བཀའ་ཁྲིམས་གཏོང་མཁན་གྱི་དགེ་རྒན་དང་ཕ་རི་སི་ཡ་གིས་བྱེད་མཁན་ཅོག་འདྲ་མ་བྱེད།
༡ དེ་ནས་ཡེ་ཤུས་ཀྱིས་མི་བུངས་(མི་མང་)དང་རང་གི་ཉེ་གནས་ཡ་ལ། ༢ བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གིས་ནི་མོ་ཤེའི་དབང་བླངས་ཏེ་བཀའ་ཁྲིམས་ཀྱི་བཀའ། ཁྲིམས་ཡ་བསླབས་སྟེར་མཁན། ༣ འོ་སོང་བས་ཁྱེད་ཀྱིས་ཁོང་གིས་བསླབས་པའི་སྐད་ཆ་ཡ་ལ་ཉན་ཏེ་ཁོང་གིས་སྨྲ་མཁན་ཅོག་འདྲ་བྱེད་དགོས་མཁན། ཡིན་ནས། ཁོང་གིས་བྱེད་མཁན་ཅོག་འདྲ་ཁྱེད་ཀྱིས་མ་བྱེད། ཅི་ལས་སྨྲ་ན། མི་ལ་བསླབས་སྟེར་མཁན་ཅོག་འདྲ་ཁོང་རང་གིས་རང་(རང་གིས་དེ་)མི་བྱེད་པས། ༤ ཁོང་གིས་མི་གཞན་པ་ལ་ཁུར་པོ་ལྕི་འདེ་ལྕི་འདེ་ཡ་འགེལ་གོ་ནུ། ཡིན་ནས་རང་གིས་དེ་ཁུར་པོ་འཁུར་ཅེས་ནི་ཕར་རང་ཞོག (ཕར་ཞོག) ལག་པ་མཛུབ་མོས་ཀྱང་མི་འདེག་པས། ༥ ལས་ཀ་ཡག་པོ་བྱེད་མཁན་གང་ལ་(ལས་ཀ་ཡག་པོ་བྱེད་པ་དང་)མི་ཡ་གིས་མཐོང་འཇུག་སྨྲས་ཏེ་བྱེད་མཁན། (མི་ཡ་གིས་མཐོང་འཇུག་ཅེས་ལ་བྱེད་མཁན།) ཁོང་གིས་༼དཔྲལ་བ་དང་ལག་པ་པུང་པ་ལ་བཏགས་འཇོག་མཁན་གྱི་བཀའ་ཁྲིམས་ཀྱི་བཀའ་ཡ་བྲིས་ཏེ་བླུགས་བཞག་པའི་༽ཁུག་མ་ཡ་ཆེན་པོ་ཆེན་པོ་བཟོས་ཏེ་འདོགས་འོ་ནུ། དེ་ནས་གཡོགས་མ་ལ་ཆུན་པོ་ཡ་རིང་པོ་རིང་པོ་བྱས་ཏེ་དཔྱང་གོ་ནུ། ༦ མགྲོན་པོ་ཟ་མཁན་གྱི་ས་ཆ་དང་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཐོག་མའི་གྲལ་ལ་སྡོད་ཅེས་འཚོལ་གོ་ནུ། ༧ ཚོང་ཁྲོམ་ལ་སྐོར་བ་རྒྱབ་འགྲོ་མཁན་གང་ལ་(འགྲོ་བ་དང་)མི་ཡ་གིས་ཁོང་ལ་སྟོན་པ་སྨྲས་ཏེ་རྩིས་བྱས་ཏེ་མཇལ་བ་དེ་ཡག་པོ་གནས་ཀོ་ནུ།། (མཇལ་བ་དེ་ཡག་པོ་ཤེས་ཀོ་ནུ།།)
༨ ཁྱེད་ལ་སུས་ཀྱང་སྟོན་པ་སྨྲ་མ་འཇུག ཅི་ལས་སྨྲ་ན་ཁྱེད་གང་པོ་རང་ཨ་པོ་འོག་མ་ཡ་ཡིན་པ། ཁྱེད་ཀྱི་དཔོན་པོ་གཅིག་པོ་གཅིག་རང་ཡོད་པ། འོ་དེ་དབང་སྐུར་ཐོབ་པ་རང་ཡིན་པ། ༩ འདི་འཛམ་བུ་གླིང་ལ་རང་གི་ཨ་ཕ་ལ་མིན་པ། སུ་གཞན་པ་ལ་ཡང་ཨ་ཕ་མ་སྨྲ། ཁྱེད་ཀྱི་ཨ་ཕ་དེ་ནམ་མཁའ་ལ་སྡོད་མཁན་དེ་རང་ཡིན་པ། (འདི་འཛམ་བུ་གླིང་ལ་ཁྱེད་ཀྱིས་སུ་ལ་ཡང་ཨ་ཕ་མ་སྨྲ། ཅི་ལས་སྨྲ་ན་ཁྱེད་ཀྱི་ཨ་ཕ་གཅིག་རང་ཡོད་པ། ཁོ་ནི་ནམ་མཁའ་ལ་བསྡད་དེ་ཡོད་པ། (ནམ་མཁའ་ལ་བསྡད་ཡོད་པ།)) ༡༠ ཁྱེད་ལ་སུས་ཀྱང་དཔོན་པོ་སྨྲ་མ་འཇུག ཅི་ལས་སྨྲ་ན་ཁྱེད་ཀྱི་དཔོན་པོ་ནི་གཅིག་པོ་གཅིག་རང་ཡོད་པ། འོ་དེ་དབང་སྐུར་ཐོབ་པ་རང་ཡིན་པ། ༡༡ འོ་སོང་བས་ཁྱེད་ཀྱི་ནང་ལ་གང་པོ་སྨྲས་ཏེ་ཆེན་པོ་ཡོད་མཁན་དེ་གིས་(གང་པོ་ལས་ཆེ་བ་ཡོད་མཁན་དེ་གིས་)ཨ་པོ་འོག་མ་ཡ་ལ་ཞབས་ཕྱི་ཞུ་འཇུག ༡༢ རང་གི་རང་ལ་ཆེན་པོ་བཟོ་མཁན་དེ་ཆད་མ་འོང་ཅེས་ཡོད། རང་གི་རང་ལ་ཆད་མ་བཟོ་མཁན་དེ་ནི་ཆེན་པོ་འོང་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།།
བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་ལ་འཇིགས་དངང་བསྔོགས་པ།
༡༣ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས་སྨྲ་ཟིན།༽ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ་ཡིན་པ། ཁྱེད་ཡིན་མདོག་སྟོན་མཁན་གྱི་མི་ཡ་ནུ་བ། ནམ་མཁའི་རྒྱལ་སྲིད་ལ་འགྲོ་མཁན་གྱི་ལམ་ལ་ཁྱེད་ཀྱིས་ཚེར་མས་བཀག་འཇོག་འོ་ནུ། ཁྱེད་རང་ཡང་ནང་ལ་འཇུག་ཅེས་མི་འཚོལ་བས། དེ་ནས་ནང་ལ་འཇུག་ཅེས་འཚོལ་མཁན་གྱི་མི་ཡ་ལ་ཡང་འཇུག་མི་འཇུག་པས། ༡༤ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ། ཁྱེད་ཡིན་མདོག་སྟོན་མཁན་གྱི་མི་ཡ་ནུ་བ། ཁྱེད་ཀྱིས་ཡུན་རིང་པོ་བྱས་ཏེ་གསོལ་བ་འདེབས་རྫུན་ཞིག་སྟོན་གོ་ནུ། སྨྲ་ཅེས་སྨྲ་ན་ནི་ཁྱེད་ཀྱིས་ཁྱོ་ག་ཤི་བའི་བུད་མེད་ཡ་གི་རྒྱུའི་ཐོག་ལ་དབང་བྱས་ཏེ་ཟ་འོ་ནུ། (ཁྱེད་ཀྱིས་ཁྱོ་ག་ཤི་བའི་བུད་མེད་ཡ་གི་རྒྱུའི་ཐོག་ལ་དབང་བྱས་ཏེ་ཟ་འོ་ནུ། དེ་ནས་མི་ཡ་ལ་སྟོན་ཅེས་ལ་རིང་པོ་རིང་པོའི་གསོལ་བ་འདེབས་ཀོ་ནུ།) འོ་སོང་བས་ཨལ་ལོ་ཧིམ་གྱིས་ཁྱེད་ལ་ཉེས་པ་ཆེན་པོ་ཞིག་འགེལ་ཅེས་ཡོད།།
༡༥ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ། ཁྱེད་ཡིན་མདོག་སྟོན་མཁན་གྱི་མི་ཡ་ནུ་བ། མི་གཞན་པ་ལ་རང་གི་ཆོས་ལ་འཇུག་འཇུག་ཅེས་སྨྲས་ཏེ་ཁྱེད་རྒྱ་མཚོ་ཡང་བཅད་དེ་ཐག་རིང་པོ་རིང་པོའི་ས་ཆ་ལ་འགྲོ་འོ་ནུ། དེ་ནས་ཁྱེད་ཀྱི་ཆོས་ལ་ཞུགས་ཏེ་འགབ་ལས་(ཞུགས་ཞུགས་པ་ལ་)མི་ལ་ད་རུང་དམྱལ་བ་ལ་ཆུད་ཅེས་ཆུད་གཉིས་བཟོས་སྟེར་ཀོ་ནུ།།
༡༦ ཨེ་མི་ལ་ལམ་ནག་པོ་ལ་འཁྲིད་མཁན་ཡ། (ཨེ་ཞར་བའི་འགོ་པ་ཡ།) ཁྱེད་ལ་མཐོང་སྟེ་ངའི་སེམས་ན་འོ་ནུ། ཁྱེད་ཀྱིས། ཡ་ཧུ་དྰ་པའི་མཆོད་ཁང་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་ཟིན་སྨྲ་ན་(མནའ་སྐྱེལ་ན་)ཅི་ཡང་མི་འོང་མཁན། ཡིན་ནས་མཆོད་ཁང་གི་གསེར་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་ཟིན་སྨྲ་ན་ནི་(མནའ་སྐྱེལ་ན་ནི་)མནའ་ཟུག་མཁན། སྨྲས་ཏེ་སློབ་ཀོ་ནུ། ༡༧ ཁྱེད་ག་འདྲ་རིག་པ་མེད་པ་དང་ཕྱིར་ཤིག་གི་མི་ནུ་བ། (ཁྱེད་ག་འདྲ་ཞར་བ་དང་བླུན་པོ་ནུ་བ།) གང་དྲ་ཆེན་པོ། གསེར་ཆེན་པོ་ནི་འོ་གསེར་ལ་གཙང་མ་བཟོ་མཁན་གྱི་མཆོད་ཁང་ཆེན་པོ། སྨྲ་དོང་། ༡༨ གཉིས་པར། མཆོད་ཁྲི་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་ཟིན་སྨྲ་ན་(མནའ་སྐྱེལ་ན་)ཅི་ཡང་མི་འགྲོ་མཁན། ཡིན་ནས་མཆོད་ཁྲི་ལ་ཕུལ་བའི་མཆོད་པ་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་ཟིན་སྨྲ་ན་ནི་(མནའ་སྐྱེལ་ན་ནི་)མནའ་ཟུག་མཁན། སྨྲས་ཏེ་སློབ་ཀོ་ནུ། ༡༩ ཁྱེད་ག་འདྲ་ཕྱིར་ཤིག་གི་མི་ནུ་བ། (ཁྱེད་ག་འདྲ་ཞར་བ་དང་བླུན་པོ་ནུ་བ།) གང་དྲ་ཆེན་པོ། མཆོད་ཁྲི་ལ་ཕུལ་བའི་མཆོད་པ་ཆེན་པོ་ནི་འོ་མཆོད་པ་ལ་གཙང་མ་བཟོ་མཁན་གྱི་མཆོད་ཁྲི། ༢༠ མཆོད་ཁྲི་བཟུང་སྟེ་མནའ་སྐྱེལ་མཁན་དེ་གིས་ནི་མཆོད་ཁྲི་དང་མཆོད་ཁྲིའི་ཐོག་ལ་ཕུལ་བའི་མཆོད་པ་གང་པོ་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་མཁན་ཡིན་པ། ༢༡ འོ་ཅོག་འདྲ་བྱས་ཏེ་མཆོད་ཁང་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་མཁན་དེ་གིས་མཆོད་ཁང་ལ་དཔང་པོ་བཞག་སྟེ་གཅིག་རང་མིན་པ། མཆོད་ཁང་ལ་སྡོད་མཁན་གྱི་ཨལ་ལོ་ཧིམ་ལ་ཡང་དཔང་པོ་བཞག་སྟེ་མནའ་སྐྱེལ་མཁན་ཡིན་པ། ༢༢ ནམ་མཁའ་ལ་དཔང་པོ་བཞག་སྟེ་མནའ་སྐྱེལ་མཁན་དེ་གིས་ནམ་མཁའ་ལ་ཡོད་མཁན་གྱི་ཁྲི་ཡང་། དེ་ནས་ཁྲི་ལ་སྡོད་མཁན་གྱི་ཨལ་ལོ་ཧིམ་ལ་ཡང་དཔང་པོ་བཞག་སྟེ་མནའ་སྐྱེལ་མཁན་ཡིན་པ།།
༢༣ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ། ཁྱེད་ཁ་ཚོད་ཡིན་མདོག་སྟོན་མཁན་གྱི་མི་ཡ་ནུ་བ། ཁྱེད་ཀྱིས་ཕོ་ལོ་ལིང་། གོ་སྙོད་དང་ཟི་རའི་བཅུ་ཆ་གཅིག་༼བོགས་བཅུ་ལ་བོགས་གཅིག་༽ཨལ་ལོ་ཧིམ་ལ་འབུལ་ཅེས་ནི་འབུལ་གོ་ནུ། ཡིན་ནས་མི་གཞན་པ་ལ་དྲང་པོར་བྱེད་མཁན། སྙིང་རྗེ་བྱེད་མཁན་དང་བློ་འགེལ་ཁུག་མཁན་གྱི་སྤྱོད་གཤིས་བྱེད་མཁན། འོ་ཅོག་འདྲའི་བཀའ་ཁྲིམས་ཀྱི་བཀའ་ཆེ་ཤོས་ཡ་ནི་ཁྱེད་ཀྱིས་ཕར་རང་འཇོག་འོ་ནུ། (ཕར་འཇོག་འོ་ནུ།) ངས་སྨྲ་མཁན་གྱི་སྐད་ཆ། གདོང་གི་ལས་ཀ་ཡ་མ་བྱེད་སྨྲས་པ་མིན་པ། གདོང་གི་ལས་ཀ་ཡ་མཉམ་པོ་འགབ་ཀྱི་ལས་ཀ་ཡ་ཡང་མཉམ་པོ་མཉམ་པོ་བྱེད་ཏོང་སྨྲས་ཏེ་སྨྲས་པ་ཡིན་པ། ༢༤ ཨེ་མི་ལ་ལམ་ནག་པོ་ལ་འཁྲིད་མཁན་ཡ། (ཨེ་ཞར་བའི་འགོ་པ་ཡ།) ཁྱེད་ཀྱིས་འཐུང་ཆས་ལ་སྦྲང་བུ་ཞིག་སླེབ་ན་ཡང་འདོན་གོ་ནུ། རྔ་མོང་ལ་ནི་ཁྱེད་ཀྱིས་དོག་གེ་རང་མིད་རྫོང་གོ་ནུ།། (ཚང་བ་མིད་བྱེད་ཀོ་ནུ།།)
༢༥ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ། ཁྱེད་ཡིན་མདོག་སྟོན་མཁན་གྱི་མི། ཁྱེད་ཀྱིས་སྡེར་མ་དང་ཕོར་པ་ཡ་གི་ཕྱི་ལོགས་བདར་ཏེ་གཙང་མ་བཟོ་མཁན། ཡིན་ནས་སྡེར་མ་དང་ཕོར་པ་ལ་ཡོད་མཁན་གྱི་ལྟོ་ཆས་ནི་ཁྱེད་ཀྱིས་ངན་པ་བྱས་ཏེ་རང་འདོད་བཟོས་ཏེ་འཁྱོང་མཁན། ༢༦ ཨེ་སེམས་ཀྱི་མིག་གིས་མི་མཐོང་མཁན་གྱི་ཕ་རི་སི་ཡ། (ཨེ་ཞར་བའི་ཕ་རི་སི་ཡ།) གདོང་ལས་ཕོར་པའི་ནང་གཙང་མ་བཟོ་དོང་། དེ་ནས་ཕྱི་ལོགས་ཀྱང་གཙང་མ་འོང་ཅེས་ཡོད།།
༢༧ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ། ཁྱེད་ཡིན་མདོག་སྟོན་མཁན་ཡ། ཁྱེད་ས་དཀར་གྱི་ཐལ་བའི་དུར་ས་ཅོག་འདྲ་ཡིན་པ། འོ་དུར་ས་ཡ་ཕྱི་ལོགས་ལྟ་མཁན་གང་ལ་ནི་(ལྟ་བ་དང་ནི་)ཡག་པོ་མཐོང་མཁན། ཡིན་ནས་ནང་ལ་ནི་རུལ་བའི་རུས་ཁོག་དང་རྣམ་རྟོག་ལང་མཁན་གྱི་འབུ་ཡ་གིས་གང་བ་འོང་མཁན། ༢༨ འོ་ཅོག་འདྲ་བྱས་ཏེ་ཕྱི་ལོགས་ལྟ་མཁན་གང་ལ་(ལྟ་བ་དང་)ཁྱེད་མི་ཡ་གི་མདུན་ལ་དྲང་པོ་ཅོག་འདྲ་མཐོང་མཁན། ཡིན་ནས་སེམས་ཀྱི་ནང་ལ་དེ་ཡིན་མདོག་སྟོན་མཁན་དང་ངོ་ལོག་གིས་གང་བ་འོང་མཁན། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།།
ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་ལ་གསོད་མཁན་གྱི་མི་ལ་འཕོག་མཁན་གྱི་ཉེས་པ།
༢༩ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ ཁྱེད་བཀའ་ཁྲིམས་ཀྱི་དགེ་རྒན་དང་ཕ་རི་སི་ཡ་གི་དོན་དག་ལ་འདི་ག་འདྲ་སྡུག་པོའི་སྐད་ཆ། ཁྱེད་ཡིན་མདོག་སྟོན་མཁན་གྱི་མི། ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་ལ་མིང་འཇོག་ཅེས་སྨྲས་ཏེ་ཁྱེད་ཀྱིས་དུར་ས་ཆེན་པོ་ཡ་བཟོ་མཁན། དེ་ནས་དྲང་པོར་བྱེད་མཁན་གྱི་མི་ཡ་གི་བང་སོ་ཡ་བཅོས་མཁན། ༣༠ དེ་ནས་ཁྱེད་ཀྱིས། དང་པོ་འོ་རང་གི་མེས་མེས་ཡང་མེས་ཡ་གིས་ཨལ་གྱི་སྐད་ཆ་ཤོད་མཁན་ཡ་ལ་གསོད་ཟིན། འོ་ཙམ་གང་ལ་འོ་རང་ཡོད་པ་ཡིན་ན་ནི་འོ་རང་གིས་འོ་ལས་ཀ་ལ་མེས་མེས་ཡང་མེས་ཡ་གིས་ཕྱོགས་བྱེད་ཅེས་མེད་པ་ཡོད་མཁན། (ཡིན་ནས་ངེད་ཀྱང་ཁོང་མཉམ་པོ་ཡོད་མཁན་ཡིན་ན་ནི་ངེད་ཀྱིས་དེ་འོ་ཅོག་འདྲའི་ལས་ཀ་བྱེད་ཅེས་ལ་ཁོང་ལ་རོགས་རམ་བྱེད་ཅེས་མེད་པ་ཡོད་མཁན།) སྨྲས་ཏེ་སྨྲ་འོ་ནུ། ༣༡ འདི་ཅོག་འདྲ་སྨྲས་ཏེ་འགབ་ལས་(འདི་ཅོག་འདྲ་སྨྲས་སྨྲས་པ་ལ་)ཁྱེད་འོ་ཨལ་གྱི་སྐད་ཆ་ཤོད་མཁན་ཡ་ལ་གསོད་མཁན་གྱི་མི་ཡ་གི་བུ་རྒྱུད་ཡིན་པ་སྨྲས་ཏེ་ཁྱེད་རང་གིས་རང་སྒྲ་གསལ་གོ་ནུ། ༣༢ ད་ཁྱེད་ཀྱི་མེས་མེས་ཡང་མེས་ཡ་གིས་འགོ་བཙུགས་པའི་ལས་ཀ་ཚང་བ་བྱེད་ཏོང་།།
༣༣ ཨེ་ཁོག་པ་ནག་པོའི་བརྒྱུད་པ་ཡ། (ཨེ་སྦྲུལ་ཡ་དང་དུག་སྦྲུལ་གྱི་བརྒྱུད་པ་ཡ།) དམྱལ་བའི་མེ་ལས་ཁྱེད་ག་འདྲ་བྱས་ཏེ་ཐར་ཁུག་ཅེས། ༣༤ ཉན་དོང་། ངས་ཀྱང་ཨལ་གྱི་སྐད་ཆ་ཤོད་མཁན། རིག་ཤེས་ཆེན་པོ་ཡོད་མཁན་གྱི་སློབ་དཔོན་དང་དོན་དམ་གྱི་བཀའ་ཁྲིམས་ཀྱི་སློབ་དཔོན་ཡ་ལ་ཁྱེད་ཀྱི་རྩར་ལ་གཏོང་ཅེས་ཡོད། ཁོང་གི་ནང་ལ་ཁྱེད་ཀྱིས་རེ་འགའ་ལ་གསོད་ཅེས་ཡོད། རེ་འགའ་ལ་རྒྱངས་ཤིང་ལ་དཔྱང་ཅེས་ཡོད། རེ་འགའ་ལ་ནི་ཁྱེད་ཀྱིས་ཡ་ཧུ་དྰ་པའི་ཚོགས་ཁང་ཡ་ལ་ཁྱེར་ཏེ་རྡུང་གཏག་སྟེར་ཅེས་ཡོད། དེ་ནས་ཡུལ་ཆད་མ་གཅིག་ལས་ཡུལ་ཆད་མ་གཞན་པ་ཐུག་སྙེགས་ཅེས་ཡོད། ༣༥ འོ་སོང་བས་སྐྱོན་མེད་པའི་ཧ་བེལ་ཡིན་འཇུག་ཁྱོང་སྟེ་མཆོད་ཁང་གི་ར་བ་ལ་ཡོད་མཁན་གྱི་མཆོད་པ་འབུལ་མཁན་གྱི་མཆོད་ཁྲིའི་འགྲམ་ལ་བསད་པའི་བ་རག་ཡྰའི་བུ་ཟ་ཀར་ཡ་ཅོག་འདྲ་ལས་ཀ་ནོར་བ་བཞིག་པ་མ་བྱས་པའི་མི་ལ་གསོད་མཁན་གྱི་མིས་འཁུར་དགོས་མཁན་གྱི་ཉེས་པ་ཁྱེད་ཀྱིས་༼ཡིས་ར་ཨལ་གྱི་མི་ཡ་གིས་༽འཁུར་དགོས་ཅེས་ཡོད། ༣༦ ངས་སྨྲ་མཁན་གྱི་སྐད་ཆ་ལ་ཉན་ཏེ་ཞོག འོ་ལས་ཀ་ངན་པ་བྱས་པའི་ཉེས་པ་འདི་བརྒྱུད་པས་འཁུར་དགོས་ཅེས་ཡོད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།།
ཡེ་ཤུས་ཀྱིས་ཡ་རུ་ཤ་ལེམ་གྱི་དོན་དག་ལ་སེམས་ན་བ་བྱས་པ།
༣༧ ༼དེ་ནས་གཉིས་པར་ཡེ་ཤུས་ཀྱིས།༽ ཨེ་ཡ་རུ་ཤ་ལེམ་གྱི་མི་ཡ། ཁྱེད་ཀྱིས་ཨལ་ལོ་ཧིམ་གྱི་སྐད་ཆ་ཤོད་མཁན་ཡ་ལ་གསོད་ཀོ་ནུ། ཨལ་ལོ་ཧིམ་གྱི་ལོན་འཁྱོང་མཁན་ཡ་ལ་ཁྱེད་ཀྱིས་རྡོས་བརྒྱབ་སྟེ་གསོད་ཀོ་ནུ། བྱ་མོས་བྱ་མོའི་བེའུ་ཡ་ལ་བསྡུས་ཏེ་ཤོག་པས་འགེབས་མཁན་ཅོག་འདྲ་ངས་ཀྱང་ཁྱེད་ལ་ལན་མང་པོ་སྡུད་ཅེས་འཚོལ་ཟིན། ཡིན་ནས་ཁྱེད་ཀྱིས་ནི་མི་ཉན་པས། ༣༨ ལྟོས་ཨ། ད་ནི་ཨལ་ལོ་ཧིམ་གྱིས་ཁྱེད་ཀྱི་མཆོད་ཁང་ལ་དབྱུགས་འཇོག་ཅེས་ཡོད། ༣༩ ངས་ཁྱེད་ལ་སྨྲ་མཁན། ཡ་ཝེའི་མིང་ལ་འོང་མཁན་དེ་ལ་བསྟོད་སྒྲ་སྟེར་ཏོང་། སྨྲས་ཏེ་མ་སྨྲས་ཐུག་ཁྱེད་ཀྱིས་ང་ལ་གཉིས་པར་མཐོང་ཅེས་མེད། སྨྲས་ཏེ་ཡེ་ཤུས་ཀྱིས་སྨྲ་ཟིན།། །།