མད་ཐྰ་ལེའུ་ཉི་ཤུ་རྩ་གཅིག་པ།

ཡེ་ཤུ་ཡ་རུ་ཤ་ལེམ་རྒྱལ་ས་ལ་སླེབས་པ།

༡ ཁོང་ཡ་རུ་ཤ་ལེམ་རྒྱལ་སའི་འགྲམ་གྱི་ཁ་སྐྱུར་པོའི་ཤིང་གི་རི་ལ་ཡོད་མཁན་གྱི་བེད་ཕ་གེ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་འགྲོ་བ་དང་འོ་ལ་ཡེ་ཤུས་ཀྱིས་ཉེ་གནས་གཉིས་ལ་སྐད་བརྒྱབ་སྟེ། ༢ ཁྱེད་གཉིས་འོ་ཕར་ཀན་ལྡེབས་ཀྱི་ཡུལ་ཆད་མ་ལ་སོང་། ཡུལ་ཆད་མའི་ཟུར་ལ་(ཡུལ་ཆད་མ་ལ་འཇུག་ལོང་མེད་པ་)ཁྱེད་ཀྱིས་བོང་གུའི་བེའུ་གཅིག་ཨ་མ་མཉམ་པོ་བཏགས་བཞག་པ་མཇལ་ཟིན་ཅེས་ཡོད། འོ་ཡ་ལ་བཏང་སྟེ་ངའི་རྩར་ལ་ཁྱེར་ཤོག ༣ གལ་སྲིད་སུ་ཞིག་གིས་ཁྱེད་ལ་ཅི་ཡང་སྨྲ་ན། གཙོ་བོ་ལ་དགོས་ཅེས་ཕྱིན་ཏེ་ཡོད་པ། སྨྲས་ཏེ་སྨྲ་དོང་། དེ་ནས་ཁོང་གིས་ལམ་སང་གཏོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་ཉེ་གནས་གཉིས་ལ་གདོང་ལ་གཏོང་ཟིན།། (སྨྲས་ཏེ་གཏོང་ཟིན།།) 

༤ འོ་ཅོག་འདྲ་ཅི་ལས་འོངས་པ་ཡིན་པ་སྨྲ་ན། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་གྱིས་སྔོན་ནས་ཤེས་ཏེ་(གདོང་ལ་ཤེས་ཏེ་ ། མཁྱེན་ཏེ་)སྨྲས་བཞག་པའི་འདི་སྐད་ཆ་དོན་དག་འགྲུབ་འོང་འཇུག་སྨྲས་ཏེ་(འོང་འཇུག་ཅེས་ལ་)འོ་ཅོག་འདྲ་འོངས་པ་ཡིན་པ།

༥ ཙི་ཡོན་གྱི་རི་ལ་བཟོས་པའི་ཡ་རུ་ཤ་ལེམ་རྒྱལ་སའི་མི་ཡ་ལ་༼ཙི་ཡོན་གྱི་རིའི་བུ་མོ་ལ་༽འདི་ཅོག་འདྲ་སྨྲས་སྟེར།

ལྟོས་ཨ། (ལྟ་དོང་།) ཁྱེད་ཀྱི་རྒྱལ་པོ་ཁྱེད་ཀྱི་རྩར་ལ་འོང་མཁན་རང་ཡོད།། 

ཁོ་ནི་ཞི་བ་བྱས་ཏེ་བོང་གུའི་ཁ་ལ་ཞོན་ཏེ་འོང་མཁན་རང་ཡོད།།

ཁོ་ནི་བོང་གུའི་བེའུའི་ཁ་ལ་ག་ཞོན་ཏེ་འོང་གོ་ནུ།། 

སྨྲས་ཏེ་སྨྲས་བཞག་པའི་སྐད་ཆ་འོ་ཙམ་གང་ལ་དོན་དག་འགྲུབ་འོངས་པ་ཡིན་པ།།

༦ འོ་ཉེ་གནས་གཉིས་ཕྱིན་ཏེ་ཡེ་ཤུས་ཀྱིས་སྨྲས་པ་ཅོག་འདྲ་བྱེད་ཟིན། ༧ ཁོང་གིས་བོང་གུའི་བེའུ་ཨ་མ་མཉམ་པོ་ཁྱོང་སྟེ་འོང་ཟིན། དེ་ནས་བོང་གུའི་ཁ་ལ་རང་རང་གི་གཡོགས་མ་ཡ་(ཕྱི་གོས་ཡ་)འདིང་ཟིན། དེ་ནས་ཡེ་ཤུ་འོའི་ཁ་ལ་ཞོན་ཟིན། ༨ དེ་ནས་འོང་མཁན་གང་ལ་(འོང་བ་དང་)མི་མང་པོས་རང་རང་གི་གཡོགས་མ་ཡ་(ཕྱི་གོས་ཡ་)ཤུས་ཏེ་ལམ་ལ་འདིང་ཟིན། རེ་འགའི་མི་ཡ་གིས་སྡོང་པོའི་ཡལ་ག་ཡ་༼ཏ་ལའི་ཡལ་ག་ཡ་༽བཅད་དེ་འདིང་ཟིན། ༩ ཡེ་ཤུའི་གདོང་འགབ་(ཡེ་ཤུའི་གདོང་རྗེས་)འགྲོ་མཁན་གྱི་མི་བུངས་ཡ་གིས་(མི་མང་གིས་)སྐད་ཆེན་པོ་ཞིག་བཏོན་ཏེ། ད་བིད་བརྒྱུད་པའི་སྲས་པོ། ང་ལ་ཐར་འཇུག་དོང་། ཡ་ཝྰེའི་མིང་ལ་འོང་མཁན་དེ་ལ་བསྟོད་སྒྲ་སྟེར་ཏོང་། མཐོ་ཤོས་དེ། ང་ལ་ཐར་འཇུག་དོང་། སྨྲས་ཏེ་མི་ཡ་གིས་སྐད་བཏོན་ཏེ་སྨྲས་སྡོད་ཟིན།། 

༡༠ ཡེ་ཤུ་ཡ་རུ་ཤ་ལེམ་རྒྱལ་ས་ལ་སླེབ་མཁན་གང་ལ་(སླེབ་པ་དང་)རྒྱལ་སའི་མི་གང་པོའི་སེམས་འགུལ་བྱས་ཏེ། (མི་གང་པོ་ལ་འདུ་འཛི་བྱུང་སྟེ།) དེ་ནས་མི་ཡ་གིས། འདི་མི་སུ་ཡིན་པ། སུ་ཡིན་པ། སྨྲས་ཏེ་སྨྲ་སྨྲ་རྩོད་ཟིན། (སྨྲས་ཏེ་རྩོད་པ་རྒྱབ་ཟིན།) ༡༡ ཡེ་ཤུ་མཉམ་པོ་འོངས་པའི་མི་བུངས་ཡ་གིས། (མི་མང་གིས།) འདི་ནི་ཨལ་གྱི་སྐད་ཆ་ཤོད་མཁན་ཡེ་ཤུ་ཡིན་པ། ཁོ་ག་ལིལ་སྨྲ་མཁན་གྱི་ས་གནས་ཀྱི་ན་ཙ་རེད་ཡུལ་ཆད་མ་ལས་འོངས་པ་ནུ་བ། སྨྲས་ཏེ་སྨྲ་ཟིན།། 

ཡེ་ཤུ་ཨལ་ལོ་ཧིམ་གྱི་མཆོད་ཁང་ལ་ཕྱིན་པ།

༡༢ ཡེ་ཤུ་ཡ་ཧུ་དྰ་པའི་མཆོད་ཁང་ལ་འགྲོ་ཟིན་པ་དང་འོ་ལ་ཚོང་བརྒྱབ་སྟེ་སྡོད་མཁན་གྱི་མི་གང་པོ་ལ་སྙེག་ཟིན། ཊང་ཀ་རྗེ་མཁན་གྱི་མི་ཡ་གི་ལྕོག་ཙེ་ཡ་སྒྱེལ་ཟིན། ཕུག་རོན་འཚོང་མཁན་གྱི་མི་ཡ་གི་སྡོད་ས་ཡ་སྒྱེལ་ཟིན། ༡༣ དེ་ནས་ཡེ་ཤུས་ཀྱིས་འོ་ཚོང་རྒྱབ་མཁན་གྱི་མི་ཡ་ལ། གསུང་རབ་ལ་འདི་ཅོག་འདྲ་བྲིས་ཏེ་ཡོད་པ། ངའི་ཁང་པ་ལ་གསོལ་བ་འདེབས་མཁན་གྱི་ཁང་པ་སྨྲས་ཏེ་སྨྲ་ཅེས་ཡོད། ཡིན་ནས་ཁྱེད་ཀྱིས་ནི་འདི་ཁང་པ་ལ་རྐུན་མ་ཡ་འཛོམ་མཁན་གྱི་ཕུག་པ་ག་བཟོ་ཟིན་ནུ་བ། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། 

༡༤ འོའི་འགབ་ལས་(འོའི་རྗེས་ལ་)མིག་མི་མཐོང་མཁན་དང་རྐང་པ་ཤོར་བའི་མི་ཡ་མཆོད་ཁང་ལ་ཞུགས་ཏེ་ཡེ་ཤུའི་རྩར་ལ་འོང་ཟིན། ཡེ་ཤུས་ཁོང་ལ་དྲག་འཇུག་ཟིན། (ཁོང་ལ་འདྲུབ་ཟིན།) ༡༥ འདི་ཡ་མཚན་ཆེ་བའི་ལས་ཀ་ཡ་(འདི་ངོ་མཚར་ཆེ་བ་ཡ་)མཐོང་སྟེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་ཞེ་སྡང་ལང་ཟིན། ད་རུང་བུ་ཚ་ཡ་གིས། ད་བིད་བརྒྱུད་པའི་སྲས་པོ། ང་ལ་ཐར་འཇུག་དོང་། སྨྲས་ཏེ་མཆོད་ཁང་ལ་སྐད་འདོན་མཁན་ཐོས་ཏེ་ཁོང་ལ་ལྷག་རང་ཞེ་སྡང་ལང་ཟིན། ༡༦ ཁོང་གིས་ཡེ་ཤུ་ལ། འདི་བུ་ཚ་ཡ་གིས་ཅི་སྨྲས་ཏེ་སྐད་འདོན་གོ་ནུ། ཁྱོད་ཀྱིས་མི་ཐོས་པས། སྨྲས་ཏེ་སྨྲ་ཟིན། ཉན་མཁན་རང་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན། དེ་ནས་ཁོང་ལ། ཡ་ཧུ་དྰ་པའི་གསུང་རབ་ལ་བྲིས་པའི་འདི་སྐད་ཆ་ཁྱེད་ཀྱིས་མ་བཀླགས་སམ། 

ཨོ་ཨལ་ལོ་ཧིམ། ཁྱོད་ཀྱིས་བུ་ཚ་ཆད་མ་དང་ཁྱེའུ་ཡ་ལ་ཡང་ 

རང་ལ་བསྟོད་སྒྲ་འབུལ་འཇུག་མཁན།། 

སྨྲས་ཏེ་བྲིས་ཏེ་ཡོད་པ། སྨྲས་ཏེ་ཡེ་ཤུས་ཀྱིས་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་ལ་སྨྲ་ཟིན། ༡༧ དེ་ནས་ཁོང་ལ་དབྱུགས་བཞག་སྟེ་རྒྱལ་ས་ལས་ཐོན་ཏེ་བེ་ཐན་ཡྰ་སྨྲ་མཁན་གྱི་ཡུལ་ཆད་མ་ལ་ཕྱིན་ཏེ་དགོང་མོ་གང་པོ་(ནུབ་མོ་)འོ་ལ་རང་སྡོད་ཟིན།།

སེ་ཡབ་མ་འོངས་པའི་སྡོང་པོ།

༡༨ ནངས་པར་སྔ་དྲོ་ནམ་སྲོད་རང་ཡ་རུ་ཤ་ལེམ་རྒྱལ་ས་ལ་ལོག་འོང་མཁན་གང་ལ་(ལོག་འོང་བ་དང་)ཡེ་ཤུ་ལྟོགས་ཟིན། ༡༩ ལམ་གྱི་ཟུར་ལ་སེ་ཡབ་ཀྱི་སྡོང་པོ་གཅིག་མཐོང་ཟིན། དེ་ནས། སེ་ཡབ་ཡོད་དམ། སྨྲས་ཏེ་འགྲམ་ལ་འོང་མཁན་གང་ལ་ནི་(འོང་བ་དང་ནི་)ལོ་མ་ཞིག་མིན་པ། སེ་ཡབ་གཅིག་ཀྱང་མི་འདུག  ཡེ་ཤུས་ཀྱིས་འོ་སྡོང་པོ་ལ། ད་ཡིན་འཇུག་ཁྱོད་ལ་གཉིས་པར་ནམ་ཡང་སེ་ཡབ་མ་འོངས་ཆུག  སྨྲས་ཏེ་སྨྲ་ལོང་མེད་པ་རང་འོ་སྡོང་པོ་སྐམ་ཟིན།

༢༠ འདི་མཐོང་སྟེ་ཉེ་གནས་ཡ་གིས་ཡ་མཚན་པ་ཞིག་གནས་ཏེ། (ངོ་མཚར་སྐྱེས་ཏེ།) འདི་སྡོང་པོ་ག་འདྲ་བྱས་ཏེ་འདི་ཅོག་འདྲ་མགྱོགས་པར་བསྐམས་པ། སྨྲས་ཏེ་འདྲི་ཟིན། ༢༡ དེ་ནས་ཡེ་ཤུས་ཀྱིས། ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  ཁྱེད་ཀྱིས་སེམས་གཉིས་མ་འཕྱངས་པ་བྱས་ཏེ་བློ་འགེལ་ཁུག་ཟིན་སྨྲ་ན་(བློ་འགེལ་ཁུག་ན་)འདི་སྡོང་པ་ལ་ངས་བྱས་པ་ཅོག་འདྲ་ཁྱེད་ཀྱིས་ཀྱང་བྱེད་ཁུག་ཅེས་ཡོད། འོ་ཙམ་ཞིག་རང་མིན་པ། ཁྱེད་ཀྱིས་འདི་རི་ལ། སྤོས་ཏེ་རྒྱ་མཚོ་ལ་རྡེབ་སོང་། སྨྲས་ཏེ་སྨྲ་ན་ཡང་འོ་ཅོག་འདྲ་འོང་ཅེས་ཡོད། ༢༢ ཁྱེད་ཀྱིས་སེམས་གཅིག་བྱས་ཏེ་ཨལ་ལོ་ཧིམ་ལ་བློ་བཀལ་ཏེ་(ཡིད་ཆེས་བྱས་ཏེ་)གསོལ་བ་འདེབས་ཟིན་སྨྲ་ན། (གསོལ་བ་འདེབས་ན།) ཁྱེད་ཀྱི་(ཁྱེད་ལ་)གསོལ་བ་བཏབ་པ་ཅོག་འདྲ་འབྱོར་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། 

ཡེ་ཤུའི་དབང་ཆའི་དོན་དག་ལ་འདྲི་ཞིབ།

༢༣ དེ་ནས་ཡེ་ཤུ་ཡ་ཧུ་དྰ་པའི་མཆོད་ཁང་ལ་ཕྱིན་ཏེ་བསླབས་ཏེ་སྡོད་ཟིན། དེ་ནས་སློབ་མཁན་གང་ལ་(སློབ་པ་དང་)མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་མིའི་འགོ་པ་ཆེན་པོ་ཡ་ཡེ་ཤུའི་རྩར་ལ་འོངས་ཏེ། ཁྱོད་ལ་ག་ནས་དབང་ཆ་འབྱོར་ཏེ་འདི་ལས་ཀ་ཡ་བྱེད་མཁན། འདི་དབང་ཆ་ཁྱོད་ལ་སུས་བསྟེར་བ། སྨྲས་ཏེ་འདྲི་ཟིན། ༢༤ དེ་ནས་ཡེ་ཤུས་ཀྱིས། ངས་ཀྱང་ཁྱེད་ལ་སྐད་ཆ་གཅིག་འདྲི་མཁན། ཁྱེད་ཀྱིས་ལན་རྒྱབ་ཟིན་སྨྲ་ན་(ལན་རྒྱབ་ན་)ངས་ཀྱང་། ག་ནས་དབང་ཆ་འབྱོར་ཏེ་འདི་ལས་ཀ་ཡ་བྱས་པ་སྨྲ་མཁན་དེ་ཁྱེད་ལ་ཤོད་མཁན། ༢༥ སྨྲ་དོང་། ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་གྱི་(ཡུ་ཧ་ནན་ལ་)ག་ནས་དབང་འབྱོར་བ། མི་ལས་ནི་ཨལ་ལོ་ཧིམ་ལས། (ཡུ་ཧ་ནན་གྱི་ཁྲུས་དབང་དེ་མི་ལས་ནི་ཨལ་ལོ་ཧིམ་ལས།) སྨྲས་ཏེ་ཡེ་ཤུས་ཀྱིས་འདྲི་ཟིན། 

འདི་ཐོས་ཏེ་ཁོང་གི་ནང་ལ་འདི་ཅོག་འདྲ་སྨྲས་ཏེ་སྐད་ཆ་སྨྲ་ཅེས་འཛུགས་ཟིན། ཨལ་ལོ་ཧིམ་ལས་སྨྲ་ཅེས་སྨྲ་ན། ཅི་ལས་ཁྱེད་ཀྱིས་ཡུ་ཧ་ནན་ལ་ཡིད་མ་ཆེས་པ། སྨྲས་ཏེ་མི་རོགས་ཀྱིས་འདྲི་ཅེས་ཡོད། ༢༦ མི་ལས་སྨྲ་ཅེས་སྨྲ་ན་ནི། མི་བུངས་ཡ་གིས་(མི་མང་ཡ་གིས་)འོ་རང་ལ་ཅི་ག་བྱེད་མཁན། ཅི་ལས་སྨྲ་ན་མི་གང་པོས་ཡུ་ཧ་ནན་ལ་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡིན་སྨྲས་ཏེ་རྩིས་བྱེད་མཁན། ༢༧ འོ་སོང་བས་ཁོང་གིས་ཡེ་ཤུ་ལ། ཀྱེ། ངེད་ལ་ནི་རྒྱུས་མེད། སྨྲས་ཏེ་ལན་རྒྱབ་ཟིན། འོ་ཙམ་ལ་ཡེ་ཤུས་ཀྱིས། འོ་ན་འདི་ལས་ཀ་ཡ་བྱེད་ཅེས་ལ་ག་ནས་དབང་ཆ་འབྱོར་བ་སྨྲ་མཁན་དེ་ངས་ཀྱང་ཁྱེད་ལ་མི་ཤོད། སྨྲས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་དང་འགོ་པ་ཆེན་པོ་ཡ་ལ་སྨྲ་ཟིན།། 

བུ་གཉིས་ཀྱི་གཏམ་དཔེ།

༢༨ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས་ཁོང་ལ།༽ ཁྱེད་ཀྱི་ཅི་བསམ་བློ་ཡོད་པ། མི་གཅིག་དེ་བུ་གཉིས་ཡོད་མཁན་ལོ། དེ་ནས་འོ་མི་བུ་ཆེ་བའི་རྩར་ལ་ཕྱིན་ཏེ། བུ། དེ་རིང་ངའི་རྒུན་གྱི་ཞིང་ལ་ལས་ཀ་བྱོས་སོང་། སྨྲས་ཏེ་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ།) ༢༩ དེ་ནས་བུས། ང་ནི་མི་འགྲོ། སྨྲས་ཏེ་སྨྲ་ཟིན་ནུ་ལོ། (སྨྲ་འོ་ནུ་ལོ།) ཡིན་ནས་འགབ་ལས་(རྗེས་ལ་)ཁོའི་སེམས་གྱུར་ཏེ་ལས་ཀ་ལ་འགྲོ་ཟིན་ནུ་ལོ། ༣༠ ཨ་ཕ་དེ་བུ་ཆུང་བའི་རྩར་ལ་ཕྱིན་ཏེ་འོ་འདྲ་རང་སྨྲ་ཟིན། བུ་ཆུང་བ་དེ་གིས། འོང་མཁན་ཨ་ཕ། ང་འགྲོ་མཁན། སྨྲས་ཏེ་སྨྲ་ཟིན། ཡིན་ནས་ཁོ་ལས་ཀ་ལ་དེ་མ་ཕྱིན་ནུ་ལོ། ༣༡ ད་འདི་བུ་གཉིས་ལ་གང་དྲས་ཨ་ཕས་བཏང་བའི་སྐད་པ་ལ་ཉན་པ། སྨྲས་ཏེ་ཡེ་ཤུས་ཀྱིས་འདྲི་ཟིན། བུ་ཆེ་བ་དེ་གིས་ཉན་པ། སྨྲས་ཏེ་ཁོང་གིས་ལན་རྒྱབ་ཟིན།

དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག  ཤོ་གམ་སྡུད་མཁན་དང་འཕྱོན་མ་བྱེད་མཁན་ཡ་ཁྱེད་སྨྲས་ཏེ་གདོང་ལ་(ཁྱེད་ཀྱི་གདོང་ལ་)ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ལ་འཇུག་འོ་ནུ། ༣༢ ཁྲུས་དབང་སྟེར་མཁན་གྱི་ཡུ་ཧ་ནན་གྱིས་དོན་དམ་གྱི་ལམ་སྟོན་ཅེས་ལ་ཁྱེད་ཀྱི་རྩར་ལ་འོངས་པ། ཁྱེད་ཀྱིས་ནི་ཡིད་མ་ཆེས། ཤོ་གམ་སྡུད་མཁན་དང་འཕྱོན་མ་བྱེད་མཁན་ཡ་གིས་ནི་ཡིད་ཆེས་པ། འདི་གང་པོ་མཐོང་སྟེ་ཡང་ཁྱེད་ཀྱིས་ཡིད་མ་ཆེས་པ་བྱས་ཏེ་སྡོད་ཟིན། དེ་ནས་བཤགས་པ་ཡང་མ་བྱས། (དེ་ནས་འགྱོད་པ་ཡང་མ་སྐྱེས།) སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། 

རྒུན་འབྲུམ་གྱི་ཞིང་དང་ཞིང་ཕྱེད་ཏཔ་རྒྱབ་མཁན་གྱི་མི་ཡ་གི་གཏམ་དཔེ།

༣༣ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས་མཆོད་དཔོན་ཆེན་པོ་དང་འགོ་པ་ཆེན་པོ་ཡ་ལ།༽ ད་ནི་གཏམ་དཔེ་གཞན་པ་གཅིག་ལ་ཉན་དོང་། དང་པོ་ཞིང་གི་བདག་པོ་གཅིག་ཡོད་མཁན་ལོ། དེ་ནས་ཁོས་རང་གི་ཞིང་ལ་རྒུན་ཚལ་ཞིག་འཛུགས་ཟིན་ནུ་ལོ། དེ་ནས་རྒུན་གྱི་ཞིང་གི་མཐའ་སྐོར་རང་དགར་བ་བརྒྱབ་སྟེ་རྒུན་འབྲུམ་འཚིར་གཞོང་ཞིག་བྲུས་ཏེ་ཞིང་སྲུང་ཅེས་ལ་སོ་ལྟ་ཁང་བཟོ་ཟིན་ནུ་ལོ། དེ་ནས་འོ་ཞིང་ཕྱེད་ཏཔ་རྒྱབ་མཁན་ཡ་ལ་རྩིས་བརྒྱབ་སྟེ་ཁོ་རང་དེ་ཡུལ་ཐག་རིང་པོ་ལ་འགྲོ་ཟིན་ནུ་ལོ།

༣༤ དེ་ནས་རྒུན་འབྲུམ་འཚོད་མཁན་གྱི་དུས་ཚོད་ཕྱིན་ཏེ་འགབ་ལས་(ཕྱིན་ཕྱིན་པ་ལ་)རང་གི་གཡོག་པོ་ཡ་ལ་རང་གི་བོགས་ལ་(བོགས་མ་)ཐོབ་མཁན་གྱི་རྒུན་འབྲུམ་ལེན་ཅེས་ལ་ཞིང་ཕྱེད་ཏཔ་རྒྱབ་མཁན་གྱི་མི་ཡ་གི་རྩར་ལ་གཏོང་ཟིན་ནུ་ལོ། ༣༥ དེ་ནས་ཞིང་ཕྱེད་ཏཔ་རྒྱབ་མཁན་གྱི་མི་ཡ་གིས་འགྲིགས་ཏེ་གཡོག་པོ་ཡ་ལ་བཟུང་སྟེ། གཅིག་ལ་བརྡུངས་ཏེ་རྫོང་ཟིན། གཅིག་ལ་བརྡུངས་ཏེ་གསོད་ཟིན། དེ་ནས་གཅིག་ལ་རྡོས་བརྒྱབ་སྟེ་གསོད་ཟིན་ནུ་ལོ། 

༣༦ དེ་ནས་ཞིང་གི་བདག་པོས་གདོང་ལ་སྨྲས་ཏེ་ཡང་(གདོང་ལ་ལས་ཀྱང་)གཡོག་པོ་མང་པོ་རྫོང་ཟིན་ནུ་ལོ། ཡིན་ནས་ཞིང་ཕྱེད་ཏཔ་རྒྱབ་མཁན་གྱི་མི་ཡ་གིས་ནི་གདོང་ལ་བཏང་བའི་གཡོག་པོ་ཡ་ལ་ཅོག་འདྲ་རང་ཁོང་ལ་ཡང་བྱེད་ཟིན་ནུ་ལོ།

༣༧ འགབ་ཤོས་ལ་(རྗེས་ཤོས་ལ་)ཞིང་གི་བདག་པོས། ངའི་བུ་ལ་ནི་ཁོང་གིས་རྩིས་བྱེད་རང་བྱེད་མཁན། སྨྲས་ཏེ་བསམ་བློ་བཏང་སྟེ་(སྨྲ་མཁན་བསམ་བློ་བཏང་སྟེ་)རང་གི་བུ་ལ་ཞིང་ཕྱེད་ཏཔ་རྒྱབ་མཁན་གྱི་མི་ཡ་གི་རྩར་ལ་རྫོང་ཟིན་ནུ་ལོ། ༣༨ ཡིན་ནས་འོ་ཞིང་ཕྱེད་ཏཔ་རྒྱབ་མཁན་གྱི་མི་ཡ་གིས་བུ་དེ་ལ་མཐོང་སྟེ་ནི་གྲོས་བརྒྱབ་སྟེ། ལྟ་དོང་། འོ་དེ་ནི་འདི་ཕ་གཞིའི་བདག་པོ་རང་ཡིན། ཤོག  ད་ནི་ཁོ་ལ་གསོད་མཁན། ཁོ་ལ་གསོད་ཟིན་སྨྲ་ན་(ཁོ་ལ་གསོད་ན་)ཞིང་འོ་རང་དེ་རང་འོང་མཁན་ཡིན། སྨྲས་ཏེ་ ༣༩ ཁོ་ལ་བཟུང་སྟེ་རྒུན་གྱི་ཞིང་ལས་ཕྱི་ལོགས་ཁྲིད་དེ་ཁྱེར་ཏེ་གསོད་ཟིན་ནུ་ལོ།།

༤༠ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། ཞིང་གི་བདག་པོ་ཁོ་རང་ལོག་འོང་མཁན་གང་ལ་རང་(ལོག་འོང་བ་དང་རང་)འོ་ཞིང་རྒྱབ་མཁན་ཡ་ལ་ཅི་བྱེད་འགྲོ། སྨྲས་ཏེ་འདྲི་ཟིན། ༤༡ ཁོ་འོངས་ཏེ་འདི་ཅོག་འདྲ་ཁོག་པ་ནག་པོ་བྱེད་མཁན་གྱི་མི་ཡ་ལ་(ཁོ་འོངས་ཏེ་འོ་མི་ངན་པ་ཡ་ལ་)གསོད་རང་གསོད་ཅེས་ཡོད། དེ་ནས་རང་གི་ཞིང་རྒུན་འཚོད་མཁན་གྱི་དུས་ཚོད་ལ་རང་ལ་ཐོབ་མཁན་གྱི་བོགས་སྐྱེལ་གཏོང་མཁན་གྱི་མི་ཡ་ལ་འོ་རྒུན་འབྲུམ་གྱི་ཞིང་རྒྱབ་ཅེས་ལ་སྟེར་ཅེས་ཡོད། སྨྲས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་༼མཆོད་དཔོན་ཆེན་པོ་༽དང་འགོ་པ་ཆེན་པོ་ཡ་གིས་སྨྲ་ཟིན།།

༤༢ དེ་ནས་ཡེ་ཤུས་ཀྱིས་ཁོང་ལ། གསུང་རབ་ལ་བྲིས་བཞག་པའི་འདི་སྐད་ཆ་ཁྱེད་ཀྱིས་ནམ་ཡང་མ་བཀླགས་སམ། 

རྩིག་བཟོ་མཁས་པས་ཕན་མི་ཐོགས་མཁན་སྨྲས་ཏེ་དབྱུགས་བཞག་པའི་རྡོ་དེ་

ཁང་པའི་རྨང་འདིང་མཁན་གང་ལ་(འདིང་བ་དང་)ཟུར་རྡོ་འགྲོ་ཟིན།།

འདི་ཅོག་འདྲ་ནི་ཡ་ཝྰེ་རང་གིས་རང་འགྲོ་འཇུག་ཟིན།། 

འདི་ནི་ག་ཚོད་ཡ་མཚན་ཆེ་བའི་ལས་ཀ་ནུ་བ།། (འདི་ནི་ངོ་མཚར་ཆེ་བ་ནུ་བ།།) 

༤༣-༤༤ འོ་སོང་བས་ངས་ཁྱེད་ལ་སྨྲ་མཁན། ཨལ་ལོ་ཧིམ་གྱི་རྒྱལ་སྲིད་ཁྱེད་ལས་ཕྲོགས་ཏེ་བརྒྱད་པ་གཞན་པ་གཅིག་ལ་སྟེར་ཅེས་ཡོད། ཁོང་གིས་ནི་ཨལ་ལོ་ཧིམ་ལ་སེམས་ཉེ་བ་འོང་འཇུག་མཁན་གྱི་ལས་ཀ་ཡ་བྱེད་ཅེས་ཡོད། 

འོ་རྡོ་ལ་བཏབ་སྟེ་རིལ་མཁན་གྱི་མི་དེ་རྦད་འཐོར་ཁ་འཐོར་འགྲོ་ཅེས་ཡོད།།

གཉིས་པར། གང་དྲའི་མིའི་ཐོག་ལ་འོ་རྡོ་རྡེབ་མཁན།། 

འོ་མི་དེ་རོབ་སྟེ་ཐལ་བ་འགྲོ་ཅེས་ཡོད།། (འོ་མི་ཐལ་བ་ཕུང་ངེ་འགྲོ་ཅེས་ཡོད།།)

སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། 

༤༥ ཡེ་ཤུས་ཀྱིས་སྨྲས་པའི་འདི་གཏམ་དཔེ་ཡ་ཐོས་ཏེ་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེན་པོ་དང་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རི་སི་ཡ་གིས། ཡེ་ཤུས་ཀྱིས་འོ་གཏམ་དཔེ་ཁོང་གི་དོན་དག་ལ་སྨྲས་པ་ཡིན་པ་སྨྲ་མཁན་དེ་ཤེས་ཟིན། ༤༦ འོ་སོང་བས་ཁོང་གིས་ཡེ་ཤུ་ལ་འཛིན་ཅེས་འཚོལ་ཟིན། ཡིན་ནས་མི་ཡ་གིས། ཡེ་ཤུ་ལ་ཨལ་གྱི་སྐད་ཆ་ཤོད་མཁན་ཡིན་པ་སྨྲ་མཁན་དེ་རྩི་མཁན་སོང་བས་ཁོང་མི་བུངས་ཡ་ལ་(མི་མི་མང་ལ་)མཐོང་སྟེ་འཇིགས་ཟིན།། །། (ཡིན་ནས་ཁོང་མི་མང་མཉམ་པོ་འཇིགས་ཟིན། ཅི་ལས་སྨྲ་ན་མི་ཡ་གིས་ཡེ་ཤུ་ལ་ཨལ་གྱི་སྐད་ཆ་ཤོད་མཁན་ཡིན་པ་སྨྲས་ཏེ་རྩིས་བྱེད་གོ་ཡོད་མཁན།། །།)

Your encouragement is valuable to us

Your stories help make websites like this possible.