མད་ཐྰ་ལེའུ་དྲུག་པ།

སྟེར་རྫུན་སྟོན་མཁན་གྱི་དོན་དག་ལ།

༡ ༼དེ་ནས་གཉིས་པར་(ཡོད་པར་)ཡེ་ཤུས་སྨྲ་ཟིན།༽ འདི་དེ་ཁྱེད་ཀྱིས་ངོ་ཤེས་འཇོག་དོང་། མི་ཡ་གིས་མཐོང་འཇུག་སྨྲས་ཏེ་(མཐོང་འཇུག་ཅེས་ལ་)ལས་ཀ་ཡག་པོ་བྱེད་རྫུན་མ་སྟོན། མིན་ན་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕས་ཁྱེད་ལ་རྔན་པ་ཅི་ཡང་སྟེར་ཅེས་མེད། 

༢ འོ་སོང་བས་སྤྲང་པོའི་མི་ཡ་ལ་སྟེར་མཁན་གང་ལ་སྟེར་ཟིན་སྨྲས་ཏེ་ཡུས་མ་སྟུད། ཡིན་མདོག་སྟོན་མཁན་གྱི་མི་ཡ་གིས་ཅོག་འདྲ་མ་བྱེད། མི་ཡ་གིས་ཁོང་ལ་ཡག་པོ་སྨྲ་འཇུག་སྨྲས་ཏེ་(སྨྲ་འཇུག་ཅེས་ལ་)ཁོང་གིས་ཡ་ཧུ་དྰ་པའི་ཚོགས་ཁང་དང་ལམ་ལ་སྟེར་རྫུན་སྟོན་མཁན། ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  མིས་ཁོང་ལ་བཀྱགས་པ་སོང་བས་ཁོང་གི་འབྱོར་དགོས་མཁན་གྱི་རྔན་པ་གང་ཡོད་མཁན་དེ་འོ་ལ་འཆོལ་འགྲོ་ཟིན། ༣ ཁྱེད་ཀྱིས་སྡུག་པོ་མྱོང་མཁན་གྱི་མི་ལ་སྟེར་མཁན་གང་ལ་ཁ་འཛུམ་པ་བྱས་ཏེ་སྟེར། རང་གི་རོགས་ཀྱིས་ཀྱང་མ་ཚོར་བ་བྱས་ཏེ་སྟེར། ༤ མ་ཚོར་བ་བྱས་ཏེ་བྱས་པའི་ལས་ཀ་ལ་ནམ་མཁའི་ཨ་ཕས་མཐོང་མཁན་ཡིན་པ། དེ་ནས་ཁྱེད་ལ་རྔན་པ་མངོན་སུམ་དུ་སྟེར་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

གསོལ་བ་འདེབས་མཁན་གྱི་དོན་དག་ལ།

༥ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ ཁྱེད་ཀྱིས་ཨལ་ལོ་ཧིམ་ལ་གསོལ་བ་འདེབས་མཁན་གང་ལ་ཡིན་མདོག་སྟོན་མཁན་གྱི་མི་ཡ་གིས་ཅོག་འདྲ་མ་བྱེད། མི་གཞན་པས་མཐོང་འཇུག་སྨྲས་ཏེ་ཁོང་ཡ་ཧུ་དྰ་པའི་ཚོགས་ཁང་དང་ལམ་གྱི་རྩར་ཟུར་ཡ་ལ་ལངས་ཏེ་གསོལ་བ་འདེབས་རྫུན་ཞིག་སྟོན་མཁན་དེ་ཁོང་ལ་ཡག་པོ་གནས་མཁན། (ལངས་ཏེ་གསོལ་བ་འདེབས་ཅེས་སེམས་བྱེད་མཁན།) ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  མིས་ཁོང་ལ་བཀྱགས་པ་སོང་བས་ཁོང་གི་འབྱོར་དགོས་མཁན་གྱི་རྔན་པ་གང་ཡོད་མཁན་དེ་འོ་ལ་འཆོལ་འགྲོ་ཟིན། ༦ ཁྱེད་དེ་གསོལ་བ་འདེབས་མཁན་གང་ལ་རང་གི་ཁང་མིག་ལ་ཞུགས་ཏེ་སྒོ་བརྒྱབ་སྟེ་ནམ་མཁའི་ཨ་ཕ་ལ་གསོལ་བ་འདེབས་ཏོང་། ཁྱེད་རང་གི་མིག་གིས་མི་མཐོང་མཁན་གྱི་ནམ་མཁའི་ཨ་ཕས་ནི་ཁ་འཛུམ་པ་བྱས་ཏེ་བྱས་པའི་ལས་ཀ་ལ་ཡང་མཐོང་མཁན་ཡིན་པ། དེ་ནས་ཁྱེད་ལ་རྔན་པ་མངོན་སུམ་དུ་སྟེར་ཅེས་ཡོད།། 

༧ གསོལ་བ་འདེབས་མཁན་གང་ལ་ཨལ་ལོ་ཧིམ་ལ་ངོ་མི་ཤེས་མཁན་གྱི་མི་ཡ་ཅོག་འདྲ་མ་བྱེད། ཁོང་ནི་ཁ་ཞིག་གིས་སྨྲ་མཁན་ཞིག་བྱེད་མཁན། གསོལ་བ་མང་པོ་འདེབས་ན་ཞིག་མིན་པ་ཨལ་ལོ་ཧིམ་གྱིས་མི་ཉན་མཁན་སྨྲས་ཏེ་ཁོང་གི་སེམས་ལ་གནས་མཁན། (ཁོང་གིས་བསམ་བློ་གཏོང་མཁན།) ༨ ཁྱེད་ཀྱིས་ཁོང་གིས་ཅོག་འདྲ་མ་བྱེད། སློང་མཁན་སྨྲས་ཏེ་གདོང་ལ་(སློང་མཁན་གྱི་གདོང་ལ་)ཁྱེད་ལ་ཅི་དགོས་འོ་ཡོད་པ་ནམ་མཁའི་ཨ་ཕས་ངོ་ཤེས་མཁན་ཡོད་པ། ༩ ཁྱེད་ཀྱིས་གསོལ་བ་འདེབས་མཁན་གང་ལ་འདི་ཅོག་འདྲ་སྨྲས་ཏེ་གསོལ་བ་འདེབས་ཏོང་།

ནམ་མཁའ་ལ་སྡོད་མཁན་གྱི་ངེད་ཀྱི་ཨ་ཕ།།

ཁྱོད་ཀྱི་མིང་རྣམ་པར་དག་པར་རྩི་ཆུག

༡༠ ཁྱོད་ཀྱི་རྒྱལ་སྲིད་འོང་ཆུག

ཁྱོད་ཀྱི་སེམས་ལ་སྐྱེས་པ་དེ་ནམ་མཁའ་གཅིག་ལ་དོན་དག་འགྲུབ་མཁན་མིན་པ།།

འདི་འཛམ་བུ་གླིང་ལ་ཡང་དོན་དག་འགྲུབ་ཆུག

༡༡ ཉི་མ་རེ་རེ་ལ་དགོས་མཁན་གྱི་ལྟོ་ཆས་ངེད་ལ་དེ་རིང་ཡང་སྟེར་ཏོང་།།

༡༢ ངེད་ཀྱིས་རང་གི་ཐོག་ལ་ལས་ཀ་ནོར་བ་བཞིག་པ་བྱེད་མཁན་གྱི་མི་ལ་(ལས་ཀ་བཙོག་པ་བྱེད་མཁན་གྱི་མི་ལ་)གློད་གཏོང་མཁན་ཅོག་འདྲ་

ངེད་ཀྱིས་ངོ་ལོག་བྱས་པའི་ལས་ཀ་ལ་ཡང་གློད་གཏོང་དོང་།།

༡༣ ངེད་ལ་ཉམས་ཚོད་ལ་ཆུད་མ་འཇུག

ཡིན་ནས་ངན་པར་བྱེད་མཁན་དེ་ལས་ཐར་འཇུག་དོང་།།

ཅི་ལས་སྨྲ་ན་རྒྱལ་སྲིད། དབང་དང་གཟི་བརྗིད་རྒྱུན་ནས་རྒྱུན་དུ་ཁྱོད་དེ་རང་ཡིན། ཡིན་འཇུག  སྨྲས་ཏེ་གསོལ་བ་འདེབས་ཏོང་། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

༡༤ ༼དེ་ནས་ཡེ་ཤུས་འདི་སྐད་ཆ་སྒྲ་གསལ་ཟིན།༽ ཁྱེད་ཀྱིས་རང་གི་ཐོག་ལ་ལས་ཀ་ནོར་བ་བཞིག་པ་བྱེད་མཁན་གྱི་མི་ལ་(ལས་ཀ་བཙོག་པ་བྱེད་མཁན་གྱི་མི་ལ་)གློད་གཏོང་ན་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕས་ཀྱང་ཁྱེད་ལ་གློད་གཏོང་ཅེས་ཡོད། ༡༥ ཡིན་ནས་ཁྱེད་ཀྱིས་མི་གཞན་པ་ལ་གློད་མི་གཏོང་ན་(གློད་མི་གཏོང་ཟིན་སྨྲ་ན་)ནམ་མཁའི་ཨ་ཕས་ཀྱང་ཁྱེད་ལ་གློད་གཏོང་ཅེས་མེད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

སྨྱུང་གནས་སྡོད་མཁན་གྱི་དོན་དག་ལ།

༡༦ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ ཁྱེད་སྨྱུང་གནས་སྡོད་མཁན་གང་ལ་ཡིན་མདོག་སྟོན་མཁན་གྱི་མི་ཡ་གིས་ཅོག་འདྲ་བཟོ་ལྟ་གནོད་དེ་མ་སྡོད། ཅི་ལས་སྨྲ་ན་སྨྱུང་གནས་བསྡད་དེ་ཡོད་སྨྲས་ཏེ་མི་ཡ་ལ་སྟོན་ཅེས་ལ་ཁོང་རང་གི་བཟོ་ལྟ་གནོད་དེ་སྡོད་མཁན། ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  མིས་ཁོང་ལ་བཀྱགས་པ་སོང་བས་ཁོང་གི་འབྱོར་དགོས་མཁན་གྱི་རྔན་པ་གང་ཡོད་མཁན་དེ་འོ་ལ་རང་འཆོལ་འགྲོ་ཟིན། ༡༧ ཡིན་ནས་ཁྱེད་དེ་སྨྱུང་གནས་སྡོད་མཁན་གང་ལ་མི་ཡ་གིས་མ་ཚོར་འཇུག་སྨྲས་ཏེ་(མི་ཡ་ལ་མ་རྒྱུས་འཇུག་སྨྲས་ཏེ་ ། མི་ཡ་གིས་ཧ་མ་གོ་འཇུག་སྨྲས་ཏེ་)གདོང་ལ་ཅོག་འདྲ་མགོ་ལ་སྣུམ་བསྐུས་ཏེ་གདོང་པ་བཀྲུས་ཏེ་སྡོད་ཏོང་། ༡༨ ཁྱེད་རང་གི་མིག་གིས་མི་མཐོང་མཁན་གྱི་ནམ་མཁའི་ཨ་ཕས་ནི་མི་ཡ་གིས་མ་ཚོར་བ་བྱས་ཏེ་བྱས་པའི་ལས་ཀ་ཡ་ལ་ཡང་མཐོང་མཁན་ཡིན་པ། དེ་ནས་ཁྱེད་ལ་རྔན་པ་མངོན་སུམ་དུ་སྟེར་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

ནམ་མཁའ་ལ་སྲི་དགོས་མཁན་གྱི་རྒྱུ་ནོར།

༡༩ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ འདི་འཛམ་བུ་གླིང་ལ་རང་གི་དོན་དག་ལ་རྒྱུ་ཡ་བསྲིས་ཏེ་མ་འཇོག  འདི་ལ་བསྲིས་བཞག་པའི་རྒྱུ་ཡ་ལ་འབུ་རྒྱབ་མཁན། བཙས་ཟ་མཁན། (བཙའ་ཡིས་ཟ་མཁན།) རྐུན་མས་འཁྱེར་མཁན། ༢༠ རང་གི་དོན་དག་ལ་ནམ་མཁའ་ལ་ཕན་ཐོགས་མཁན་གྱི་ནོར་ཡ་བསྲིས་ཏེ་ཞོག  འོ་ཅོག་འདྲའི་ནོར་ལ་ནི་ན་འབུ་རྒྱབ་མཁན། ན་བཙས་(བཙའ་ཡིས་)ཟ་མཁན། ན་རྐུན་མས་འཁྱེར་མཁན། (འོ་ཅོག་འདྲའི་ནོར་ལ་ནི་འབུ་ཡང་མི་རྒྱབ་མཁན། བཙས་ཀྱང་(བཙའ་ཡིས་ཀྱིང་)མི་ཟ་མཁན། རྐུན་མས་ཀྱང་མི་འཁྱེར་མཁན།) ༢༡ ཅི་ལས་སྨྲ་ན། ཁྱེད་རང་གི་རྒྱུ་ནོར་ག་ན་ཡོད་པ། འོ་ལ་རང་སེམས་ཆགས་མཁན།། 

༢༢ མིག་གིས་བྱས་ཏེ་འོ་རང་གི་སྐྱ་སང་ངེ་མཐོང་ཁུག་མཁན། དེ་ནས་མིག་གསལ་པོ་ཡོད་ན་འོ་སྐྱ་སང་ངེ་དེ་ཁྱེད་ཀྱི་གཟུགས་པོ་གང་པོ་ལ་རང་ཕན་ཐོག་མཁན། (གཟུགས་པོའི་གློག་མིག་ཡིན་པ། འོ་སོང་བས་ཁྱོད་ཀྱི་མིག་གསལ་པོ་ཡོད་ན་གཟུགས་པོ་གང་པོ་རང་སྐྱ་སང་ངེ་འོང་མཁན།) ༢༣ མིག་ཞར་བ་ཡོད་ན་ནི་འོ་ནག་ཁུང་གིས་བྱས་ཏེ་ཁྱེད་ཀྱི་གཟུགས་པོ་གང་པོའི་རང་སྡུག་པོ་མྱོང་མཁན། འདི་ཅོག་འདྲ་བྱས་ཏེ་ཁྱེད་ཀྱི་སེམས་ལ་ཡོད་མཁན་གྱི་སྐྱ་སང་ངེ་དེ་ལ་ནག་ཁུང་གིས་འགེགས་ན་ནི་ཁྱེད་ཀྱི་ལམ་ག་འདྲ་ནག་ཁུང་འོང་འགྲོ་ད་རུང་། (ཡིན་ནས་གལ་སྲིད་ཁྱོད་ཀྱི་མིག་གསལ་པོ་མིན་ན་གཟུགས་པོ་གང་པོ་རང་ནག་ཁུང་འོང་མཁན། འོ་ཅོག་འདྲ་ཁྱོད་ཀྱི་སེམས་ལ་ཡོད་མཁན་གྱི་སྐྱ་སང་ངེ་དེ་ནག་ཁུང་འགྲོ་ན་ད་རུང་འོ་དེ་ག་ཚོད་མང་པོ་ནག་ཁུང་འགྲོ་བ།) སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

༢༤ དེ་ནས་གཉིས་པར་དཔེ་ཡིན་ན། སུ་ཞིག་གིས་ཀྱང་བདག་པོ་གཉིས་ཀྱི་གཡོག་པོ་བྱེད་མི་ཁུག་མཁན། གལ་སྲིད་བྱེད་ན་བདག་པོ་གཅིག་ལ་རྩིས་བྱེད་མཁན། དེ་ནས་གཞན་པ་དེ་ལ་རྔན་ཆེན་བྱེད་མཁན། བདག་པོ་གཅིག་གིས་སྨྲས་པའི་སྐད་ཆ་ལ་ཉན་མཁན། གཞན་པ་དེ་གིས་སྨྲས་པའི་སྐད་ཆ་ལ་མི་ཉན་མཁན། འོ་ཅོག་འདྲ་ཁྱེད་ཀྱིས་ཀྱང་རྒྱུ་དང་ཨལ་ལོ་ཧིམ་གཉིས་ཀ་ལ་ཞབས་ཕྱི་ཞུ་མི་ཁུག་མཁན། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། 

སྡུག་བསྔལ་བྱེད་མི་དགོས་མཁན་གྱི་དོན་དག་ལ།

༢༥ ༼དེ་ནས་གཉིས་པར་ཡེ་ཤུས་སྨྲ་ཟིན།༽ འོ་སོང་བས་ངས་ཁྱེད་ལ་སྨྲ་མཁན། ཅི་ཟ་ཅེས། ཅི་འཐུང་ཅེས། ཅི་གྱོན་ཅེས་སྨྲས་ཏེ་སྡུག་བསྔལ་མ་བྱེད། ལྟོ་(ལྟོ་ཆས་)སྨྲས་ཏེ་ཚེ་ཆེན་པོ། གྱོན་ཆས་སྨྲས་ཏེ་གཟུགས་པོ་ཆེན་པོ་མིན་ནམ། (ལྟོ་ཆས་ལས་ཚེ་ཆེ་བ། གྱོན་ཆས་ལས་གཟུགས་པོ་ཆེ་བ་མིན་ནམ།) ༢༦ གནམ་ལ་འཕུར་མཁན་གྱི་བྱ་བྱིའུ་ཡ་ལ་ལྟོས་གནང་། ཁོང་གིས་ས་ལ་ཡང་མི་འཛུགས་མཁན། སྟོན་ཐོག་ཀྱང་མི་སྡུད་མཁན། མཛོད་ལ་ཡང་མི་སྒྲུག་མཁན། ཡིན་ནས། ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕས་ཁོང་ལ་ཟ་ཅེས་བསྟེར་ཏེ་ཡོད་པ། འོ་བྱ་བྱིའུ་ཡ་སྨྲས་ཏེ་ནི་ཁྱེད་རྩིས་ཆེན་འཇིགས་པོ་མིན་ནམ། (འོ་བྱ་བྱིའུ་ཡ་སྨྲས་ཏེ་ནི་ཁྱེད་ཚད་མེད་པ་རྩིས་ཆེན་པོ་མིན་ནམ། ། འོ་བྱ་བྱིའུ་ཡ་ལས་ནི་ཁྱེད་ཚད་མེད་པ་རྩིས་ཆེན་པོ་མིན་ནམ།) ༢༧ ཁྱེད་ཀྱི་ནང་ལ་སུས་ཀྱང་སྡུག་བསྔལ་བྱས་ཏེ་རང་གི་ཚེ་ཏོག་ཙམ་ཞིག་ཀྱང་(སུད་པ་སུད་པ་ཞིག་ཀྱང་ ། ཐིག་པ་ཐིག་པ་ཞིག་ཀྱང་ ། ཉུང་སད་ཞིག་ཀྱང་ ། སུད་པ་སུད་པ་བྱས་ཏེ་)རིང་པོ་བཟོ་ཁུག་མཁན་ནམ།། 

༢༨ དེ་ནས་ཅི་གྱོན་ཅེས་སྨྲས་ཏེ་ཅི་ལས་སྡུག་བསྔལ་བྱེད་མཁན། རིའི་མེ་ཏོག་ཀུ་མུད་ཡ་ག་འདྲ་བྱས་ཏེ་འཚར་མཁན་སྨྲས་ཏེ་ལྟོས་གནང་། (ག་འདྲ་བྱས་ཏེ་འཚར་མཁན་ནུ་ལྟོས་གནང་།) ཁོང་ནི་ལས་ཀ་ཡང་མི་བྱེད་མཁན། གྱོན་ཅེས་ལ་བཀབ་ཆ་ཡ་ཡང་མི་འཐག་མཁན། ༢༩ ཡིན་ནས། ངས་ཁྱེད་ལ་ཤོད་མཁན། རྒྱལ་པོ་སོ་ལོ་མོན་འོ་ཅོག་འདྲའི་རྒྱུ་ནོར་མང་པོ་ཡོད་དེ་ཡང་ཁོ་འོ་མེ་ཏོག་ཡ་ཙམ་པ་གཟབ་མ་ཁུགས་པ་ཡོད་མཁན། ༣༠ དེ་རིང་འཆར་མཁན་དང་ནངས་པར་མེ་ལ་སྐྱུར་མཁན་གྱི་སྤང་ཁའི་རྩྭ་ཡ་ལ་ནི་ཨལ་ལོ་ཧིམ་གྱིས་འོ་འདྲ་བྱས་ཏེ་གཟབ་མཁན་སྨྲ་ན་ནི་ད་རུང་ཁྱེད་ལ་བཀབ་ཆ་མི་སྟེར་མཁན་ནམ། ཁྱེད་ཀྱི་ཡིད་ཆེས།། 

༣༡ འོ་སོང་བས་ཅི་ཟ་ཅེས། ཅི་འཐུང་ཅེས། ཅི་གྱོན་ཅེས་སྨྲས་ཏེ་སྡུག་བསྔལ་མ་བྱེད། ༣༢ ཨལ་ལོ་ཧིམ་ལ་ངོ་མི་ཤེས་མཁན་གྱི་མི་ཡ་གིས་འདི་ཅོག་འདྲ་སྡུག་བསྔལ་བྱས་ཏེ་སྡོད་མཁན། འདི་གང་པོ་ཁྱེད་ལ་དགོས་མཁན་སྨྲས་ཏེ་ནམ་མཁའ་ལ་སྡོད་མཁན་གྱི་ཁྱེད་ཀྱི་ཨ་ཕ་ལ་རྒྱུས་ཡོད་པ། ༣༣ ཡིན་ནས་གདོང་ཤོས་རང་ཨལ་ལོ་ཧིམ་གྱི་རྒྱལ་སྲིད་འཚོལ་དོང་། ཨལ་ལོ་ཧིམ་གྱི་དྲང་བ་ཉིད་(དྲང་པོ་དྲང་ཤག་)འཚོལ་དོང་། དེ་ནས་ཨལ་ལོ་ཧིམ་གྱིས་འདི་གང་པོ་ཁྱེད་ལ་ཕོག་སྟེ་སྟེར་ཅེས་ཡོད།། 

༣༤ འོ་སོང་བས་ནངས་པར་གྱི་དོན་དག་ལ་སྡུག་བསྔལ་མ་བྱེད། ཅི་ལས་སྨྲ་ན་ནངས་པར་གྱི་ཉི་མས་རང་གི་སྡུག་བསྔལ་རང་རང་བྱེད་མཁན། ནངས་པར་གྱི་སྡུག་པོ་དེ་རིང་འཁུར་མི་དགོས་མཁན། དེ་རིང་གི་སྡུག་པོ་དེ་རིང་ལ་འདང་ཞིག་ཡོད། སྨྲས་ཏེ་ཡེ་ཤུས་སྨྲ་ཟིན།། །།

Your encouragement is valuable to us

Your stories help make websites like this possible.