༄༅། །མད་ཐྰས་བྲིས་པའི་ལོན་བཟང་།
དབང་སྐུར་ཐོབ་པའི་ཡེ་ཤུའི་མེས་མེས་ཡང་མེས་ཡ།
1 དབང་སྐུར་ཐོབ་པའི་ཡེ་ཤུ་ནི་ཨབ་ར་ཧམ་དང་རྒྱལ་པོ་དྰ་བིད་ཀྱི་བརྒྱུད་པ་ཡིན་པ། ཡེ་ཤུའི་མེས་མེས་ཡང་མེས་ཡ་འདི་ཡ་རང་ཡིན་པ།
2 ཨབ་ར་ཧམ་གྱི་བུ་ཨི་སྰག ཨི་སྰག་གི་བུ་ཡ་ཀོབ། ཡ་ཀོབ་ཀྱི་བུ་ཡ་ཧུ་དྰ་དང་ཁོའི་ཨ་པོ་འོག་མ་ཡ། (ཨ་ད་ནོ་ཡ།) 3 དེ་ནས་ཡ་ཧུ་དྰའི་བུ་ཕེ་རེས་དང་ཟེ་རག ཁོང་གཉིས་ཀྱི་ཨ་མ་དེ་ཐལ་མྰར་ཡིན་མཁན། དེ་ནས་ཕེ་རེས་ཀྱི་བུ་ཧེས་རོན། ཧེས་རོན་གྱི་བུ་རྰམ། 4 རྰམ་གྱི་བུ་ཨ་མི་ནྰ་དབ། ཨ་མི་ནྰ་དབ་ཀྱི་བུ་ནྰ་སོན། ནྰ་སོན་གྱི་བུ་སྰལ་མོན། 5 སྰལ་མོན་གྱི་བུ་པྰོ་ཨ་ཟི། པྰོ་ཨ་ཟིའི་ཨ་མ་དེ་རྰ་ཧབ་ཡིན་མཁན། དེ་ནས་པྰོ་ཨ་ཟའི་བུ་ཨོ་བེད། ཨོ་བེད་ཀྱི་ཨ་མ་དེ་རུད་ཡིན་མཁན། ཨོ་བེད་ཀྱི་བུ་ཡི་ཤྰ། 6 དེ་ནས་ཡི་ཤྰའི་བུ་རྒྱལ་པོ་དྰ་བིད།
དེ་ནས་རྒྱལ་པོ་དྰ་བིད་ལས་མར། དྰ་བིད་ཀྱི་བུ་སོ་ལོ་མོན། སོ་ལོ་མོན་གྱི་ཨ་མ་དེ་ཨུ་རི་ཡྰའི་ཆུང་མ་ཡིན་མཁན། 7 དེ་ནས་སོ་ལོ་མོན་གྱི་བུ་རེ་ཧབ་ཨམ། རེ་ཧབ་ཨམ་གྱི་བུ་ཨ་བི་ཡྰ། ཨ་བི་ཡྰའི་བུ་ཨ་སྰ། 8 ཨ་སྰའི་བུ་ཡེ་ཧོ་ཤ་ཕད། ཡེ་ཧོ་ཤ་ཕད་ཀྱི་བུ་ཡོ་རྰམ། ཡོ་རྰམ་གྱི་བུ་ཨུ་ཟི་ཡྰ། 9 ཨུ་ཟི་ཡྰའི་བུ་ཡོ་ཐམ། ཡོ་ཐམ་གྱི་བུ་ཨ་ཧ་ཟྰ། ཨ་ཧ་ཟྰའི་བུ་ཧི་ཟི་ཀི་ཡྰ། 10 ཧི་ཟི་ཀི་ཡྰའི་བུ་མྰ་ན་ཤེ། མྰ་ན་ཤེའི་བུ་ཨ་མོན། ཨ་མོན་གྱི་བུ་ཡོ་ཤི་ཡྰ། 11 ཡོ་ཤི་ཡྰའི་བུ་ཡེ་ཀོན་ཡྰ། ཡེ་ཀོན་ཡྰ་དང་ཁོའི་འོག་མ་ཡ་གི་ཐེངས་ལ་བབ་བེལ་ལོན་སྨྲ་མཁན་གྱི་རྒྱལ་སའི་རྒྱལ་པོས་ཀྱིས་ཡ་ཧུ་དྰ་མངའ་སྡེའི་མི་ཡ་ལ་དམག་བརྒྱབ་སྟེ། ཁོང་གི་ཐོག་ལ་རྒྱལ་ཏེ་བབ་བེལ་ལོན་ལ་འཁྱེར་ཟིན། (འཁྲིད་ཟིན།)
12 བབ་བེལ་ལོན་ལ་ཁྱེར་ཁྱེར་བ་ལ་(ཁྱེར་ཏེ་འགབ་ལས་)ཡེ་ཀོན་ཡྰའི་རིགས་རྒྱུད་(བརྒྱུད་པ་ཡ་)འདི་ཡ་རང་ཡིན་པ། ཡེ་ཀོན་ཡྰའི་བུ་ཞིད་ཨེལ་ཐེ་ཨལ། ཞིད་ཨེལ་ཐེ་ཨལ་གྱི་བུ་ཟེ་རུ་བྰ་བེལ། 13 ཟེ་རུ་བྰ་བེལ་གྱི་བུ་ཨ་བི་ཧུད། ཨ་བི་ཧུད་ཀྱི་བུ་ཨལ་ཡྰ་ཀིམ། ཨལ་ཡྰ་ཀིམ་གྱི་བུ་ཨ་ཟོར། 14 ཨ་ཟོར་གྱི་བུ་ཟྰ་ཏོག ཟྰ་ཏོག་གི་བུ་ཨ་ཀིམ། ཨ་ཀིམ་གྱི་བུ་ཨལ་ལི་ཧོད། 15 ཨལ་ལི་ཧོད་ཀྱི་བུ་ཨལ་ལི་ཨ་ཟར། ཨལ་ལི་ཨ་ཟར་གྱི་བུ་མད་ཐན། མད་ཐན་གྱི་བུ་ཡ་ཀོབ། 16 དེ་ནས་ཡ་ཀོབ་ཀྱི་བུ་ཡོ་སེབ་དེ་མིར་ཡམ་གྱི་ཁྱོ་ག་ཡིན་མཁན། དེ་ནས་མིར་ཡམ་དེ་དབང་སྐུར་ཐོབ་པའི་ཡེ་ཤུའི་ཨ་མ་ཡིན་པ།།
17 འོ་ཅོག་འདྲ་བྱས་ཏེ་ཨབ་ར་ཧམ་ཡིན་འཇུག་(ཨབ་ར་ཧམ་ལས་)དྰ་བིད་ཐུག་ལ་མི་ཐོག་བཅུ་བཞི། དེ་ནས་དྰ་བིད་ཡིན་འཇུག་བབ་བེལ་ལོན་ལ་ཁྱེར་བའི་དུས་ཚོད་ཐུག་ལ་ཡང་མི་ཐོག་བཅུ་བཞི། དེ་ནས་འོ་དུས་ཚོད་ཡིན་འཇུག་དབང་སྐུར་ཐོབ་པ་༼བསྐུས་པ་དེ་༽ཐུག་ལ་ཡང་མི་ཐོག་བཅུ་བཞི་འགྲོ་ཟིན་པ་ནུག་པ།།
ཡེ་ཤུ་སྐྱེས་པ།
18 དབང་སྐུར་ཐོབ་པའི་ཡེ་ཤུ་འདི་ཅོག་འདྲ་བྱས་ཏེ་སྐྱེ་ཟིན། ཡེ་ཤུའི་ཨ་མ་མིར་ཡམ་དེ་ཡོ་སེབ་མཉམ་པོ་སློང་ཆང་ཕྱིན་ཏེ་ཡོད་མཁན། ཡིན་ནས་ཁོང་གཉིས་ཀྱིས་ལུས་འབྲེལ་མ་བྱས་པའི་སྔོན་ལ་(ལུས་འབྲེལ་བྱེད་མཁན་སྨྲས་ཏེ་གདོང་ལས་)རྣམ་པར་དག་པའི་ཐུགས་ལས་མིར་ཡམ་གྱི་གཟུགས་པོ་ལ་སྐྱེ་ཅེས་བྱེད་ཟིན་ཏེ་ཡོད་མཁན་ནུག་པ། 19 ཡོ་སེབ་ནི་སེམས་དྲང་པོའི་མི་ཡོད་མཁན། འོ་སོང་བས་ཡོ་སེབ་ཀྱིས་མི་ཡ་གི་གདོང་ལ་མིར་ཡམ་ལ་བཙོག་པ་མ་འོང་འཇུག་སྨྲས་ཏེ་མོ་ལ་ཁ་འཛུམ་པ་བྱས་ཏེ་སྐྱུར་ཅེས་སྨྲས་ཏེ་བསམ་བློ་གཏོང་ཟིན། 20 འདི་ཅོག་འདྲ་བསམ་བློ་བཏང་སྡོད་པ་དང་(བསམ་བློ་བཏང་སྡོད་མཁན་སྒང་ལ་)ཡོ་སེབ་གཉིད་ལོག་ཟིན། དེ་ནས་གཉིད་ལོག་པ་དང་(གཉིད་ལོག་མཁན་སྒང་ལ་)ཁོའི་རྨི་ལམ་ལ་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་ཁོའི་རྩར་ལ་འོངས་ཏེ། དྰ་བིད་ཀྱི་རིགས་རྒྱུད་(བརྒྱུད་པ་)ཡོ་སེབ། ཁྱོད་ཀྱིས་མིར་ཡམ་རང་མཉམ་པོ་འཇོག་པ་ལ་མ་འཇིགས། (འཇོག་ཅེས་ལ་མ་འཇིགས།) མོ་དེ་གཟུགས་པོ་ལ་སྐྱེ་ཅེས་བྱས་པ་དེ་རྣམ་པར་དག་པའི་ཐུགས་ཀྱིས་སྐྱེ་བཅུག་པ་ཡིན། 21 མོ་ལ་བུ་གཅིག་སྐྱེ་ཅེས་ནུག ཁྱོད་ཀྱིས་འོ་བུའི་མིང་ལ་ཡེ་ཤུ་སྨྲས་ཏེ་འདོགས་དོང་། ཅི་ལས་སྨྲ་ན་ཡེ་ཤུས་ཀྱིས་རང་གི་མི་ཡ་ལ་ངོ་ལོག་ལས་ཐར་འཇུག་ཅེས་ནུག (མོ་ལ་བུ་གཅིག་སྐྱེ་ཅེས་ནུག ཁོས་ཀྱིས་རང་གི་མི་ཡ་ལ་ངོ་ལོག་ལས་ཐར་བཅུག་པས་ཁྱོད་ཀྱིས་ཁོའི་མིང་ལ་ཡེ་ཤུ་སྨྲས་ཏེ་འདོགས་དོང་།) སྨྲས་ཏེ། ཡ་ཝྰེའི་ལོན་སྐྱེལ་མཁན་གྱིས། ༼ངོ་ལོག་གི་དོན་དག་ཅི་ཡིན་ནམ། མི་གང་པོས་ཨལ་ལོ་ཧིམ་གྱི་དབང་ཆ་ལ་ངོ་རྒོལ་བྱས་ཡོད་མཁན།༽
22 དེ་ནས་ཅི་ལས་འདི་ཅོག་འདྲ་འོངས་པ་སྨྲ་ཟིན་ན། ཡ་ཝྰེས་རང་ལས་སྐད་ཆ་ཤོད་མཁན་གྱིས་བྱས་ཏེ་སྨྲས་པའི་འདི་སྐད་ཆ་དོན་དག་འགྲུབ་འཇུག་སྨྲས་ཏེ་(དོན་དག་འགྲུབ་པ་ལ་ ། དོན་དག་འགྲུབ་ཅེས་ལ་)འདི་ཅོག་འདྲ་འོངས་པ་ཡིན་པ།
23 ལྟོས་དང་། བུ་མོ་ཤར་མ་གཅིག་གི་གཟུགས་པོ་ལ་སྐྱེ་ཅེས་བྱས་ཏེ་བུ་གཅིག་སྐྱེ་ཅེས་ནུག
དེ་ནས་མི་ཡ་གིས་ཁོ་ལ་ཨིམ་མྰ་ནུ་ཨལ་སྨྲ་ཅེས་ནུག
༼ཨིམ་མྰ་ནུ་ཨལ་སྨྲ་མཁན་དེ། ཨལ་ལོ་ཧིམ་འོ་རང་མཉམ་པོ་བསྡད་དེ་ཡོད་པ་སྨྲས་ཏེ་སྨྲས་པ་ཡིན་པ།༽
24 དེ་ནས་ཡོ་སེབ་གཉིད་སད་སད་པ་ལ་(གཉིད་སད་དེ་འགབ་ལས་)ཡ་ཝྰེའི་ལོན་སྐྱེལ་མཁན་གྱིས་རྨི་ལམ་ལ་སྨྲས་པའི་སྐད་ཆ་ལ་ཉན་ཏེ་མིར་ཡམ་རང་མཉམ་པོ་འཇོག་ཟིན། 25 ཡིན་ནས་མོ་ལ་སྔོན་སྐྱེས་པ་མ་སྐྱེས་ཐུག་ཁོ་མོ་མཉམ་པོ་ལུས་འབྲེལ་མ་བྱས། བུ་སྐྱེས་སྐྱེས་པ་ལ་(བུ་སྐྱེས་ཏེ་འགབ་ལས་)ཡོ་སེབ་ཀྱིས་འོ་བུའི་མིང་ལ་ཡེ་ཤུ་༼ཡེ་ཧོ་ཤུ་ཝ་༽སྨྲས་ཏེ་འདོགས་ཟིན།། །།