀུར་བ་(རྩིས་བྱས་པ་)ཅོག་འདྲ་འབྱོར་ཅེས་ནུག །
7 མི་ལ་སྙིང་རྗེ་བྱེད་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཨལ་ལོ་ཧིམ་གྱིས་ཁོང་ལ་ཡང་སྙིང་རྗེ་བྱེད་ཅེས་ནུག །
8 སེམས་དྲང་པོ་ཡོད་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཁོང་གིས་ཨལ་ལོ་ཧིམ་ལ་མཐོང་མྱོང་ཅེས་ནུག །
9 མི་ཡ་ལ་མཐུན་འཇུག་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཁོང་ཨལ་ལོ་ཧིམ་གྱི་བུ་བུ་མོ་སྨྲ་མཁན་དེ་འོང་ཅེས་ནག །
10 རྣམ་པར་དག་པར་བྱས་པ་(ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་པ་)སོང་བས་མིས་སྟེར་མཁན་གྱི་སྡུག་པོ་རྣོག་མཁན་ཡ་སེམས་སྐྱིད་པོ་ཡིན་པ།
ཁོང་ནམ་མཁའི་རྒྱལ་སྲིད་ལ་སྡོད་མྱོང་ཅེས་ནུག །
སྨྲས་ཏེ། ཡེ་ཤུས།།
11 ༼དེ་ནས་གཉིས་པར་ཡེ་ཤུས།༽ ང་ལ་ཡིད་ཆེས་བྱས་པ་(ང་ལ་བློ་འགེལ་བ་) སོང་བས་མི་ཡ་གིས་ཁྱེད་ལ་གཤེ་ཁྲེལ་བྱེད་ཅེས་ནུག སྡུག་པོ་སྟེར་ཅེས་ནུག ངའི་དོན་གྱིས་བྱས་ཏེ་ཡིན་ཚད་རང་སྐད་ཆ་བཙོག་པ་ཡ་ཁྱེད་ཀྱི་ཐོག་ལ་འགེལ་ཅེས་ནུག 12 འདི་ཅོག་འདྲ་བྱས་ཏེ་སྡུག་པོ་འཁྱེར་མཁན་ཡ་ག་ཚོད་སེམས་སྐྱིད་པོ། ཁྱེད་དགའ་བ་བྱེད་ཏོང་། ཅི་ལས་སྨྲ་ན་ནམ་མཁའ་ལ་ཁྱེད་ལ་རྔན་པ་ཆེན་མོ་ཞིག་བཞག་སྟེ་ཡོད་པ། ཁྱེད་ལས་སྔོན་ལ་(ཁྱེད་སྨྲས་ཏེ་གདོང་ལ་)ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་ལ་ཡང་མི་ཡ་གིས་འདི་ཅོག་འདྲ་བྱས་ཏེ་སྡུག་པོ་བསྟེར་ཏེ་ཡོད་མཁན། སྨྲས་ཏེ། ཡེ་ཤུས།།
ཚྭ་དང་འོད་ཀྱི་དཔེ།
13 ༼དེ་ནས་གཉིས་པར་ཡེ་ཤུས།༽ ཁྱེད་ནི་འཛམ་བུ་གླིང་གི་མི་ཡ་གི་དཀྱིལ་ལ་(མི་ཡ་གི་བར་དཀྱིལ་ལ་)ཚྭ་ཅོག་འདྲ་རང་ཡིན། ཡིན་ནས་ཚྭའི་བྲོ་བ་ཡལ་ན་(ཡལ་ཟིན་ན་)འོ་ཚྭ་ལས་གཉིས་པར་བྲོ་བ་འོང་མི་ཁུག་མཁན། འོ་ཚྭ་ནི་ཕན་མི་ཐོགས་མཁན་འགྲོ་མཁན། དེ་ནས་དབྱུགས་ཏེ་མི་ཡ་གི་རྐང་པས་ནོན་མཁན།།
14 གཉིས་པར། ཁྱེད་ནི་འཛམ་བུ་གླིང་གི་མི་ཡ་གི་དཀྱིལ་ལ་འོད་(འོད་ཟེར་)ཅོག་འདྲ་རང་ཡིན། རི་ལ་བཟོས་པའི་གྲོང་ཁྱེར་ནི་མི་གང་པོས་མཐོང་ཁུག་མཁན། 15 དེ་ནས། སྒྲོན་མ་སྦར་ཏེ་ཇ་ཕོར་གྱིས་བཀབ་སྟེ་མི་འཇོག་མཁན། ཁྱིམ་ལ་ཡོད་པའི་མི་གང་པོས་མིག་མཐོང་འཇུག་སྨྲས་ཏེ་(མིག་མཐོང་འཇུག་ཅེས་ལ་ ། མིག་མཐོང་འཇུག་པ་ལ་ ། མིག་མཐོང་འཇུག་ཅེས་སྨྲས་ཏེ་)སྒྲོན་མ་ས་ཆ་མཐོན་པོ་ལ་སྦར་ཏེ་འཇོག་མཁན། 16 འོ་ཅོག་འདྲ་བྱས་ཏེ་ཁྱེད་ཀྱི་འོད་(འོད་ཟེར་)མི་ཡ་གི་དཀྱིལ་ལ་རྒྱབ་ཆུག མི་ཡ་གིས་ཁྱེད་ཀྱི་ལས་ཀ་ཡག་པོ་ཡ་མཐོང་སྟེ་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕ་ལ་བསྟོད་སྒྲ་འབུལ་འཇུག སྨྲས་ཏེ། ཡེ་ཤུས།།
བཀའ་ཁྲིམས་རྙིང་པའི་དོན་ལ། (བཀའ་ཁྲིམས་རྙིང་པའི་སྐོར་ལ)
17 ༼དེ་ནས་གཉིས་པར་ཡེ་ཤུས།༽ མོ་ཤེས་བསྟེར་བའི་བཀའ་ཁྲིམས་དང་ཨལ་གྱི་སྐད་ཆ་ཤོད་མཁན་ཡ་གིས་སྨྲས་པའི་སྐད་ཆ་གཅོད་ཅེས་ལ་(གཅོད་པ་ལ་ ། གཅོད་ཅེས་སྨྲས་ཏེ་)ང་འོངས་པ་ཡིན་སྨྲས་ཏེ་ཁྱེད་ཀྱིས་མ་གནས། (མ་སྐྱེ། ། བསམ་བློ་མ་གཏོང་།) གཅོད་པ་ལ་མིན་པ། སྒྲུབ་པ་ལ་འོངས་པ་ཡིན་པ། 18 ངས་ཀྱིས་ཁྱེད་ལ་བདེན་པར་སྨྲ་མཁན། གནམ་དང་འཛམ་བུ་གླིང་མ་བསྟངས་ཐུག་(མ་བསྟངས་པར་ཐུག་ ། མ་བསྟངས་ཐུག་ལ་)བཀའ་ཁྲིམས་ལ་བྲིས་པའི་སྐད་ཆ་ཆད་མ་ཞིག་ཀྱང་ཁྱད་པར་འགྲོ་ཅེས་མེད། འོ་སྐད་ཆ་གང་པོ་མ་གྲུབ་ཐུག་(མ་གྲུབ་པར་ཐུག་ ། མ་གྲུབ་ཐུག་ལ་)སྐད་ཆ་ཆད་མ་ཞིག་ཀྱང་བསྟངས་ཏེ་འགྲོ་ཅེས་མེད། 19 བཀའ་ཁྲིམས་ཀྱི་ཆད་མ་ལས་ཆད་མའི་བཀའ་ཞིག་ཀྱང་(ཆད་མ་སྨྲས་ཏེ་ཆད་མའི་བཀའ་ཞིག་ཀྱང་)གནོད་མཁན་དང་གཞན་དག་ལ་གནོད་འཇུག་མཁན་གྱི་མི་ནི་ནམ་མཁའི་རྒྱལ་སྲིད་ལ་གང་པོ་ལས་ཆད་མ་(གང་པོ་སྨྲས་ཏེ་ཆད་མ་)འོང་ཅེས་ནུག ཡིན་ནས་འདི་བཀའ་ཡ་ལ་རྩི་མཁན་དང་གཞན་དག་ལ་བསླབས་སྟེར་མཁན་གྱི་མི་ནི་ནམ་མཁའི་རྒྱལ་སྲིད་ལ་ཆེན་མོ་འོང་ཅེས་ནུག 20 འོ་སོང་བས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། བཀའ་ཁྲིམས་ཀྱི་སློབ་དཔོན་དང་ཕ་རུ་ཤི་པ་ཡ་གི་དྲང་པོར་བྱེད་མཁན་དེ་ལས་(དྲང་བདེན་ལས་) ཁྱེད་ཀྱི་དྲང་པོར་བྱེད་མཁན་དེ་ནི་(དྲང་བདེན་ནི་)ལྷག་པ་འོང་ན་མིན་པ་ཁྱེད་ནམ་མཁའི་རྒྱལ་སྲིད་ལ་འཇུག་མྱོང་ཅེས་མི་འདུག སྨྲས་ཏེ། ཡེ་ཤུས།།
རྐྱེན་མེད་པར་ཞེ་སྡང་བྱེད་མཁན་གྱི་དོན་ལ། (རྐྱེན་མེད་པར་ཞེ་སྡང་བྱེད་མཁན་གྱི་སྐོར་ལ།)
21 ༼དེ་ནས་གཉིས་པར་ཡེ་ཤུས།༽ དང་པོའི་མི་ཡ་ལ། མི་མ་གསོད། མི་གསོད་ན་ཉེས་པ་སྟེར་དགོས་མཁན། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ནི་ཁྱེད་ཀྱིས་ཐོས་ཡོད། (འདི་བཀའ་ནི་སྨྲས་ཏེ་ཁྱེད་ཀྱིས་ཐོས་ཡོད།) 22 ཡིན་ནས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། སྤུན་མཉམ་པོ་རྐྱེན་མེད་པར་ཞེ་སྡང་བྱས་ཏེ་སྡོད་མཁན་དེ་ལ་ཡང་ཉེས་པ་སྟེར་དགོས་མཁན། རང་གི་སྤུན་ལ། སྨྱོན་པ། སྨྲས་ཏེ་སྨྲ་མཁན་དེ་ལ་གྲོས་མི་གང་པོའི་མདུན་ལ་འཁྱོང་དགོས་མཁན། དེ་ནས་རང་གི་སྤུན་ལ་དམོད་མོ་རྒྱབ་མཁན་དེ་ལ་ནི་ད་རུང་དམྱལ་བའི་མེ་ལ་ཆུད་མཁན་གྱི་འཇིགས་པ་ཡོད་པ། 23 འོ་སོང་བས་ཁྱོད་ཀྱིས་མཆོད་ཁྲིའི་མདུན་ལ་ཨལ་ལོ་ཧིམ་ལ་མཆོད་པ་འབུལ་མཁན་གྱི་དུས་ཚོད་ལ་ནི་སྤུན་ཞིག་དང་ཁྱེད་ཀྱི་དཀྱིལ་ལ་མི་མཐུན་པ་ཞིག་ཡོད་སྨྲས་ཏེ་ཁྱོད་ཀྱིས་དྲན་པ་གསོ་ན་ 24 མཆོད་པ་དེ་ལ་འོ་ལ་རང་དབྱུགས་བཞག་སྟེ་ལམ་སང་སྤུན་མཉམ་པོ་མཐུན་སོང་། དེ་ནས་འོའི་རྗེས་ལ་ཨལ་ལོ་ཧིམ་ལ་མཆོད་པ་འབུལ་དོང་།།
25 ཁྲིམས་ས་ལ་མ་སླེབས་པའི་སྔོན་ལ་(ཁྲིམས་ས་ལ་སླེབ་མཁན་སྨྲས་ཏེ་གདོང་ལ་)ཁྱོད་ལ་བུ་ལོན་སྟེར་མཁན་གྱི་མི་མཉམ་པོ་ལམ་ལ་མཐུན་དོང་། མིན་ན་ཁོས་ཀྱིས་ཁྱོད་ལ་ཁྲིམས་ས་ལ་བཀུག་ཁྱེར་ཏེ་ཁ་མཆུ་རྩོད་མཁན། དེ་ནས་ཁྲིམས་ལྟ་མཁན་གྱི་མིས་ཁྱོད་ལ་དམག་མི་ལ་རྩིས་བརྒྱབ་སྟེ་(སྤྲད་དེ་ ། གཏད་དེ་)བཙོན་ཁང་ལ་བླུག་འཇུག་མཁན། 26 ངས་ཀྱིས་ཁྱེད་ལ་བདེན་པར་སྨྲ་མཁན། ཁྱོད་ཀྱིས་འཇལ་དགོས་མཁན་གྱི་ཊང་ཀ་གང་པོ་མ་བཅལ་ཐུག་(མ་བཅལ་བར་ཐུག་ ། མ་བཅལ་ཐུག་ལ་)ཁྱོད་འོ་ལས་འཐོན་མྱོང་ཅེས་མེད། སྨྲས་ཏེ། ཡེ་ཤུས།།
བག་མའི་སྐོར་ལ།
27 ༼དེ་ནས་གཉིས་པར་ཡེ་ཤུས།༽ བྱི་བྱེད་ཅེས་(ལོག་གཡེམ་བྱེད་ཅེས་)མི་འོང་མཁན། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ནི་ཁྱེད་ཀྱིས་ཐོས་ཡོད། 28 ཡིན་ནས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། གང་དྲས་ཀྱང་སུ་ཞིག་བུད་མེད་ཡ་ལ་སེམས་བཙོག་པས་ལྟ་མཁན། ཁོས་ཀྱིས་གདོང་ལ་རང་རང་གི་སེམས་ལ་འོ་བུད་མེད་མཉམ་པོ་བྱི་བྱེད་ཟིན་པ་འོང་མཁན། 29 གལ་སྲིད་ཁྱོད་ཀྱི་མིག་གཡས་པས་ཁྱོད་ལ་ངོ་ལོག་བྱེད་འཇུག་ན་འོ་མིག་བཏོན་ཏེ་དབྱུག་གཏོང་། (བཏོན་ཏེ་དབྱུག་དོང་།) ༼གཏམ་དཔེ་༡༽ གཟུགས་པོ་གང་པོ་དམྱལ་བ་ལ་ཆུད་མཁན་ལས་ནི་(ཆུད་མཁན་སྨྲས་ཏེ་ནི་)མིག་གཅིག་མེད་པ་རང་ཡག་པོ། 30 འོ་ཅོག་འདྲ། ཁྱོད་རང་གི་ལག་པ་གཡས་པས་རང་ལ་ངོ་ལོག་བྱེད་འཇུག་ན་འོ་ལག་པ་གཏུབས་ཏེ་དབྱུག་གཏོང་། (གཏུབས་ཏེ་དབྱུག་དོང་།) ༼གཏམ་དཔེ་༡༽ གཟུགས་པོ་གང་པོ་དམྱལ་བ་ལ་ཆུད་མཁན་ལས་ནི་(ཆུད་མཁན་སྨྲས་ཏེ་ནི་)ལག་པ་གཅིག་མེད་པ་རང་ཡག་པོ།།
31 འདི་ཅོག་འདྲ་ཡང་སྨྲས་ཡོད། གང་དྲས་རང་གི་ཆུང་མ་ལ་ཁ་འཕྲལ་མཁན། ཁོས་ཀྱིས་མོ་ལ་ཁ་འཕྲལ་མཁན་གྱི་ཡི་གེ་བྲིས་ཏེ་སྟེར་འཇུག 32 ཡིན་ནས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། བྱི་མོ་བྱས་པ་མིན་ན་ཁ་འཕྲལ་ཅེས་མི་འོང་མཁན། (བྱི་མོ་བྱས་པའི་དོན་ལས་གཞན། ཁ་འཕྲལ་ཅེས་མི་འོང་མཁན།) ཁྱོ་གས་རང་གི་ཆུང་མ་ལ་འོ་འདྲ་དབྱུག་ན། ཁོས་ཀྱིས་མོ་ལ་བྱི་མོ་བྱེད་བཅུག་མཁན། དེ་ནས་མིས་དབྱུགས་པའི་བུད་མེད་མཉམ་པོ་བག་མ་གཏོང་མཁན་དེ་གིས་ཀྱང་བྱི་པོ་བྱས་པ་འོང་མཁན། སྨྲས་ཏེ། ཡེ་ཤུས།།
མནའ་སྐྱེལ་མཁན་གྱི་སྐོར་ལ།
33 ༼དེ་ནས་གཉིས་པར་ཡེ་ཤུས།༽ དང་པོའི་མི་ཡ་ལ། རྫུན་བརྒྱབ་སྟེ་མནའ་མ་སྐྱེལ། དེ་ནས་ཡ་ཝྰེ་མཉམ་པོ་བཞག་པའི་དམ་བཅའ་སྒྲུབ་ཏོང་། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ནི་ཁྱེད་ཀྱིས་ཐོས་ཡོད། 34 ཡིན་ནས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། ཁྱེད་ཀྱིས་ཅིའི་ཆེད་ཀྱང་མནའ་མ་སྐྱེལ། (ཁྱེད་ཀྱིས་མནའ་ཅི་ཡང་མ་སྐྱེལ།) ནམ་མཁའི་མིང་ལ་མནའ་མ་སྐྱེལ། འདི་ནི་ཨལ་ལོ་ཧིམ་གྱི་གསེར་ཁྲི་ཡིན་པ། 35 འཛམ་བུ་གླིང་གི་མིང་བཏོན་ཏེ་ཡང་མནའ་མ་སྐྱེལ། འདི་ནི་ཨལ་ལོ་ཧིམ་གྱི་རྐང་པ་འཛུགས་མཁན་གྱི་ས་ཆ་ཡིན་པ། ཡེ་རུ་སྰ་ལེམ་སྨྲ་མཁན་གྱི་རྒྱལ་སའི་མིང་བཏོན་ཏེ་ཡང་མནའ་མ་སྐྱེལ། འདི་ནི་དབང་ཆ་ཆེན་མོ་གོན་མཁན་གྱི་རྒྱལ་པོའི་རྒྱལ་ས་ཡིན་པ། 36 དེ་ནས་རང་གི་མགོ་བཟུང་སྟེ་ཡང་མནའ་མ་སྐྱེལ། ཅི་ལས་སྨྲ་ན་ཁྱེད་ཀྱིས་རང་གི་མགོའི་སྐྲའི་རྐྱང་པ་ཅི་ཡང་ན་དཀར་པོ་འགྲོ་འཇུག་ཁུག་མཁན། ན་ནག་པོ་འགྲོ་འཇུག་ཁུག་མཁན། (ཅི་ལས་སྨྲ་ན་ཁྱེད་ཀྱིས་རང་གི་མགོའི་སྐྲའི་རྐྱང་པ་ཅི་ཡང་། ཡོད་ན་དཀར་པོ་བཟོ་ཁུག་ཅེས་ཡོད་ན་ནག་པོ་བཟོ་ཁུག་ཅེས།) 37 འོ་སོང་བས་སྐད་ཆ་སྨྲ་དགོས་མཁན་གྱི་དུས་ཚོད་ལ་ནི་ཡིན་པ་སྨྲ་ན་ཡིན་པ། མིན་པ་སྨྲ་ན་མིན་པ་སྨྲ་དོང་། འདི་ལས་ལྷག་པ་སྨྲ་མཁན་གྱི་སྐད་ཆ་ནི་ངན་པ་ལས་འོང་བ་ཡིན་པ། སྨྲས་ཏེ། ཡེ་ཤུས།།
སྐྱིན་པ་འཇལ་མཁན་གྱི་སྐོར་ལ།
38 ༼དེ་ནས་གཉིས་པར་ཡེ་ཤུས།༽ མིག་གཅར་མཁན་གྱི་སྐྱིན་པ་མིག་རང་གཅར་མཁན། སོ་གཅོག་མཁན་གྱི་སྐྱིན་པ་སོ་རང་གཅོག་མཁན། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ནི་ཁྱེད་ཀྱིས་ཐོས་ཡོད། 39 ཡིན་ནས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། ཁྱེད་ཀྱིས་སུ་ལ་ཡང་སྐྱིན་པ་འཇལ་ཅེས་མ་འཚོལ། མིས་ཁྱོད་ཀྱི་གཡས་པའི་འགྲམ་པ་ལ་རྒྱབ་ན་གཡོན་མའི་འགྲམ་པ་ཡང་འཛེད་ཏོང་། 40 གལ་སྲིད་སུ་ཞིག་གིས་ཁྲིམས་ལ་བསྐྱལ་ཏེ་ཁྱོད་ཀྱི་གོས་འཁྱེར་ཅེས་འཚོལ་ཟིན་ན་ཁོ་ལ་ཁྱོད་ཀྱི་ལྷག་གོས་ཀྱང་སྟེར། 41 གལ་སྲིད་སུ་ཞིག་གིས་ཁྱོད་ལ་གནས་ས་ཕྱེད་འགྲུལ་ལ་ཡང་སྨྲས་ཏེ་ཨུ་ཚུགས་བྱེད་ཟིན་ན་ཁོ་མཉམ་པོ་གནས་ས་གཅིག་འགྲུལ་སྟེར། 42 དེ་ནས་ཁྱོད་མཉམ་པོ་སློང་མཁན་ཡ་ལ་སྟེར། ཁྱོད་མཉམ་པོ་བུ་ལོན་སློང་མཁན་དེ་ལ་བུ་ལོན་སྟེར། སྨྲས་ཏེ། ཡེ་ཤུས།།
དགྲ་ལ་བྱམས་པ་བྱེད་མཁན་གྱི་སྐོར་ལ།
43 ༼དེ་ནས་གཉིས་པར་ཡེ་ཤུས།༽ རང་མཉམ་པོ་མཐུན་མཁན་གྱི་མི་ཡ་ལ་སྙིང་བརྩེ་བྱེད་ཏོང་། རང་གི་དགྲ་ལ་རྔན་ཆེན་བྱེད་ཏོང་། སྨྲས་ཏེ་སྨྲ་འོ་ཡོད་མཁན། འདི་བཀའ་ནི་ཁྱེད་ཀྱིས་ཐོས་ཡོད། 44 ཡིན་ནས་ངས་ཀྱིས་ཁྱེད་ལ་སྨྲ་མཁན། དགྲ་ཡ་ལ་ཡང་སྙིང་བརྩེ་བྱེད་ཏོང་། རང་ལ་དམོད་མོ་རྒྱབ་མཁན་ཡ་ལ་བྱིན་གྱིས་རློབ་ཏོང་། རང་ལ་རྔན་ཆེན་བྱེད་མཁན་ཡ་ལ་ཡག་པོ་བྱེད་ཏོང་། རང་ལ་སྡུག་པོ་སྟེར་མཁན་ཡ་གི་ཆེད་དུ་(དོན་དུ་)ཨལ་ལོ་ཧིམ་ལ་གསོལ་བ་འདེབས་ཏོང་། 45 འོ་འདྲ་བྱེད་ན་ཁྱེད་ནི་ནམ་མཁའ་ལ་སྡོད་མཁན་གྱི་ཨ་ཕའི་བུ་བུ་མོ་འོང་ཅེས་ཡོད། ཅི་ལས་སྨྲ་ན་ཨལ་ལོ་ཧིམ་གྱིས་མི་བཙོག་པ་དང་མི་ཡག་པོ་གཉིས་ཀ་ལ་རང་ཉི་མ་འཆར་འཇུག་མཁན་ཡིན་པ། མི་དྲང་པོ་དང་མི་དྲང་པོ་མིན་པ་གཉིས་ཀ་རང་གི་ཆེད་དུ་(དོན་དུ་)ཆར་པ་རྒྱབ་འཇུག་མཁན་ཡོད་པ། 46 རང་ལ་སྙིང་བརྩེ་བྱེད་མཁན་གྱི་མི་གཅིག་ལ་རང་སྙིང་བརྩེ་བྱེད་ན་ཁྱེད་ལ་རྔན་པ་ཅི་འབྱོར་མཁན། འདི་ཅོག་འདྲ་ནི་ཁོག་པ་ནག་པོ་ཡ་གིས་ཀྱང་བྱེད་མཁན། 47 རང་གི་སྤུན་ཡ་གཅིག་ལ་ཡག་པོ་བྱེད་ན་ཁྱེད་ཀྱིས་ཅི་ཆེན་མོའི་ལས་ཀ་བྱས་པ། འདི་ཅོག་འདྲ་ནི་ཨལ་ལོ་ཧིམ་ལ་ངོ་མི་ཤེས་མཁན་གྱི་མི་ཡ་གིས་ཀྱང་བྱེད་མཁན། 48 འོ་སོང་བས་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕ་ནི་ཅི་ཡང་སྐྱོན་མེད་པ་བྱས་ཏེ་སྡོད་མཁན་ཅོག་འདྲ་རང་ཁྱེད་ཀྱང་འོ་ཅོག་འདྲ་རང་བྱས་ཏེ་སྡོད་དགོས་མཁན། སྨྲས་ཏེ། ཡེ་ཤུས།། །།