སྐུ་ཚབ་ཡ་གི་བྱ་བ་ལེའུ་ལྔ་པ།

ཨ་ནན་ཡྰ་དང་སབ་ཕི་རྰའི་སྐད་ཆ།

༡ ཡེ་ཤུ་པའི་ནང་ལ་ཨ་ནན་ཡྰ་སྨྲ་མཁན་གྱི་མི་གཅིག་ཡོད་མཁན། ཁོའི་ཆུང་མའི་མིང་སབ་ཕི་རྰ་ཡིན་མཁན། ཁོང་གཉིས་ཀྱིས་ཀྱང་རང་གི་ཞིང་གཅིག་འཚོང་ཟིན། ༢ དེ་ནས་ཁོང་གཉིས་འགྲིགས་ཏེ་ཞིང་བཙོངས་པའི་ཊང་ཀ་སུད་པ་ཞིག་ཁ་འཛུམ་པ་བྱས་ཏེ་རང་གི་ཆེད་དུ་སྦས་འཇོག་ཟིན། དེ་ནས་ཊང་ཀ་གཞན་པ་དེ་ཨ་ནན་ཡྰས་ཁྱེར་ཏེ་སྐུ་ཚབ་ཡ་གི་མདུན་ལ་འཇོག་ཟིན། ༣ དེ་ནས་པེ་ཏྲོས་ཁོ་ལ། ཨེ་ཨ་ནན་ཡྰ། ཅི་ལས་སྰ་ཏན་ལ་རང་གི་སེམས་ལ་འཇུག་བཅུག་སྟེ་རྣམ་པར་དག་པའི་ཐུགས་ལ་རྫུན་བརྒྱབ་སྟེ་ཞིང་བཙོངས་པའི་ཊང་ཀ་སུད་པ་ཞིག་ཁ་འཛུམ་པ་བྱས་ཏེ་རང་གི་ཆེད་དུ་འཇོག་ཟིན། ༤ ཞིང་མ་བཙོངས་ཡོད་ན་(ཞིང་མ་བཙོངས་པ་དང་ ། ཞིང་མ་བཙོངས་པའི་སྔོན་ལ་)འོ་ཞིང་ཁྱོད་དེ་རང་ཡིན་མཁན། ཞིང་བཙོངས་ཏེ་ལས་ཀྱང་འོ་ཊང་ཀ་ཁྱོད་དེ་རང་ཡིན་མཁན། སྟེར་ན་ཡང་འགྲིག་ཅེས་ཡོད་མཁན། མི་སྟེར་ན་ཡང་འགྲིག་ཅེས་ཡོད་མཁན། ཁྱོད་ཀྱིས་ཅི་ལས་འདི་ཅོག་འདྲ་བསམ་བློ་བཏང་བ། ཁྱོད་ཀྱིས་མི་ཡ་ལ་མིན་པ། ཡིན་ནས་ཨལ་ལོ་ཧིམ་ལ་རྫུན་བརྒྱབ་པ་ཡིན་མཁན། སྨྲས་ཏེ། པེ་ཏྲོས། ༥ པེ་ཏྲོས་ཀྱི་སྐད་ཆ་ཐོས་ལོང་མེད་པ་རང་ཨ་ནན་ཡྰ་ས་ལ་རིལ་ཏེ་འཆི་ཟིན། འདི་སྐད་ཆ་ཐོས་མཁན་གྱི་མི་གང་པོ་འཇིགས་པོར་འཇིགས་ཟིན། ༦ དེ་ནས་ཤར་པ་ཡ་ལངས་ཏེ་ཁོའི་རོ་རས་ལ་བཏུམས་ཏེ་ཕྱི་ལོགས་ལ་ཁྱེར་ཏེ་བདོག་འཇོག་འགྲོ་ཟིན།།

༧ ཆུ་ཚོད་གསུམ་ཙམ་གྱི་རྗེས་ལ་(ཆུ་ཚོད་གསུམ་ཙམ་གྱི་འགབ་ལས་)ཨ་ནན་ཡྰའི་ཆུང་མ་ནང་ལ་འོང་ཟིན། ཁྱོ་ག་ཤི་བ་སྨྲས་ཏེ་མོ་ལ་རྒྱུས་མེད་པ་ཡོད་མཁན། (ཁྱོ་ག་ཤི་སྟེ་ཡོད་མཁན་སྨྲས་ཏེ་མོ་ལ་རྒྱུས་མེད་པ།) ༨ དེ་ནས་པེ་ཏྲོས་མོ་ལ། ང་ལ་སྨྲོས་གནང་། ཁྱེད་གཉིས་ཀྱིས་འདི་ཙམ་ཊང་ཀ་ལ་རང་ཞིང་བཙོངས་པ་ཡིན་མཁན་ནམ། སྨྲས་ཏེ། ཡིན་མཁན། འོ་ཙམ་ལ་རང་ཡིན་མཁན། སྨྲས་ཏེ། མོས་ཀྱིས། ༩ དེ་ནས་པེ་ཏྲོས་མོ་ལ། ཁྱེད་གཉིས་ཀ་རང་གིས་ཡ་ཝྰེའི་རྣམ་པར་དག་པའི་ཐུགས་ལ་ཅི་ལས་ཉམས་ཚོད་བྱེད་ཅེས་བཙོལ་བ། (ཉམས་ཚོད་བྱེད་ཅེས་བཙོལ་བ་ཡིན་མཁན། ། ཉམས་ཚོད་བྱེད་ཅེས་བཙོལ་ཡོད།) ལྟོས། ཁྱོད་ཀྱི་ཁྱོ་གའི་རོ་བདོག་འགྲོ་མཁན་གྱི་མི་ཡ་འོངས་ཏེ་ད་ལྟ་ཁོང་རྒྱལ་སྒོ་ལ་སླེབས་ནུག  ཁོང་གིས་ཁྱོད་ལ་འོ་འདྲ་བྱས་ཏེ་ཕྱི་ལོགས་ལ་ཁྱེར་ཏེ་བདོག་མཁན། སྨྲས་ཏེ། པེ་ཏྲོས། ༡༠ དེ་ནས་མོ་ལམ་སང་རང་པེ་ཏྲོའི་མདུན་ལ་རིལ་ཏེ་འཆི་ཟིན། ཤར་པ་ཡ་ནང་ལ་འོངས་ཏེ་མོ་ལ་ཤི་བ་མཐོང་སྟེ་(མོ་ལ་འཆི་ཟིན་པ་མཐོང་སྟེ་)མོ་ལ་ཡང་ཁྱེར་ཏེ་མོ་རང་གི་ཁྱོ་གའི་ཟུར་ལ་བདོག་འཇོག་ཟིན། ༡༡ འོ་སོང་བས་འཛོམ་དེ་གང་པོ་(ཡེ་ཤུ་ལ་བློ་འགེལ་མཁན་གྱི་འཛོམ་མཁན་གྱི་མི་གང་པོ་)དང་འོ་སྐད་ཆ་ཐོས་མཁན་གྱི་མི་གཞན་པ་གང་པོ་ཡང་འཇིགས་པོར་འཇིགས་ཟིན།།

ཨལ་ལོ་ཧིམ་གྱིས་བྱིན་གྱིས་བརླབས་པ།

༡༢ སྐུ་ཚབ་ཡ་གིས་ཡ་རུ་ཤ་ལེམ་གྱི་མི་ཡ་གི་བར་དཀྱིལ་ལ་ལས་ཀ་ཡ་མཚན་ཆེ་བ་མང་མོ་བྱས་ཏེ་(ཧང་སང་ཅེས་ཀྱི་ལས་ཀ་མང་མོ་བྱས་ཏེ་)རྟགས་མང་མོ་སྟོན་གོ་ཡོད་མཁན། ཡེ་ཤུ་ལ་བློ་འགེལ་མཁན་གྱི་མི་གང་པོ་བློ་གཅིག་ལ་འགྲིགས་ཏེ་(སེམས་པ་གཅིག་པ་བྱས་ཏེ་། ། བློ་སེམས་གཅིག་མཐུན་ཏེ་)ཡ་ཧུ་དྰ་པའི་མཆོད་ཁང་གི་སོ་ལོ་མོན་སྨྲ་མཁན་གྱི་ཀ་བའི་གྲལ་བསྟར་ལ་འཛོམ་གོ་ཡོད་མཁན། ༡༣ མི་གཞན་པ་ཡ་གིས་འཛོམ་མཁན་གྱི་མི་ཡ་མཉམ་པོ་མཐུན་པོ་བྱེད་ཅེས་ལ་འཇིགས་ཟིན། ཡིན་ནས་འོ་མི་ཡ་གིས་ཁོང་ལ་བརྩི་བཀུར་བྱེད་ཀོ་ཡོད་མཁན། ༡༤ དེ་ནས་ཡེ་ཤུ་ལ་བློ་འགེལ་མཁན་གྱི་སྐྱེས་པ་དང་བུད་མེད་ཡ་གི་གྲངས་ལ་ཕེལ་ཏེ་མང་འགྲོ་མང་འགྲོ་འགྲོ་ཟིན། (དེ་ནས་སྐྱེས་པ་དང་བུད་མེད་གཉིས་ཀ་རང་གིས་ཡེ་ཤུ་པའི་འཛོམ་ལ་ཁན་འབོག་ཅེས་འཛུགས་ཟིན།) ༡༥ མི་ཡ་གིས་ནད་པ་ཡ་ལ་འཁྱེར་འོངས་ཏེ་(སྐྱ་འོངས་ཏེ་)ལམ་གྱི་རྩར་ཟུར་ལ་གདན་བཏིང་སྟེ་བསྙལ་འཇོག་འོ་ཡོད་མཁན། ཅི་ལས་སྨྲ་ན་པེ་ཏྲོ་འོ་ལས་འགྲོ་བ་དང་(འགྲོ་མཁན་གང་ལ་)པེ་ཏྲོའི་གྲིབ་ནག་ཞིག་སླེབ་ན་ཡང་ཁོང་དྲག་མཁན་སྨྲས་ཏེ་རེ་བ་བྱེད་ཀོ་ཡོད་མཁན། ༡༦ ཡ་རུ་ཤ་ལེམ་གྱི་རྩར་ཟུར་ལ་སྡོད་མཁན་གྱི་མི་ཡ་གིས་ཀྱང་ནད་པ་དང་འདྲེ་ཞུགས་པའི་མི་ཡ་ལ་འཁྱེར་འོང་ཟིན། དེ་ནས་ཁོང་གང་པོ་དྲག་ཟིན།། 

སྐུ་ཚབ་ཡ་ལ་སྡུག་པོ་བསྟེར་བ།

༡༧ དེ་ནས་ཡ་ཧུ་དྰ་པའི་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེ་བ་༼མཆོད་དཔོན་ཆེ་བ་༽དང་ཁོའི་སྰ་ཅུ་སེ་པའི་རོགས་ཡ་གིས་སྐུ་ཚབ་ཡ་ལ་འཇིགས་པོར་ཕྲག་དོག་བྱེད་ཟིན། ༡༨ དེ་ནས་ཁོང་གིས་སྐུ་ཚབ་ཡ་ལ་བཟུང་སྟེ་བཙོན་ཁང་ལ་འཇུག་ཟིན། ༡༩ ཡིན་ནས་འོ་དགོང་མོ་ལ་ཡ་ཝྰེའི་ལོན་སྐྱེལ་མཁན་གཅིག་འོངས་ཏེ་བཙོན་ཁང་གི་སྒོ་ཕྱེ་སྟེ་སྐུ་ཚབ་ཡ་ལ་ཕྱི་ལོགས་ལ་ཁྱེར་ཏེ་ཁོང་ལ། ༢༠ སོང་། ཁྱེད་མཆོད་ཁང་ལ་ཕྱིན་ཏེ་ཡེ་ཤུའི་ཚེ་མཐའ་མེད་པ་སྟེར་མཁན་གྱི་སྐད་ཆ་གང་པོ་ཤོད་ཏོང་། སྨྲས་ཏེ། ཨལ་ལོ་ཧིམ་གྱི་ལོན་སྐྱེལ་མཁན་གྱིས། ༢༡ དེ་ནས་སྐུ་ཚབ་ཡ་གིས་འོ་སྐད་ཆ་ལ་ཉན་ཏེ་སྔ་དྲོ་རང་མཆོད་ཁང་ལ་ཕྱིན་ཏེ་མི་ཡ་ལ་སློབ་ཟིན།

ཡ་ཧུ་དྰ་པའི་མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེ་བ་༼མཆོད་དཔོན་ཆེ་བ་༽དང་ཁོའི་རོགས་ཡ་གིས་གྲོས་མི་གང་པོ་ལ་འཛོམས་ཏེ་སྡོད་མཁན་གྱི་ས་ཆ་ལ་སྐད་རྒྱབ་ཟིན། དེ་ནས་ཁོང་གིས་མཆོད་ཁང་གི་སྲུང་དམག་ཡ་ལ་བཙོན་ཁང་ལ་བཅུག་པའི་མི་ཡ་ལ་ཁྱེར་ཤོག་སྨྲས་ཏེ་རྫོང་ཟིན། ༢༢ བཙོན་ཁང་ལ་ཕྱིན་ཏེ་ལྟ་བ་དང་(ལྟ་མཁན་གང་ལ་)སྐུ་ཚབ་ཡ་མི་འདུག  དེ་ནས་ལོག་ཕྱིན་ཏེ་གྲོས་མི་གང་པོ་ལ། ༢༣ བཙོན་ཁང་གི་སྒོ་ནི་ཡག་པོ་བྱས་ཏེ་བརྒྱབ་སྟེ་ནུག  སྒོ་སྲུང་མཁན་ཡ་ཡང་སྒོ་ཡ་ལ་ལངས་ཏེ་བསྡད་དེ་ནུག  ཡིན་ནས་སྒོ་ཕྱེ་སྟེ་ལྟ་བ་དང་(ལྟ་མཁན་གང་ལ་)ནང་ལ་ནི་སུ་ཡང་མི་འདུག  སྨྲས་ཏེ། མཆོད་ཁང་གི་སྲུང་དམག་ཡ་གིས། ༢༤ འདི་སྐད་ཆ་ཐོས་ཟིན་པ་དང་མཆོད་ཁང་གི་སྲུང་དམག་དཔོན། མཆོད་པ་འབུལ་མཁན་གྱི་ལེ་ཝི་ཆེ་བ་༼མཆོད་དཔོན་ཆེ་བ་༽དང་ལེ་ཝི་ཆེན་མོ་ཡ་༼མཆོད་དཔོན་ཆེ་མོ་ཡ་༽མགོ་འཐོམ་ཟིན། ཁོང་གིས་ཅི་འགྲོ་འོ་ཡོད་མཁན་སྨྲས་ཏེ་བསམ་བློ་གཏོང་མ་ཁུགས། ༢༥ འོའི་རྗེས་ལ་མི་གཅིག་འོངས་ཏེ་ཁོང་ལ། ལྟོས་ཨ། ཁྱེད་ཀྱིས་བཙོན་ཁང་ལ་བཅུག་པའི་མི་ཡ་ནི་མཆོད་ཁང་ལ་ལངས་ཏེ་མི་ཡ་ལ་སློབ་ཀོ་ནུག  སྨྲས་ཏེ། ༢༦ དེ་ནས་མཆོད་ཁང་གི་སྲུང་དམག་ཡ་རང་གི་སྲུང་དམག་དཔོན་མཉམ་པོ་ཕྱིན་ཏེ་སྐུ་ཚབ་ཡ་ལ་དྲག་མ་བཏང་བར་བྱས་ཏེ་ཁྱེར་ཏེ་འོང་ཟིན། དྲག་བཏང་སྟེ་འཁྱེར་ན་མི་ཡ་གིས་ཁོང་ལ་རྡོས་བརྒྱབ་སྟེ་གསོད་མཁན་ནི་སྨྲ་མཁན་གྱི་འཇིགས་པ་ཡོད་མཁན། (སྨྲས་ཏེ་ཁོང་འཇིགས་ཟིན།) 

༢༧ དེ་ནས་ཁོང་གིས་སྐུ་ཚབ་ཡ་ལ་གྲོས་མི་གང་པོའི་མདུན་ལ་འཁྱེར་འོང་ཟིན། དེ་ནས་ལེ་ཝི་ཆེ་བས་ཀྱིས་ཁོང་ལ། ༢༨ ངེད་ཀྱིས་ཁྱེད་ལ་ཡེ་ཤུའི་མིང་ལ་སུ་ལ་ཡང་ཅི་ཡང་མ་སློབ་སྨྲས་ཏེ་བཀའ་བསྟེར་ཏེ་ཡིན་མཁན་ནམ། ཡིན་པ་ནི་མིན་པ། ལྟོས། ཁྱེད་ཀྱིས་ནི་རང་གི་བསྟན་པ་ཡ་རུ་ཤ་ལེམ་གང་པོ་ལ་འགྲེམ་ཟིན་ནུག  ད་རུང་། ཁྱེད་ཀྱིས་འོ་ཡེ་ཤུ་ལ་བསད་པའི་ཉེས་པ་(གནོད་འཚེ་)ངེད་ཀྱི་ཐོག་ལ་འགེལ་ཅེས་འཚོལ་གོ་ནུག  སྨྲས་ཏེ། ལེ་ཝི་ཆེ་བས་ཀྱིས། 

༢༩ དེ་ནས་པེ་ཏྲོ་དང་སྐུ་ཚབ་གཞན་པ་ཡ་གིས་ཁོང་ལ། མིས་སྨྲས་པའི་སྐད་ཆ་ལ་མིན་པ། ཡིན་ནས་ངེད་ཀྱིས་ཨལ་ལོ་ཧིམ་གྱིས་སྨྲས་པའི་སྐད་ཆ་ལ་ཉན་དགོས་མཁན། ༣༠ ཁྱེད་ཀྱིས་ཡེ་ཤུ་ལ་རྒྱངས་ཤིང་ལ་དཔྱངས་ཏེ་གསོད་འཇུག་ཟིན། ཡིན་ནས་འོ་རང་གི་མེས་མེས་ཡང་མེས་ཡ་གིས་(གོང་མའི་མེས་མེས་ཡ་གིས་)ཡིད་ཆེས་བྱས་པའི་ཨལ་ལོ་ཧིམ་གྱིས་ནི་ཡེ་ཤུ་ལ་གསོན་པོར་ལང་འཇུག་ཟིན། (གསོན་པོར་བསླངས་ཏེ་ཡོད་མཁན།) ༣༡ དེ་ནས་ཐར་པ་འཇུག་མཁན་དང་རྒྱལ་པོ་བྱེད་མཁན་དེ་བཟོས་ཏེ་རང་མཉམ་པོ་རང་གི་གཡས་ངོས་ལ་(གཡས་ཕྱོགས་ལ་)སྡོད་འཇུག་ཟིན། ཡིས་ར་ཨལ་པ་ཡ་ལ་འགྱོད་པ་དང་ངོ་ལོག་བསལ་བ་དེ་སྟེར་ཅེས་ཀྱི་ཆེད་དུ་ཨལ་ལོ་ཧིམ་གྱིས་འདི་ཅོག་འདྲའི་ལས་ཀ་བྱས་པ་ཡིན་པ། ༣༢ འདི་སྐད་ཆ་དང་དོན་རྐྱེན་ཡ་ལ་ངེད་ཀྱང་དཔང་པོ་ཡིན་མཁན། ཨལ་ལོ་ཧིམ་གྱིས་རང་གི་ཁ་ལ་ཉན་མཁན་ཡ་ལ་(རང་གི་བཀའ་ཉན་མཁན་ཡ་ལ་)བསྟེར་ཡོད་མཁན་གྱི་རྣམ་པར་དག་པའི་ཐུགས་ཀྱིས་ཀྱང་འདི་སྐད་ཆའི་དཔང་པོ་སྟེར་ཀོ་ཡོད་མཁན། སྨྲས་ཏེ། སྐུ་ཚབ་ཡ་གིས།། 

༣༣ འདི་སྐད་ཆ་ཐོས་ཏེ་འཛོམས་པའི་མི་ཡ་གིས་༼གྲོས་མི་གང་པོས་ཀྱིས་༽ཞེ་སྡང་གིས་མིག་རང་མ་མཐོང་སྟེ་ཚད་མེད་པའི་ཞེ་སྡང་ལངས་ཏེ་སྐུ་ཚབ་ཡ་ལ་གསོད་ཅེས་ཀྱི་སེམས་སྐྱེ་ཟིན། (གསོད་ཅེས་ཀྱི་འདོད་པ་བྱེད་ཟིན།) ༣༤ གྲོས་མི་གང་པོའི་ནང་ལ་གྰ་མ་ཨལ་སྨྲ་མཁན་གྱི་བཀའ་ཁྲིམས་ཀྱི་སློབ་དཔོན་གཅིག་ཡོད་མཁན། ཁོ་༼བཀའ་ཁྲིམས་ཚ་འདེ་བྱས་ཏེ་སློབ་མཁན་གྱི་༽ཕ་རུ་ཤི་པ་ཁྱུའི་ནང་དེ་ཡིན་མཁན། མི་གང་པོས་ཀྱིས་ཁོ་ལ་རྩིས་བྱེད་ཀོ་ཡོད་མཁན། དེ་ནས་གྰ་མ་ཨལ་ལངས་ཏེ་ཁོང་ལ། འོ་མི་ཡ་ཏོག་ཙམ་ཞིག་གི་ཕྱི་ལོགས་ལ་འགྲོ་ཆུག  སྨྲས་ཏེ། ༣༥ དེ་ནས་གྰ་མ་ཨལ་གྱིས་འཛོམས་པའི་མི་ཡ་ལ། ཨེ་ཡིས་ར་ཨལ་གྱི་རོགས་ཡ། འོ་མི་ཡ་ལ་ཁྱེད་ཀྱིས་ཅི་བྱེད་ཅེས་བྱེད་པ། (ཅི་བྱེད་ཅེས་འཚོལ་བ།) འཛེམ་པར་བྱེད་ཏོང་། ༣༦ ལོ་ཁ་ཤས་ཀྱི་གདོང་ལ་(ལོ་ཁ་ཤས་ཀྱི་སྔོན་ལ་)ཐེའུ་དྰ་སྨྲ་མཁན་གྱི་མི་གཅིག་ཁོ་རང་ཆེན་མོ་ཡིན་མཁན་སྨྲས་ཏེ་འཐོན་ཟིན། དེ་ནས་མི་བཞི་བརྒྱ་ཙམ་ཁོ་ལ་རྗེས་སྙེགས་ཟིན། (ཁོའི་རྗེས་ལ་འགྲོ་ཟིན།) འགབ་ལས་(རྗེས་ལ་)དགྲ་ཡ་གིས་ཁོ་ལ་གསོད་ཟིན། དེ་ནས་ཁོ་ལ་རྗེས་སྙེགས་མཁན་གྱི་མི་ཡ་(ཁོའི་རྗེས་ལ་འགྲོ་མཁན་གྱི་མི་ཡ་)རྦད་འཐོར་འགྱེ་འཐོར་(ཕར་ལ་ཚུར་ལ་)ཕྱིན་ཏེ་ཁོའི་མིང་བསྟངས་ཏེ་འགྲོ་ཟིན། ༣༧ འོའི་རྗེས་ལ་ག་ལིལ་གྱི་ཡུ་དྰ་སྨྲ་མཁན་གྱི་མི་གཅིག་མིའི་གྲངས་རྩིས་སྡུད་མཁན་གྱི་དུས་ཚོད་ལ་༼རོ་མ་པའི་མི་འབོར་སྡོམ་རྩིས་རྒྱབ་མཁན་གྱི་དུས་ཚོད་ལ་༽འཐོན་འོངས་ཏེ་མི་མང་མོས་ཁོ་ལ་རྗེས་སྙེགས་ཟིན། (ཁོའི་རྗེས་ལ་འགྲོ་ཟིན།) དེ་ནས་ཁོ་ལ་ཡང་བསད་དེ་འགབ་ལས་(བསད་བསད་པ་ལ་)རྗེས་སྙེགས་མཁན་གྱི་མི་ཡ་(རྗེས་ལ་འགྲོ་མཁན་གྱི་མི་ཡ་)རྦད་འཐོར་འགྱེ་འཐོར་(ཕར་ལ་ཚུར་ལ་)འགྲོ་ཟིན། ༣༨ འོ་སོང་བས་ངའི་སྐད་ཆ་ལ་ཉན་དོང་། འོ་མི་ཡ་ལ་ཅི་ཡང་མ་བྱེད། ཁོང་ལ་གློད་གཏོང་རྫོང་དོང་། ལྟ་དོང་། འདི་སྐད་ཆ་ཁོང་རང་གིས་རང་བཟོས་པ་ཡིན་ན་ཁོང་རང་རང་སྟོར་ཏེ་འགྲོ་མཁན། ༣༩ ཡིན་ནས་ཨལ་ལོ་ཧིམ་ལས་དབང་འབྱོར་ཏེ་བྱས་པ་ཡིན་ན་ནི་ཁྱེད་ཀྱིས་འདི་མི་ཡ་ལ་སྒུག་མི་ཁུག་མཁན། གལ་སྲིད་སྒུག་ཅེས་བྱེད་ན་ཁྱེད་ཀྱིས་ཨལ་ལོ་ཧིམ་ལ་དགྲ་བྱས་པ་སྨྲས་ཏེ་ངོ་ཤེས་མཁན། སྨྲས་ཏེ། གྰ་མ་ཨལ་གྱིས། 

༤༠ དེ་ནས་འཛོམས་པའི་མི་ཡ་གིས་གྰ་མ་ཨལ་གྱི་སྐད་ཆ་ལ་ཉན་ཟིན། ཡིན་ནས་ཁོང་གིས་སྐུ་ཚབ་ཡ་ལ་ནང་ལ་སྐད་བརྒྱབ་སྟེ་མཆོད་ཁང་གི་སྲུང་དམག་ཡ་ལ་བསྐུལ་ཏེ་རྡུང་འཇུག་ཟིན། དེ་ནས་སྐུ་ཚབ་ཡ་ལ། ད་ལས་འཛུགས་ལ་ཡེ་ཤུའི་མིང་གི་སྐོར་ལ་གཉིས་པར་སུ་ལ་མ་སྨྲ། སྨྲས་ཏེ། ༤༡ དེ་ནས་ཉེ་གནས་ཡ་གྲོས་མི་གང་པོའི་ས་ཆ་ལས་ཕྱི་ལོགས་ལ་ཐོན་ཏེ་འགྲོ་ཟིན། ཨལ་ལོ་ཧིམ་གྱིས་ཁོང་ལ་ཡེ་ཤུའི་མིང་ལ་སྡུག་པོ་མྱངས་ཏེ་མིའི་སྐྱོན་འདོགས་མཁན་དེ་ཉན་ཅེས་ལ་འདམས་པ་སོང་བས་ཁོང་གི་དགེ་བ་བྱེད་ཟིན། ༤༢ དེ་ནས་ཉི་མ་རྟགས་པར་མཆོད་ཁང་དང་མི་ཡ་གི་ཁྱིམ་ཁྱིམ་ལ་ཕྱིན་ཏེ་ཡེ་ཤུ་རང་དབང་སྐུར་ཐོབ་པ་ཡིན་མཁན་སྨྲས་ཏེ་ལོན་བཟང་སློབ་ཅེས་དང་ཤོད་ཅེས་མ་དབྱུག ། །།

Your encouragement is valuable to us

Your stories help make websites like this possible.