༡ ནོ་ཨའི་བུའི་མི་ཐོག་ཡ་ནི་འདི་ཅོག་འདྲ་ཡོད་པ། ཆུ་ལོག་གི་རྗེས་ལ་(ཆུ་ལོག་རྒྱབ་ཟིན་ཏེ་འགབ་ལས་)ནོ་ཨའི་བུ་ཤེམ། ཧྰམ་དང་ཡ་ཕེད་གསུམ་ལས་བུ་ཡ་སྐྱེ་ཟིན།།
༢ ཡ་ཕེད་ཀྱི་བུ་ཡ་ནི་གོ་མེར། མ་གོག མ་ད་ཨི། ཡ་ཝན། ཐུ་བལ། མེ་ཤེག་དང་ཐི་ར་ཡིན་པ།།
༣ གོ་མེར་ཀྱི་བུ་ཡ་ནི་ཨཤ་ཀེ་ན། རི་ཨད་དང་ཐོ་གར་མ་ཡིན་པ།།
༤ ཡ་ཝན་གྱི་བུ་ཡ་ནི་ཨེ་ལི་ཤྰ། ཐར་ཤིས། ཀི་ཐིམ་དང་དོ་ད་ནིམ་ཡིན་པ།།
༥ ཡ་ཕད་ཀྱི་བུ་བརྒྱུད་ཀྱི་ལམ་ལས་(བུ་བརྒྱུད་ལས་ཀྱི་བྱས་ཏེ་ ། བུ་བརྒྱུད་ལས་)ཕྱི་ལོགས་ཀྱི་མི་ཡ་གི་ལུང་པ་ཡ་ལ་རང་རང་གི་ཡུལ་ཡ་ལ་ཁ་འབྲལ་ཟིན། ༼ཕྱི་ལོགས་ཀྱི་མི་དེ་ཡ་ཧུ་དྰ་པའི་མི་མིན་པ། མི་གཞན་པ་ཡིན་པ། ཅི་ལས་སྨྲ་ན་ཤེམ་གྱི་བུ་བརྒྱུད་ཀྱི་ལམ་ལས་གཅིག་པོ་ཨིབ་རི་པའི་མི། དེ་ནས་ཡ་ཧུ་དྰ་པའི་མི་འོང་ཟིན།༽ ཁོང་དེ་རང་རང་གི་སྐད་རིགས་དང་ཁྱིམ་རྒྱུད་ལ་དཔེ་བྱས་ཁོང་གི་མི་རིགས་འདི་ཡ་རང་ཡིན་པ།།
༦ ཡང་ཧྰམ་གྱི་བུ་ཡ་ནི་ཀུས། མི་སེར། ཕུཏ་དང་ཀ་ན་ཨན་ཡིན་པ།།
༧ ཀུས་ཀྱི་བུ་ཡ་ནི་སེ་བ། ཀ་ཝི་ལྰ། སབ་ཐྰ། ར་ཨེ་མ་དང་སབ་ཐེ་ཀ་ཡིན་པ། ར་ཨེ་མའི་བུ་ཡ་ནི་ཤེ་བ་དང་དེ་དན་ཡིན་པ།།
༨ ཀུས་ཀྱི་བུ་ནིམ་རོད་ཡོན་པ། དཔའ་བོ་དང་སྐད་གྲགས་ཆགས་པའི་མི་འགོ་འཛུགས་ཟིན། (ཤུགས་ཆེན་པོའི་མི་འགོ་འཛུགས་ཟིན།) ༩ ཁོ་ནི་ཡ་ཝྰེའི་མདུན་ལ་ཁྱི་ར་པ་(རྔོན་པ་)དཔའ་བོ་ཞིག་ཡིན་པས། མི་ཡ་གིས་འདི་ཅོག་འདྲ་སྨྲ་འོ་ཡོད་མཁན། (ཁོ་ནི་ཡ་ཝྰེའི་མདུན་ལ་ཁྱི་ར་པ་(རྔོན་པ་)དཔའ་བོ་ཞིག་ཡིན་མཁན། འོ་སོང་བས་མི་ཡ་གིས་འདི་ཅོག་འདྲ་སྨྲ་འོ་ཡོད་མཁན།) ཁྱོད་ཡ་ཝྰེའི་མདུན་ལ་རྔོན་པ་དཔའ་བོ་ནིམ་རོད་(ཁྱི་ར་པ་ཤུགས་ཆེན་པོ་ནིམ་རོད་)ཅོག་འདྲ་རང་ཡིན་པ། སྨྲས་ཏེ། མི་ཡ་གིས། ༡༠ བ་བེལ། ཨེ་རེག ཨ་ཁད་དང་ཀལ་ནེ་སྨྲ་མཁན་དེ་ཤིན་ཨར་ཡུལ་ལ་ཡོད་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་དང་པོ་ནིམ་རོད་ཡིན་མཁན། ༼ཤིན་ཨར་ཡུལ་ནི་ལྷོ་ཕྱོགས་ཀྱི་མེ་སོ་པོ་ཐེམ་ཡྰ་ས་གནས་ཡིན་མཁན།༽ ༡༡ འོ་ཡུལ་ལས་ཁོ་ཨ་ཤུར་ཡུལ་ལ་འགྲོ་ཟིན། ༼ཨ་ཤར་ཡུལ་ནི་བྱང་ཕྱོགས་ཀྱི་མེ་སོ་པོ་ཐེམ་ཡྰ་ས་གནས་ཡིན་མཁན།༽ དེ་ནས་འོ་ལ་ནི་ནེ་ཝེ། རེ་ཀོ་བོད་ཨིར་དང་ཀ་ལྰ་སྨྲ་མཁན་གྱི་རྒྱལ་ཁབ་ཡ་བཟོ་ཟིན། ༡༢ ནི་ནེ་ཝེ་དང་ཀ་ལྰའི་བར་དཀྱིལ་ལ་རེ་སེན་སྨྲ་མཁན་གྱི་རྒྱལ་ཁབ་བཟོ་ཟིན། རེ་སེན་ཡུལ་ཆེན་མོ་ཆེན་མོ་ཡོད་མཁན།།
༡༣ མི་སེར་གྱི་བུ་བརྒྱུད་ལུ་དྰ་པ། ཨ་ནམ་པ། ལེ་ཧམ་པ། ནྰབ་ཐུ་པ། ༡༤ པད་རུ་པ། ཀྰ་སི་ལི་པ་དང་ཀབ་ཐོར་པ་ཡིན་པ། ཀྰ་སི་ལི་པའི་ལམ་ལས་ཕེ་ལེ་ཤེད་པ་སྐྱེ་ཟིན།།
༡༥ ཀ་ན་ཨན་གྱི་སྔོན་སྐྱེས་ཀྱི་བུ་ནི་ཚི་དོན་ཡིན་པ། དེ་ནས་ཆུང་ཤོས་དེ་ཧེད་ཡིན་པ། ༡༦ ཀ་ན་ཨན་གྱི་ལམ་ལས་ཡི་བུས་པ། ཨེ་མོར་པ། གིར་གཤ་པ། ༡༧ ཧི་ཝི་པ། ཨར་ཁི་པ། སི་ནི་པ། ༡༨ ཨར་ཝ་དི་པ། ཚེ་མ་རི་པ་དང་ཀ་མ་ཐི་པ་འཐོན་ཟིན། འོ་འགབ་ལས་(འི་རྗེས་ལ་)ཀ་ན་ཨན་པའི་ཁྱིམ་རྒྱུད་ག་ན་ག་ན་རང་འགྲམས་ཟིན།། (འཐོར་ཟིན།།)
༡༩ ཀ་ན་ཨན་པའི་ས་མཚམས་ནི་ཚི་དོན་ལས་གེ་རར་གྱི་ཕྱོགས་ལ་འགྲོ་མཁན་གྱི་ལམ་ལས་གྰ་ཟྰ་སྨྲ་མཁན་དེ་ཐུག དེ་ནས་ས་དོམ། ག་མོ་རཱ། ཨད་མྰ་དང་ཚེ་བོ་ཡིམ་གྱི་ཕྱོགས་ལ་འགྲོ་མཁན་གྱི་ལམ་ལས་ལྰ་ཤྰ་སྨྲ་མཁན་དེ་ཐུག་ཡོད་མཁན། ༢༠ འདི་ཡ་ཧྰམ་གྱི་བུ་ཡ་ཡིན་པ། ཁོང་དེ་རང་རང་གྱི་ཁྱིམ་རྒྱུད་དང་སྐད་རིགས་ལ་དཔེ་བྱས་ཁོང་གི་ཡུལ་དང་མི་རིགས་འདི་ཡ་རང་ཡིན་པ།།
༢༡ ཨེ་བེར་གྱི་བུ་གང་པོའི་མེས་མེས་ཡང་མེས་(གོང་མའི་མེས་མེས་)ཡིན་མཁན་དང་ཡ་ཕེད་ཀྱི་ཨ་པོ་(ཨ་ད་)ཡིན་མཁན་གྱི་ཤེམ་ལས་ཀྱང་བུ་ཡ་སྐྱེ་ཟིན།།
༢༢ ཤེམ་གྱི་བུ་ཡ་ནི་ཨེ་ལམ། ཨ་ཤུར། ཨར་པག་ཤད། ལུ་ཏི་དང་ཨ་རམ་ཡིན་པ།།
༢༣ ཨ་རམ་གྱི་བུ་ཡ་ནི་ཨུཟ། ཧུལ། གེ་ཐེར་དང་མཤ་ཡིན་པ།།
༢༤ ཨར་པག་ཤད་ཀྱི་བུ་ཤེ་ལྰ། ཤེ་ལྰའི་བུ་ཨེ་བེར་ཡིན་པ།།
༢༥ ཨེ་བེར་ལས་བུ་གཉིས་སྐྱེ་ཟིན། གཅིག་གི་མིང་ཕེ་ལེག་ཡིན་མཁན། ཅི་ལས་སྨྲ་ན་ཁོའི་དུས་ཚོད་ལ་རང་ས་གཞིའི་མི་ཡ་ཁ་བྲལ་བ་ཡོད་མཁན། ༼ཕེ་ལེག་སྨྲ་མཁན་དེ་ཨིབ་རི་པའི་སྐད་ལ་ཁ་འཐོར་སྨྲས་པ་ཡིན་པ། ཅི་ལས་སྨྲ་ན་ཕེ་ལེག་གི་དུས་ཚོད་ལ་ས་གཞིའི་མིའི་སྐད་གཅིག་ནི་ཁ་བྲལ་བ་ཡོད་མཁན།༽ ཁོའི་འོག་མའི་མིང་ནི་ཡོག་ཏན་ཡིན་མཁན།།
༢༦ ཡོག་ཏན་གྱི་བུ་ཡ་ཨལ་མོ་དད། ཤེ་ལཕ། ཀ་ཚར་མ་ཝེད། ཡ་རག ༢༧ ཧ་དོ་རམ། ཨུ་ཟལ། དིག་ལྰ། ༢༨ ཨོ་བལ། ཨ་བི་མ་ཨལ། ཤེ་བ། ༢༩ ཨོ་བིར། ཏ་ཝི་ལ་དང་ཡོ་བབ་ཡིན་མཁན། འོ་གང་པོ་ཡོག་ཏན་གྱི་བུ་ཡ་ཡིན་མཁན།།
༣༠ ཁོང་གི་བསྡད་པའི་ས་ཆ་ནི་མེ་ཤ་ཡུལ་ལས་སེ་ཕར་ཡུལ་གྱི་ཤར་ཕྱོགས་ཀྱི་རི་ལ་འགྲོ་མཁན་གྱི་ལམ་ཐུག་ཡོད་མཁན།།
༣༡ འདི་ཡ་ཤེམ་གྱི་བུ་ཡ་ཡིན་པ། ཁོང་དེ་རང་རང་གྱི་ཁྱིམ་རྒྱུད་དང་སྐད་རིགས་ལ་དཔེ་བྱས་ཁོང་གི་ཡུལ་དང་མི་རིགས་འདི་ཡ་རང་ཡིན་པ།།
༣༢ ནོ་ཨའི་བུ་ཡ་གི་ཁྱིམ་རྒྱུད་ཡ་རང་རང་གི་མི་ཐོག་ལ་དཔེ་བྱས་(རང་རང་གི་བརྒྱུད་པ་ལ་དཔེ་བྱས་)ཁོང་གི་མི་རིགས་འདི་ཡ་རང་ཡིན་པ། ཆུ་ལོག་གི་རྗེས་ལ་(ཆུ་ལོག་རྒྱབ་ཟིན་ཏེ་འགབ་ལས་)ཁོང་གི་ལམ་ལས་རང་ས་གཞི་ལ་མི་རིགས་ཁ་བྲལ་ཏེ་ག་ན་ག་ན་རང་བཏོར་ཏེ་འགྲོ་ཟིན།། །།