༡ དེ་ནས་ཡ་ཝྰེས་ནོ་ཨ་ལ། མདང་དེ་རིང་གི་མི་ཡ་ལས་ཁྱོད་ངའི་གདོང་ལ་སྐྱོན་མེད་པ་ཡིན་པ་མཐོང་བས་ཁྱོད་དེ་ཁྱིམ་གྱི་མེས་མེས་གང་པོ་རང་མཉམ་པོ་གྲུ་གཟིངས་ཀྱི་ནང་ལ་ཞུགས། ༢ རི་དྭགས་གཙང་མ་གང་པོ་ལས་ཕོ་མོ་བདུན་བདུན། རི་དྭགས་མི་གཙང་མ་ལས་(རི་དྭགས་གཙང་མ་མེད་པ་ལས་)ཕོ་མོ་གཉིས་གཉིས། (ཕོ་མོ་དང་ཆ་ཆ་བྱས་ཏེ།) ༣ དེ་ནས་གནམ་གྱི་བྱ་བྱིའུ་ལས་ཕོ་མོ་བདུན་བདུན་ཁྱོད་མཉམ་པོ་ཁྱེར། ས་གཞི་ལ་ལུས་ཅན་གྱི་བརྒྱུད་པའི་ས་བོན་གསོན་པོར་ལུས་ཅེས་སྨྲས་ཏེ་ཕོ་མོ་ཁྱོད་མཉམ་པོ་ཁྱེར། ༤ ཅི་ལས་སྨྲ་ན་ཉི་མ་བདུན་གྱི་འགབ་ལས་(ཅི་ལས་སྨྲ་ན་ཉི་མ་བདུན་གྱི་རྗེས་ལ་)ངས་ཀྱིས་ཉིན་མཚན་བཞི་བཅུ་ཐུག་(ཉི་མོ་བཞི་བཅུ་དང་དགོང་མོ་བཞི་བཅུ་ཐུག་)ས་གཞི་ལ་ཆར་པ་རྒྱབ་འཇུག་ཅེས་ཡོད། ངས་ཀྱིས་བཟོས་པའི་ལུས་ཅན་གང་པོ་(ངས་ཀྱིས་བགྱིས་པའི་ལུས་ཅན་གང་པོ་)ས་གཞི་གང་པོའི་ཐོག་ལས་མེད་པར་གཏོང་ཅེས་ཡོད། (རྣམ་པར་འཇིག་པར་བྱེད་ཅེས་ཡོད།) སྨྲས་ཏེ། ༥ ཡ་ཝྰེས་ནོ་ཨ་ལ་བཀའ་བསྟེར་བ་ཅོག་འདྲ་ནོ་ཨས་འདི་ཅོག་འདྲ་བྱེད་ཟིན།། ༦ ནོ་ཨ་ལོ་དྲུག་བརྒྱ་སླེབ་པའི་གང་ནས་(སླེབས་པའི་དུས་ལ་)ཆུ་ལོག་ཆེན་པོ་(ཆུ་རུད་ཆེན་པོ་)ས་གཞི་ལ་འབབ་ཟིན།། ༧ དེ་ནས་ཆུ་ལོག་ཆེན་པོ་འབབ་རན་ཏེ་ནོ་ཨ་ནི། བུ་ཡ། ཆུང་མ་དང་བུའི་ཆུང་མ་ཡ་མཉམ་པོ་ཆུ་ལོག་ལས་ཐར་ཅེས་སྨྲས་ཏེ་གྲུ་གཟིངས་ཀྱི་ནང་ལ་འཇུག་ཟིན། ༨ ཨལ་ལོ་ཧིམ་གྱིས་ནོ་ཨ་ལ་བཀའ་བསྟེར་བ་ཅོག་འདྲ་རི་དྭགས་གཙང་མ་ཡ་དང་མི་གཙང་མ་ཡ། བྱ་བྱིའུ་དང་ལྟོ་འགྲོ་སྲིན་འབུ་ཡ་ལས། ༩ ཕོ་མོ་གཉིས་གཉིས་(ཕོ་མོ་དང་ཆ་ཆ་བྱས་ཏེ་)ནོ་ཨའི་འགྲམ་ལ་གྲུ་གཟིངས་ཀྱི་ནང་ལ་འཇུག་ཟིན། ༡༠ དེ་ནས་ཉི་མ་བདུན་གྱི་འགབ་ལས་(དེ་ནས་ཉི་མ་བདུན་གྱི་རྗེས་ལ་)ཆུ་ལོག་གི་ཆུ་ས་གཞི་ལ་འབབ་ཟིན།། ༡༡ ནོ་ཨའི་ཚེ་ལོ་དྲུག་བརྒྱ་པའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་པའི་ཉི་མ་དེ་ལ་རང་རྒྱ་མཚོ་ཆེན་པོའི་གཏིང་གི་ཆུ་མིག་གང་པོ་ཡང་རྡོལ་ཟིན། གནམ་གྱི་སྒེ་ཁུང་གང་པོ་ཡང་འབྱེ་ཟིན། ༡༢ ཉིན་མཚན་བཞི་བཅུ་ཐུག་(ཉི་མ་བཞི་བཅུ་ཐུག་ཉིན་མཚན་མེད་པ་)ས་གཞི་ལ་ཆར་པ་ཆེན་པོ་རྒྱབ་ཟིན། (ས་གཞི་ལ་དྲག་ཆར་རྒྱབ་ཟིན།) ༡༣ འོ་ཉི་མ་དེ་ལ་རང་ནོ་ཨ། ནོ་ཨའི་བུ་ཤེམ། ཧམ་དང་ཡ་ཕེད་གསུམ། ནོ་ཨའི་ཆུང་མ་དང་བུ་ཡ་གི་ཆུང་མ་གསུམ་མཉམ་པོ་གྲུ་གཟིངས་ཀྱི་ནང་ལ་འཇུག་ཟིན། ༡༤ ཁོང་མཉམ་པོ་རི་དྭགས་ཀྱི་རིགས་གང་པོ་རང་རང་གི་རིགས་ཅོག་འདྲ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོའི་རིགས་གང་པོ་རང་རང་གི་རིགས་ཅོག་འདྲ། ས་ལ་རྒྱུ་མཁན་གྱི་ལྟོ་འགྲོ་སྲིན་འབུའི་རིགས་གང་པོ་རང་རང་གི་རིགས་ཅོག་འདྲ། བྱ་བྱིའུའི་རིགས་གང་པོ་རང་རང་གི་རིགས་ཅོག་འདྲ། ཤོག་ཅན་གྱི་བྱ་ཆེ་ཆུང་མ་ལུས་པར་འཇུག་ཟིན། ༡༥ སྲོག་གི་དབུགས་ཡོད་མཁན་གྱི་ལུས་ཅན་གང་པོ་ལས་གཉིས་གཉིས་(སྲོག་གི་དབུགས་ཡོད་མཁན་གྱི་ལུས་ཅན་ཡ་དང་ཆ་ཆ་བྱས་ཏེ་ལས་)ནོ་ཨའི་འགྲམ་ལ་གྲུ་གཟིངས་ཀྱི་ནང་ལ་འཇུག་ཟིན། ༡༦ ཞུགས་པ་ཡ་ཨལ་ལོ་ཧིམ་གྱིས་བཀའ་བསྟེར་བ་ཅོག་འདྲ་རང་ལུས་ཅན་གང་པོ་ལས་ཕོ་དང་མོ་ཡོད་མཁན། དེ་ནས་ཡ་ཝྰེས་ཁོང་གི་རྒྱབ་ལ་གྲུ་གཟིངས་ཀྱི་སྒོ་རྒྱབ་ཟིན།། ༡༧ ཉི་མ་བཞི་བཅུ་ཐུག་ས་གཞི་ལ་ཆུ་ལོག་འབྱུང་ཟིན། ཆུ་ཕེལ་ཏེ་གྲུ་གཟིངས་ལ་ཡར་ལ་ཡར་ལ་འགྱོག་ཟིན། ༡༨ ཆུ་ཆེན་པོ་གྱུར་ཏེ་ས་གཞི་ལ་མང་པོ་འཇིགས་པོ་འཕེལ་ཟིན། ཆུའི་ཁ་ལ་གྲུ་གཟིངས་ལྡིང་ཟིན། ༡༩ ཆུ་ཆེན་པོ་འཇིགས་པོ་གྱུར་བས་གནམ་གྱི་འོག་ལ་ཡོད་མཁན་གྱི་རི་མཐོན་པོ་གང་པོ་འཐིབས་ཟིན། ༢༠ ཆུ་ཆེན་པོ་ཆེན་པོ་འཇིགས་པོ་གྱུར་ཏེ་རི་རྩེ་ལས་ཀྱང་(སྨྲས་ཏེ་ཡང་)ཁྲུ་བཅོ་ལྔའི་ཆུ་ཕེལ་ཏེ་རི་ཁ་གང་པོ་ཐིབས་ཏེ་སོང་། ༢༡ ས་གཞི་ལ་ཡོད་མཁན་གྱི་ལུས་ཅན་གང་པོ་བྱ་བྱིའུ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་ཡ། རི་དྭགས་ཡ། དང་ས་ལ་རྒྱུ་མཁན་གྱི་ལྟོ་འགྲོ་སྲིན་འབུ་ཡ་དང་མི་གང་པོ་འཆི་ཟིན། ༢༢ སྣ་ཁོག་ལ་སྲོག་གི་དབུགས་ཡོད་མཁན་གང་པོ། སྐམ་ས་ལ་(ས་སྐམ་པོ་ལ་)ཡོད་མཁན་གྱི་ལུས་ཅན་གང་པོ་འཆི་ཟིན། ༢༣ ས་གཞི་ལ་ཡོད་མཁན་གྱི་ལུས་ཅན་གང་པོ་མི་ཡ། ཁྱིམ་ལ་འཚོ་མཁན་གྱི་དུད་འགྲོ་ཡ། ལྟོ་འགྲོ་སྲིན་འབུ་ཡ་དང་ནམ་མཁའི་བྱ་བྱིའུ་མེད་པར་སོང་། འོ་ཡ་ས་གཞི་ལས་མེད་པར་སོང་། ནོ་ཨ་དང་ཁོ་མཉམ་པོ་གྲུ་གཟིངས་ཀྱི་ནང་ལ་ཡོད་མཁན་ཡ་ལ་གཅིག་རང་ལུས་ཟིན། ༢༤ དེ་ནས་ཉི་མ་བརྒྱ་དང་ལྔ་བཅུ་ཐུག་ས་གཞི་ལ་ཆུ་ཆེན་པོ་སྡོད་ཟིན།། །།
མགོ་མ་ལེའུ་བདུན་པ།
Your encouragement is valuable to us
Your stories help make websites like this possible.