ངལ་གསོ་མཁན་གྱི་ཉི་མའི་དོན་དག་ལ།
༡ འོ་ཙམ་གང་ལ་ཡེ་ཤུ་ངལ་གསོ་མཁན་གྱི་ཉི་མ་གཅིག་རང་གི་ཉེ་གནས་ཡ་མཉམ་པོ་ནས་ཞིང་ལས་ཀྱིས་བྱས་ཏེ་འགྲོ་ཟིན། དེ་ནས་ཉེ་གནས་ཡ་ལྟོགས་པ་སོང་བས་ནས་སྲུས་བསྒྲུགས་ཏེ་ཕུར་ཏེ་ཟ་ཟིན། ༢ འདི་མཐོང་སྟེ་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་རེ་འགའས། ལྟ་དོང་། རང་གི་ཉེ་གནས་ཡ་གིས་ནི་བཀའ་ཁྲིམས་ལ་བལྟས་ཏེ་ངལ་གསོ་མཁན་གྱི་ཉི་མ་ལ་བྱེད་ཅེས་མི་འོང་མཁན་གྱི་ལས་ཀ་ཡང་བྱེད་ཀོ་ནུ། སྨྲས་ཏེ་སྨྲ་ཟིན། (སྨྲས་ཏེ།)
༣ དེ་ནས་ཡེ་ཤུས་སྨྲ་ཟིན། རྒྱལ་པོ་ད་བིད་དང་ཁོའི་རོགས་ཡ་ལྟོགས་མཁན་གྱི་དུས་ཚོད་ལ་ད་བིད་ཀྱིས་ཅི་བྱས་པ། ཁྱེད་ཀྱིས་ཡ་ཧུ་དྰ་པའི་གསུང་རབ་ལ་མ་བསྒྲགས་པས། (མ་བཀླགས་པས།) ༤ ཁོས་ཨལ་ལོ་ཧིམ་གྱི་ཕོ་བྲང་གི་ནང་ལ་ཞུགས་ཏེ་ཨལ་ལོ་ཧིམ་ལ་བསྟེར་བའི་འཁུར་བ་ཡ་བླངས་ཏེ་རོགས་ཡ་མཉམ་པོ་བགོས་ཏེ་ཟ་ཟིན། དེ་ནས་བཀའ་ཁྲིམས་ལ་ལྟ་འགྲོ་ན་ནི་མཆོད་པ་འབུལ་མཁན་གྱི་ལེ་ཝིས་༼མཆོད་དཔོན་གྱིས་༽མིན་པ་སུ་གཞན་པས་ཀྱང་འོ་འཁུར་བ་ཟ་ཅེས་མི་འོང་མཁན། ༥ གཉིས་པར། མཆོད་པ་འབུལ་མཁན་གྱི་ལེ་ཝི་ཡ་གིས་༼མཆོད་དཔོན་ཡ་གིས་༽ངལ་གསོ་མཁན་གྱི་ཉི་མ་ལ་ཡ་ཧུ་དྰ་པའི་མཆོད་ཁང་ལ་ཞབས་ཕྱི་ཞུ་ན་ཡང་ཁོང་གིས་ཅི་ཡང་འཛོལ་བ་མིན་པ་སྨྲས་ཏེ་བཀའ་ཁྲིམས་ལ་བྲིས་པའི་སྐད་ཆ་ཁྱེད་ཀྱིས་མ་བསྒྲགས་པས། (གཉིས་པར་ཅི་ཁྱེད་ཀྱིས་བཀའ་ཁྲིམས་ལ་མ་བསྒྲགས་པ། ངལ་གསོ་མཁན་གྱི་ཉི་མ་ལ་ཡང་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཡ་གིས་༼མཆོད་དཔོན་ཡ་གིས་༽མཆོད་ཁང་ལ་ཉི་མ་གྲངས་མ་(ཉི་མ་རེ་རེ་)ལས་ཀ་བྱེད་མཁན། ཡིན་ནས་ཁྲིམས་ལ་བགོམས་པ་དེ་ཁོང་ལ་ཅི་ཡང་ཉེས་པ་མི་ཕོགས་མཁན།) ༦ ངས་ཁྱེད་ལ་སྨྲ་མཁན། མཆོད་ཁང་སྨྲས་ཏེ་ཡང་འདི་ལ་རྩིས་ཆེན་པོའི་སྐད་ཆ་གཅིག་ཡོད་པ། (མཆོད་ཁང་ལས་ཀྱང་རྩིས་ཆེན་པོ་འདི་ལ་མི་སྣ་གཅིག་ཡོད་པ།) ༧ ཤ། ཁྲག་དང་རུས་པ་ང་ལ་མི་དགོས། ཁྱེད་ཀྱིས་མི་ལ་སྙིང་རྗེ་བྱས་པ་དེ་ངས་མཐོང་མྱོང་དགོས་མཁན། སྨྲས་ཏེ་ཨལ་ལོ་ཧིམ་གྱིས་སྨྲས་པའི་སྐད་ཆ་ཧ་གོ་བ་ཡིན་ན་ནི་ཁྱེད་ཀྱིས་ཉེས་པ་འཇིག་པ་མེད་པའི་མི་ལ་སྐྱོན་འགེལ་ཅེས་མེད་པ་ཡོད་མཁན། ༨ མིའི་བུ་ནི་ངལ་གསོ་མཁན་གྱི་ཉི་མ་དེ་ཡང་བདག་པོ་ཡིན་པ། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།
ངལ་གསོ་མཁན་གྱི་ཉི་མ་ལ་ལག་པ་བསྐམས་པའི་མི་ལ་དྲག་བཅུག་པ།
༩ དེ་ནས་ཡེ་ཤུ་ཡ་ཧུ་དྰ་པའི་ཚོགས་ཁང་ལ་འགྲོ་ཟིན། ༡༠ འོ་ལ་ལག་པ་གཅིག་བསྐམས་པའི་མི་གཅིག་ཡོད་མཁན་ནུ་བ། དེ་ནས་ཕ་རི་སི་རེ་འགའས་ཡེ་ཤུ་ལ་ཉེས་པ་འགེལ་ཅེས་སྨྲས་ཏེ་བསམ་བློ་གཏོང་ཟིན། དེ་ནས་ཁོང་གིས་ཡེ་ཤུ་ལ་འདྲི་ཟིན། ངལ་གསོ་མཁན་གྱི་ཉི་མ་ལ་མི་ལ་དྲག་འཇུག་ཅེས་འོང་མཁན་ནི་མི་འོང་མཁན། ༡༡ ཡེ་ཤུས་སྨྲ་ཟིན། ངལ་གསོ་མཁན་གྱི་ཉི་མ་ལ་ཁྱེད་དེ་ལུག་གཅིག་ཧབ་ཏྲ་ཧོབ་ཏྲའི་ནང་ལ་(ཁུང་དོང་ལ་)ཆུད་ན་ཁྱེད་ཀྱིས་མི་འདོན་མཁན་ནམ། ༡༢ ཨལ་ལོ་ཧིམ་གྱི་མདུན་ལ་ནི་ལུག་སྨྲས་ཏེ་མི་ག་ཚོད་ཆེན་པོ་ཡིན་པ། (ལུག་ལས་མི་ག་ཚོད་ཆེ་བ་ཡིན་པ།) འོ་སོང་བས་ངལ་གསོ་མཁན་གྱི་ཉི་མ་ལ་ནད་པ་ལ་དྲག་འཇུག་ཅེས་འོང་མཁན། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན། ༡༣ དེ་ནས་འོ་ལག་པ་བསྐམས་པའི་མི་ལ། ཁྱོད་ཀྱི་ལག་པ་རྐྱོང་དོང་། སྨྲས་ཏེ་སྨྲ་ཟིན། དེ་ནས་འོ་མིས་ལག་པ་བརྐྱང་སྟེ་འགབ་ལས་ལག་པ་དྲག་སྟེ་ལག་པ་གཞན་པ་ཅོག་འདྲ་ཡག་པོ་འགྲོ་ཟིན། ༡༤ ཡ་ཧུ་དྰ་པའི་ཚོགས་ཁང་ལས་ཐོན་ཏེ་འགབ་ལས་ཕ་རི་སི་ཡ་གིས། ཡེ་ཤུ་ལ་ག་འདྲ་བྱས་ཏེ་གསོད་ཅེས་སྨྲས་ཏེ་གྲོས་རྒྱབ་ཟིན།།
ཨལ་ལོ་ཧིམ་གྱིས་འདམས་པའི་ཉེ་གནས་ཀྱི་དོན་དག་ལ།
༡༥ ཕ་རི་སི་ཡ་གིས་གྲོས་བརྒྱབ་པའི་སྐད་ཆ་རྒྱུས་ཡོད་མཁན་སོང་བས་ཡེ་ཤུ་འོ་ས་ཆ་ལས་འགྲོ་ཟིན། དེ་ནས་མི་མང་པོ་ཡེ་ཤུའི་རྗེས་བསྙེགས་ཏེ་འོང་ཟིན། ཡེ་ཤུས་ཁོང་གི་ནང་ལ་ཡོད་མཁན་གྱི་ནད་པ་གང་པོ་ལ་དྲག་འཇུག་ཟིན། ༡༦ དེ་ནས་མི་ཡ་ལ། ང་སུ་ཡིན་པ་སྨྲས་ཏེ་སུ་ལ་ཡང་མ་ཤོད། སྨྲས་ཏེ་བཀའ་གནང་ཟིན། ༡༧ འདི་ཅོག་འདྲ་བྱས་ཏེ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཨི་སི་ཡས་སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ། (དོན་དག་འགྲུབ་ཟིན།)
༡༨ ལྟ་དོང་། ངས་འདམས་པ་ང་ལ་ཞབས་ཕྱི་ཞུ་མཁན་གྱི་མི་ཁོ་རང་ཡིན་པ།།
ཁོ་ལ་ངས་བྱམས་པ་བྱེད་མཁན།།
ཁོ་ལ་མཐོང་སྟེ་ང་ལ་འཇིགས་པོར་དགེ་བ་ལང་མཁན།།
ཁོ་ལ་ང་རང་གི་རྣམ་པར་དག་པའི་ཐུགས་སྟེར་མཁན།།
དེ་ནས་ཁོས་བརྒྱུད་པ་གང་པོ་རང་གི་མི་ཡ་ལ་ཁྲིམས་དྲང་པོའི་དོན་དག་ལ་སྒྲ་གསལ་ཅེས་ཡོད།།
༡༩ ཁོས་སུ་མཉམ་པོ་ཡང་འཛིང་ཅེས་མེད། སྐད་ཆེན་པོ་ཡང་འདོན་ཅེས་མེད།།
ཁོའི་སྐད་ལམ་ཡ་ལ་སུ་ཞིག་གིས་ཀྱང་ཐོས་ཅེས་མེད།།
༢༠ སྙུག་མ་གུག་གུག་ཅོག་འདྲ་ཡོད་མཁན་གྱི་མི་ལ་ཁོས་གཅོད་ཅེས་མེད།།
དུ་བ་འཐུལ་བའི་སྡོང་རས་ཅོག་འདྲ་ཡོད་མཁན་གྱི་མི་ལ་ཁོས་གསོད་ཅེས་མེད།།
འོ་ཅོག་འདྲའི་ལས་ཀ་ཡ་བྱེད་བྱེད་པ་གང་ལ་ཁོས་ཁྲིམས་དྲང་པོ་ལ་བསྟན་པ་བདར་འཇུག་ཅེས་ཡོད།། (ཁོས་ཁྲིམས་ལ་བསྟན་པ་འདར་འཇུག་ཅེས་ཡོད།།)
༢༡ བརྒྱུད་པ་བརྒྱུད་པའི་མི་ཡ་གིས་རང་གི་རེ་བ་ཁོའི་མིང་ལ་འཇོག་ཅེས་ཡོད།།
སྨྲས་ཏེ་ཨི་སི་ཡས་སྨྲས་བཞག་པའི་སྐད་ཆ་དོན་དག་འགྲུབ་འོངས་པ་ཡིན་པ།། (དོན་དག་འགྲུབ་ཟིན།།)
བདུད་ཀྱི་དབང་གིས་བྱས་ཏེ་འདྲེ་ཡ་ལ་འདོན་མཁན་སྨྲས་ཏེ་ཡེ་ཤུ་ལ་ཉེས་པ་བཀལ་བ།
༢༢ དེ་ནས་མི་ཡ་གིས་འདྲེ་བཅུག་པའི་མི་གཅིག་ཡེ་ཤུའི་རྩར་ལ་འཁྱོང་ཟིན། ཁོས་མིག་མི་མཐོང་མཁན་དང་སྐད་ཆ་ཡང་སྨྲ་མི་ཁུག་མཁན། ཡེ་ཤུས་ཁོ་ལ་དྲག་བཅུག་སྟེ་འགབ་ལས་ཁོས་མིག་མཐོང་མཁན་དང་སྐད་ཆ་སྨྲ་ཁུག་མཁན་འགྲོ་ཟིན། ༢༣ མི་གང་པོ་ཧ་ལས་ཏེ་སྨྲ་ཟིན། ཨལ་ལོ་ཧིམ་གྱིས་གཏོང་མཁན་སྨྲས་ཏེ་དོ་དམ་བཞག་པའི་ད་བིད་བརྒྱུད་པའི་སྲས་པོ་འདི་རང་ཡིན་ནམ། སྨྲས་ཏེ་སྨྲ་ཟིན། ༢༤ མི་ཡ་གིས་སྨྲ་མཁན་གྱི་སྐད་ཆ་ཐོས་ཏེ་ཕ་རི་སི་ཡ་གིས་སྨྲ་ཟིན། འདི་མིས་ནི་འདྲེ་འགོ་ཆེ་བ་བ་འལ་ཟེ་བུལ་གྱི་དབང་གིས་བྱས་ཏེ་འདྲེ་ཡ་ལ་འདོན་གོ་ནུ། སྨྲས་ཏེ་སྨྲ་ཟིན། ༢༥ ཡེ་ཤུས་ཁོང་གི་བསམ་བློ་ཡ་ངོ་ཤེས་ཏེ་སྨྲ་ཟིན། རྒྱལ་ཁམས་གཅིག་གི་མི་ཡ་གིས་ཁོང་གི་ནང་ལ་དམག་རྒྱབ་ན་འོ་རྒྱལ་ཁམས་རྫོགས་མཁན། རྒྱལ་ས་གཅིག་གི་མི་ཡ་གིས་ཁོང་གི་ནང་ལ་གསོད་གསོད་གཏུབ་གཏུབ་རྩོད་ན་ཡང་འོ་རྒྱལ་ས་རྦད་འཐོར་ཁ་འཐོར་འགྲོ་མཁན། ཁང་པ་གཅིག་གི་མེ་མེ་ཡ་ཁོང་གི་ནང་ལ་འཛིང་སྟེ་སྡོད་ན་ཡང་འོ་ཁང་པ་ནོངས་ཏེ་འགྲོ་མཁན། ༢༦ ད་ས་ཏན་དང་ཁོའི་ཉེ་གནས་ཡ་རང་གི་ནང་ལ་གཅིག་གིས་གཅིག་ལ་བསྙེགས་ཏེ་གཏོང་ན་ནི་ས་ཏན་གྱི་རྒྱལ་ཁམས་ཐར་ཁུག་མཁན་ནམ། ༢༧ ཁྱེད་ཀྱིས་ང་ལ་འདྲེ་འགོ་ཆེ་བ་བ་འལ་ཟེ་བུལ་གྱི་དབང་འཐོགས་ཏེ་(བ་འལ་ཟེ་བུལ་གྱི་དབང་གིས་བྱས་ཏེ་)འདྲེ་ཡ་ལ་འདོན་གོ་ནུ་སྨྲས་ཏེ་སྨྲ་མཁན། འོ་འདྲ་ཡིན་ན་ཁྱེད་རང་གི་མི་ཡ་གིས་སུའི་དབང་འཐོགས་ཏེ་(སུའི་དབང་གིས་བྱས་ཏེ་)འདྲེ་ཡ་ལ་འདོན་མཁན་ནམ། ༼བ་འལ་ཟེ་བུལ་གྱི་དབང་གིས་བྱས་ཏེ་འདོན་མཁན་ཡིན་ནམ། མིན་པ། ཨལ་ལོ་ཧིམ་གྱི་དབང་གིས་བྱས་ཏེ་འདོན་མཁན།༽ འོ་སོང་བས་ཁྱེད་རང་གི་མི་ཡ་གིས་ཁྱེད་ལ་ཉེས་པ་འགེལ་ཅེས་ཡོད། ༢༨ མིན་པ། ངས་ཨལ་ལོ་ཧིམ་གྱི་རྣམ་པར་དག་པའི་ཐུགས་ཀྱི་དབང་གིས་བྱས་ཏེ་འདྲེ་ཡ་ལ་འདོན་མཁན། དེ་ནས་འདི་ལས་ཀ་ཡ་གིས་བྱས་ཏེ་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་བར་དཀྱིལ་ལ་རང་གི་རྒྱལ་པོ་བྱེད་མཁན་གྱི་ལས་ཀ་འགོ་འཛུགས་ཟིན་ཟིན་ནུ་སྨྲ་མཁན་དེ་ཁྱེད་ཀྱིས་ཧ་གོ་དོང་། (དེ་ནས་འདི་ལས་ཀ་ཡ་གིས་བྱས་ཏེ་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་ཀྱི་བར་དཀྱིལ་ལ་སླེབ་ཟིན་ཟིན་ནུ་སྨྲ་མཁན་དེ་ཁྱེད་ཀྱིས་ཧ་གོ་དོང་།) ༢༩ གཉིས་པར་དཔེ་ཡིན་ན། ཤུགས་ཆེན་པོ་ཡོད་མཁན་གྱི་མི་ལ་མ་བསྡམས་ཐུག་ཁོའི་ཁང་པའི་ནང་ལ་ཞུགས་ཏེ་ཁོའི་བྱད་ལག་ག་འདྲ་བྱས་ཏེ་འཁྱེར་ཁུག་ཅེས། ཁོ་ལ་བསྡམས་ཏེ་འགབ་ལས་ནི་འཁྱེར་ཁུག་མཁན་ཨ་ལེ།།
༣༠ ང་མཉམ་པོ་ཕྱོགས་མི་བྱེད་མཁན་དེ་གིས་ང་ལ་དགྲ་བྱེད་མཁན། ང་མཉམ་པོ་སྡུད་རོགས་མི་བྱེད་མཁན་དེ་གིས་ནི་ཡོད་མཁན་དེ་ཡང་འཕྲོ་འཇུག་མཁན། ༣༡ འོ་སོང་བས་ངས་ཁྱེད་ལ་སྨྲ་མཁན། མི་ཡ་གིས་བྱེད་མཁན་གྱི་ངོ་ལོག་ཅི་ཡོད་ན་ཡང་འདག་ཁུག་མཁན། ཨལ་ལོ་ཧིམ་ལ་སྐུར་པ་བཏབ་པ་དེ་ཡང་འདག་ཁུག་མཁན། ཡིན་ནས་རྣམ་པར་དག་པའི་ཐུགས་ལ་དགྲ་བྱས་ཏེ་སྐུར་པ་བཏབ་པ་དེ་ནི་འདག་ཁུག་ཅེས་མེད། ༣༢ མིའི་བུ་ལ་ཚིག་ངན་སྨྲས་པའི་མི་ལ་ཡང་གློད་གཏོང་ཁུག་མཁན། ཡིན་ནས་རྣམ་པར་དག་པའི་ཐུགས་ལ་དགྲ་བྱས་ཏེ་ཚིག་ངན་སྨྲ་མཁན་གྱི་མི་ལ་ནི་ན་འདི་དུས་རབས་ལ་ན་མ་འོངས་པའི་དུས་རབས་ལ་(འདི་དུས་རབས་དང་འོང་མཁན་གྱི་དུས་རབས་ལ་ཡང་)ནམ་ཡང་གློད་གཏོང་ཅེས་མེད། སྨྲས་ཏེ་ཡ་ཤུས་སྨྲ་ཟིན།། ༼ཅི་ལས་སྨྲ་ན། རྣམ་པར་དག་པའི་ཐུགས་ལ་དགྲ་བྱེད་མཁན་གྱི་མིས་ནི་བཤགས་པ་མི་བྱེད། འོ་སོང་བས་ཁོའི་ངོ་ལོག་འདག་ཁུག་ཅེས་མེད།༽
འོངས་པ་ཡ་བལྟས་ཏེ་སྡོང་པོ་ཧ་གོ་མཁན།
༣༣ དེ་ནས་གཉིས་པར་(ཡོད་པར་)ཡེ་ཤུས་སྨྲ་ཟིན། རྩ་བ་ཡག་པོའི་སྡོང་པོ་ལས་ཤིང་ཐོག་ཡག་པོ་འོང་ཅེས་ཡོད། རྩ་བ་བཙོག་པའི་སྡོང་པོ་ལས་ཕན་མི་ཐོགས་མཁན་གྱི་ཤིང་ཐོག་འོང་ཅེས་ཡོད། ཤིང་ཐོག་ལ་བལྟས་ཏེ་སྡོང་པོ་ག་འདྲ་ཡོད་པ་སྨྲས་ཏེ་འོ་རང་གིས་ངོ་ཤེས་ཁུག་མཁན། ༣༤ ཨེ་ཁོག་པ་ནག་པོའི་བརྒྱུད་པ་ཡ། ཁྱེད་བཙོག་པ་ཡོད་དེ་འགབ་ལས་སྐད་ཆ་ཡག་པོ་ག་འདྲ་བྱས་ཏེ་སྨྲ་ཁུག་ཅེས། མིའི་སེམས་ལ་གང་དྲའི་སྐད་ཆ་མང་འགྲོ་མང་འགྲོ་འགྲོ་མཁན། འོ་དེ་རང་ཁ་ལས་འཐོན་མཁན། ༣༥ མི་ཡག་པོས་རང་གི་སེམས་ལ་ཡོད་མཁན་གྱི་སྐད་ཆ་ཡག་པོ་འདོན་མཁན། མི་བཙོག་པས་ནི་རང་གི་སེམས་ལ་ཡོད་མཁན་གྱི་སྐད་ཆ་བཙོག་པ་འདོན་མཁན། ༣༦ ངས་ཁྱེད་ལ་སྨྲ་མཁན། ཁྲིམས་གཏོང་མཁན་གྱི་ཉི་མ་ལ་མི་ཡ་གིས་སྨྲས་པའི་ཕན་མི་ཐོགས་མཁན་གྱི་སྐད་ཆ་རེ་རེ་བྱས་ཏེ་ཨལ་ལོ་ཧིམ་གྱི་མདུན་ལ་སྨྲ་དགོས་ཅེས་ཡོད། ༣༧ ཁྱེད་ཀྱིས་སྨྲས་པའི་སྐད་ཆ་ལ་བལྟས་ཏེ་ཨལ་ལོ་ཧིམ་གྱིས་ཁྱེད་དག་པ་དང་མ་དག་པ་ངོ་ཤེས་ཅེས་ཡོད། དེ་ནས་དག་པ་ལ་གློད་གཏོང་ཅེས་ཡོད། མ་དག་པ་དེ་ལ་ཉེས་པ་འགེལ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།
ཡེ་ཤུ་ལ་ནུས་པ་སྟོན་དོང་སྨྲས་ཏེ་སྨྲས་པ།
༣༨ དེ་ནས་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་རེ་འགའ་ཡེ་ཤུའི་རྩར་ལ་འོངས་ཏེ་སྨྲ་ཟིན། དགེ་རྒན། ཁྱོད་ཨལ་ལོ་ཧིམ་གྱིས་བཏང་བའི་མི་ཡིན་ན་ངེད་ལ་ནུས་པ་སྟོན་དོང་། སྨྲས་ཏེ་སྨྲ་ཟིན། ༣༩ ཡེ་ཤུས་སྨྲ་ཟིན། མདང་དེ་རིང་གི་མི་ཡ་ག་ཚོད་ངན་པ་འོ་ལས་བྱི་བོ་ནུ། ཁོང་ནུས་པ་ལ་ལྟ་ཅེས་འཚོལ་མཁན། ༼ཡིན་ནས་ཨལ་ལོ་ཧིམ་གྱི་བཀའ་ལ་ཉན་ཅེས་མི་འཚོལ་མཁན།༽ ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡོ་ནྰའི་ནུས་པ་མིན་པ། ནུས་པ་གཞན་པ་ནི་ཁོང་གིས་མཐོང་མྱོང་ཅེས་མེད། ༤༠ ཡོ་ནྰ་ཉི་མ་གསུམ་དང་དགོང་མོ་གསུམ་ཐུག་ཉ་ཆེན་པོ་ཞིག་གི་གྲོད་པའི་ནང་ལ་སྡོད་མཁན་ཅོག་འདྲ་མིའི་བུ་ཡང་ཉི་མ་གསུམ་དང་དགོང་མོ་གསུམ་ཐུག་ས་གཞིའི་གཏིང་ལ་སྡོད་དགོས་ཅེས་ཡོད།།
༤༡ ཁྲིམས་གཏོང་མཁན་གྱི་ཉི་མ་ལ་ནི་ནེ་ཝ་རྒྱལ་སའི་མི་ཡ་གིས་ལངས་ཏེ་མདང་དེ་རིང་གི་མི་ཡ་ལ་ཉེས་པ་འགེལ་ཅེས་ཡོད། (ཉེས་འགེལ་ཅེས་ཡོད།) ཅི་ལས་སྨྲ་ན། ཡོ་ནྰས་ཤོད་མཁན་གང་ལ་ཁོང་གིས་ཉན་ཏེ་བཤགས་པ་བྱས་ཏེ་ངོ་ལོག་གི་ལས་ཀ་ཡ་སྤོང་ཟིན། ལྟ་དོང། ད་ལྟ་འདི་ལ་ནི་ཡོ་ནྰ་སྨྲས་ཏེ་ཡང་ཆེན་པོ་ཞིག་ཡོད་པ། (ད་ལྟ་འདི་ལ་ནི་ཡོ་ནྰ་ལས་ཀྱང་ཆེ་བ་ཞིག་ཡོད་པ།) ༤༢ གཉིས་པར། ཁྲིམས་གཏོང་མཁན་གྱི་ཉི་མ་ལ་ལྷོ་ཕྱོགས་ཀྱི་རྒྱལ་མོས་ལངས་ཏེ་མདང་དེ་རིང་གི་མི་ཡ་ལ་ཉེས་པ་འགེལ་ཅེས་ཡོད། (ཉེས་འགེལ་ཅེས་ཡོད།) ཅི་ལས་སྨྲ་ན། རིག་ཤེས་ཆེན་པོ་ཡོད་མཁན་གྱི་རྒྱལ་པོ་སོ་ལོ་མོན་གྱི་སྐད་ཆ་ལ་ཉན་ཅེས་སྨྲས་ཏེ་མོ་ཐག་རིང་པོ་ལས་འོངས་པ། ལྟ་དོང་། ད་ལྟ་འདི་ལ་ནི་སོ་ལོ་མོན་སྨྲས་ཏེ་ཡང་ཆེན་པོ་ཞིག་ཡོད་པ། (ད་ལྟ་འདི་ལ་ནི་སོ་ལོ་མོན་ལས་ཀྱང་ཆེ་བ་ཞིག་ཡོད་པ།) སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།
ཨལ་ལོ་ཧིམ་ལ་དད་པ་ལོག་ན་འདྲེ་ལོག་སྟེ་འོང་ཁུག་མཁན་གྱི་དོན་དག་ལ།
༤༣ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ འདྲེ་མི་ལས་ཐོན་ཏེ་འགྲོ་ཟིན་པ་རང་(འདྲེ་མི་ལས་ཐོན་ཏེ་ཕྱིན་ཏེ་འགབ་ལས་)ཁོ་ངལ་འཚོ་ཅེས་སྨྲས་ཏེ་སྐམ་པོའི་ས་ཆ་ཡ་ལ་བཙོལ་ཏེ་འགྲོ་མཁན། ཡིན་ནས་ག་ལ་ཡང་མི་འབྱོར་མཁན། ༤༤ སྡོད་སའི་ས་ཆ་ག་ལ་ཡང་མཇལ་མ་ཟིན་ཏེ་འགབ་ལས། གདོང་ལ་བསྡད་པའི་ས་ཆ་ལ་འགྲོ་དགོས་ཟིན། སྨྲས་ཏེ་ཁོ་ལོག་འོང་མཁན། ལོག་འོང་མཁན་གང་ལ་ནི་ཁོས་སྡོད་སའི་ས་ཆ་འཕྱགས་ཏེ་སང་སེང་བྱས་ཏེ་སྟོང་པ་མཇལ་ཟིན་མཁན། ༤༥ འདི་མཐོང་སྟེ་ཁོ་ཕྱིན་ཏེ་རང་སྨྲས་ཏེ་ཡང་བཙོག་པའི་འདྲེ་བདུན་ཐལ་སྐད་རྒྱབ་མཁན། (འདི་མཐོང་སྟེ་ཁོ་ཕྱིན་ཏེ་རང་ལས་ཀྱང་བཙོག་པའི་འདྲེ་བདུན་ཐལ་སྐད་རྒྱབ་མཁན།) དེ་ནས་ཁོང་འོངས་ཏེ་འོ་ལ་ཞུགས་ཏེ་སྡོད་མཁན། འོ་སོང་བས་འོ་མིའི་གནས་སྟངས་གདོང་ལ་སྨྲས་ཏེ་ཡང་ད་རུང་བཙོག་པ་འགྲོ་མཁན། (འོ་སོང་བས་འོ་མིའི་གནས་སྟངས་གདོང་ལ་ལས་ཀྱང་ད་རུང་བཙོག་པ་འགྲོ་མཁན།) མདང་དེ་རིང་གི་མི་བཙོག་པ་ཡ་ལ་འོ་ཅོག་འདྲ་འབབ་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།།
ཡེ་ཤུའི་ཨ་མ་དང་སྤུན་ཡ།
༤༦ ཡེ་ཤུས་མི་མང་ལ་འདི་སྐད་ཆ་སྨྲ་མཁན་སྨྲ་མཁན་གང་ལ་ཡེ་ཤུའི་ཨ་མ་དང་འོག་མ་ཡ་(ནོ་ཡ་)ཐུག་འོང་ཟིན། ཁོང་ཕྱི་ལ་ལངས་ཏེ། ཡེ་ཤུ་མཉམ་པོ་སྐད་ཆ་གཅིག་གཉིས་སྨྲ་ཅེས་སྨྲས་ཏེ་བསྒུགས་ཏེ་བསྡད་དེ་ཡོད་མཁན། ༤༧ མི་གཅིག་གིས་ཡེ་ཤུ་ལ། དགེ་རྒན། རང་གི་ཨ་མ་དང་འོག་མ་ཡ་རང་མཉམ་པོ་སྐད་ཆ་སྨྲ་ཅེས་སྨྲས་ཏེ་ཕྱི་ལ་བསྒུགས་ཏེ་སྡོད་ཀོ་ནུ། སྨྲས་ཏེ་ཞུ་ཟིན། ༤༨ ཡེ་ཤུས་འདི་སྐད་ཆ་ཤོད་མཁན་གྱི་མི་ལ་སྨྲ་ཟིན། ངའི་ཨ་མ་དང་འོག་མ་ཡ་སུ་ཡིན་ནམ། ༤༩ དེ་ནས་ཡེ་ཤུས་རང་གི་ལག་པས་ཉེ་གནས་ཡ་ལ་བསྟན་ཏེ་སྨྲ་ཟིན། ལྟ་དོང་། ངའི་ཨ་མ་དང་འོག་མ་ཡ་འདི་ཡ་རང་ཡིན་པ། ༥༠ ཅི་ལས་སྨྲ་ན། ནམ་མཁའ་ལ་སྡོད་མཁན་གྱི་ངའི་ཨ་ཕའི་བཀའ་ལ་ཉན་མཁན་ཡ་རང་ངའི་འོག་མ། ནུ་མོ་དང་ཨ་མ་ཡིན་པ། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། །།